ThuOctThu2019

སྤེལ་དུས་མཐའ་མ།09:45:57 AM GMT

རྩོམ་གསར།:

བོད་ཀྱི་བྱེའུ་པུ་ཤུད། པུ་ཤུད་མ་ཡང་ཟེར།

བོད་ཀྱི་བྱེའུ་པུ་ཤུད། པུ་ཤུད་མ་ཡང་ཟེར།

གཟུགས་གཞིའི་ཁྱད་ཆོས།
པུ་ཤུད་ཀྱི་མགོ་ན་དམར་སེར་གྱི་ཟེ་སྒྲོ་ཡོད་པ་དང༌། ཟེ་སྒྲོའི་རྩེ་མོ་ནག་པོ་ཡིན་ལ་དེའི་སྟེང་དུ་ཁྲ་ཐིག་དཀར་བོ་ཙམ་ཡང་བབས་འདུག སྐེ་སྐོར་དང་བྲང་ངོས་ལི་ཁྲིའི་མདོག་ཡིན། སོག་མགོ་དང་རྒྱབ་གཞུང་གི་སྒྲོ་སྤུའི་ཁ་དོག་ཕུག་མདོག་ཡིན། རྐེད་པའི་སྒྲོ་སྤུའི་ཁ་དོག་དཀར་བོ་ཡིན། གཤོག་ཟུང་སྟེང་གི་སྒྲོ་སྤུ་ཕལ་ཆེར་ནག་པོ་ཡིན་ལ། སྒྲོ་སྤུ་ནག་པོའི་སྟེང་ལ་དཀར་ཐིག་གམ་སེར་ཐིག་བབས་ཡོད། གཤོག་སྒྲོའི་སྟེང་ན་འཕྲེད་དུ་བཅད་ཡོད་པའི་དཀར་ཐིག་ཅིག་མཆིས། བྲང་ངོས་ནས་གསུས་ངོས་སུ་སྒྲོ་མདོག་རིམ་བཞིན་དུ་དཀར་བོར་གྱུར་ཡོད་མོད། འོན་ཀྱང་དེའི་སྟེང་ལ་ཁྲ་ཐིག་ནག་པོ་ཅུང་ཙམ་འདྲེས་འདུག རྔ་རྩའི་སྒྲོ་མདོག་ཕལ་ཆེར་དཀར་བོ་ཡིན་ལ། རྔ་སྒྲོའི་རྩེ་མོ་དང་རྔ་སྒྲོ་ནག་པོ་ཡིན། རྔ་སྒྲོའི་བར་དཀྱིལ་ན་འཕྲེད་དུ་བཅད་ཡོད་པའི་དཀར་ཐིག་ཅིག་ཡོད། ཕོ་བྱའི་སྒྲོ་མདོག་མོ་བྱ་ལས་མིག་ལ་ཡག་པ་ཞིག་རེད།
ཁྱབ་ཡུལ།
བྱ་པུ་ཤུད་ནི་བྱ་ཁུ་བྱུག་དང་འདྲ་བའི་དབྱར་ཐོག་མ་གཏོགས་མདོ་དབུས་མཐོ་སྒང་ན་མཐོང་རྒྱུ་མེད་པའི་འདབ་ཆགས་ཀྱི་རིགས་ཤིག་ཡིན། དགུན་ཐོག་འབྲི་ཆུའི་སྨད་རྒྱུད་སོགས་ས་ཆ་དྲོ་ས་ན་གནས་འདུག
འཚོ་བའི་གོམས་གཤིས་དང་འཚོ་གནས་ཁོར་ཡུག
བྱ་པུ་ཤུད་ཀྱི་འཚོ་སྡོད་བྱེད་ས་ནི་མཚོ་ངོས་ལས་སྨིས4000ཡན་གྱི་གྲོང་འདབས་ཀྱི་སྤང་ཐང་དང་ཞིང་སྡེའི་འདབས་རོལ་གྱི་བྲག་སྲུབས་དང་གད་ཁུང་སོགས་ཡིན། རྫིང་ལུད་སོགས་ཡོད་ས་ན་འབུ་ཟོས་ཏེ་བསྡད་ཡོད། སྐྱེ་འཕེལ་བྱེད་དུས་ནི་དབྱར་ཟླ4བའི་ནང་ཡིན། རུམ་ཐེངས་རེར་བྱ་སྒོང4ནས་བྱ་སྒོང6རེ་རུམ་སྲིད།
ད་ཡོད་གནས་བབ།
བྱ་པུ་ཤུད་ནི་མིག་ལ་མཛེས་པའི་བྱ་ཞིག་ཡིན་པར་མ་ཟད། གནོད་འབུ་སོགས་ཟ་བ་ཡིན་པས། འགྲོ་བ་མིའི་རིགས་ཀྱི་གྲོགས་པོ་དང་སྐྱེ་ཁམས་དོ་མཉམ་ཡོང་བར་ཕན་ནུས་ཡོད་པའི་འདབ་ཆགས་ཀྱི་རིགས་ཤིག་ཡིན།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།