FriJulFri2019

སྤེལ་དུས་མཐའ་མ།09:45:57 AM GMT

རྩོམ་གསར།:

མཐོ་སྒང་གི་སྲོག་ཆགས་འབྲོང༌།

མཐོ་སྒང་གི་སྲོག་ཆགས་འབྲོང༌།

འབྲོང་ནི་མ་གཞི་རང་རྒྱལ་མདོ་དབུས་མཐོ་སྒང་གི་ཁྱད་འཕགས་སྲོག་ཆགས་ཤིག་ཡིན་ཞིང་མངོན་གསལ་ལྡན་པའི་མཐོ་སྒང་གི་གྲང་ངར་ཆེ་སའི་སྲོག་ཆགས་ཡིན། གཟུགས་གཞི་ཆེ་ཞིང་སུག་བཞི་ཐུང་བ་དང༌།   ནོར་ནག་ལས་ལྡབ2ནས3གྱིས་ཆེ་བ་ཡིན།   འབྲོང་མང་ཤོས་ཀྱི་སྤུ་ཁ་ནག་པོ་ཡིན་མོད།   འོན་ཀྱང་སྤུ་ཁ་སེར་པོ་ཡིན་པའི་འབྲོང་ཡང་ཡོད།
གཟུགས་གཞིའི་ཁྱད་ཆོས། 
གཟུགས་ཀྱི་རིང་ཚད་ནི་སྨིས་1.6ནས་སྨིས་2.2དང༌།   ལུས་ཀྱི་ལྗིད་ཚད་ནི་སྤྱི་རྒྱ་1000ཡས་མས་ཡིན།   རྔ་མའི་རིང་ཚད་ནི་ལི་སྨིས་80ནས་100ཡས་མས།   ཕྲག་པའི་མཐོ་ཚད་ནི་ལི་སྨིས་160ནས་180།   རྭ་ཅོའི་རིང་ཚད་ནི་ལི་སྨིས་40ནས་ལི་སྨིས50དང་ཆེས་རིང་བའི་རྭ་ཅོའི་རིང་ཚད་སྨིས་1ཡིན་ལ།   རྭ་ཅོ་གཉིས་ཀྱི་བར་ཐག་ཅུང་ཆེ།     གཟུགས་གཞི་ཆེ་ཞིང་སུག་བཞི་ཐུང་བ་དང༌།     ནོར་ནག་ལས་ལྡབ2ནས3གྱིས་ཆེ་བ་ཡིན།   འབྲོང་མང་ཤོས་ཀྱི་སྤུ་ཁ་ནག་པོ་ཡིན་མོད།   འོན་ཀྱང་སྤུ་ཁ་སེར་པོ་ཡིན་པའི་འབྲོང་ཡང་ཡོད།   འབྲོང་གི་སོག་མགོ་མཐོ་ཞིང༌།   ལུས་སྨད་དང་སྐེ་མཇིང༌།   སུག་བཞི་བཅས་ཀྱི་རྩིད་པ་ཧ་ཅང་རིང་བར་མ་ཟད།   རྔ་སྤུ་རིང་ཞིང་རྔ་རྩེ་གཟེངས་འདུགའབྲོང་དང་འབྲོང་མོ་ཀུན་ལ་སྦོམ་ཞིང་རིང་བའི་རྭ་ཅོ་སྐྱེས་ཡོད། 
འབྲོང་གི་སུག་བཞིར་སྟོབས་ལྡན་ཞིང་རྨིག་ཆེ་ལ་སྒོར་སྒོར་ཡིན།   ཡིན་ཡང་རྨིག་པ་ཆུང་ཞིང་རྣོ་བ་དང་ལུག་གི་རྨིག་པ་དང་མཚུངས་ལ།       སྲ་ཞིང་སྟོབས་ལྡན་པ་ཡིན།       རྨིག་གི་འགྲམ་དང་མདུན་དུ་མཁྲེགས་ཤིང་འབུར་བའི་མཐས་བསྐོར་བ་དང༌།   རྐང་མཐིལ་དུ་མཉེན་པའི་སྐོགས་ཤུན་འདུག་ཅིང༌།   འདི་ལྟ་བུའི་རྨིག་པས་ལུས་པོ་མར་ཤུད་པའི་མགྱོགས་ཚད་དང་འདེད་ཤུགས་ཇེ་དལ་དུ་གཏོང་ཐུབ་པ་དང༌།   དེས་གཡང་གཟར་གྱི་རི་མགོར་འགྲོ་བདེ་བར་བྱེད།   འབྲོང་གི་བྲང་ཁོག་གི་སྐྱེ་འཕེལ་ལེགས་ཤིང་གློ་ཡུ་སྦོམ་ཞིང་ཐུང་ལ། ཁྱི་ཡི་གློ་ཡུ་དང་ཅུང་མཚུངས་པ་ཡིན་ཞིང༌།   མགྱོགས་ཚད་དབུགས་ལེན་བྱེད་པར་འཚམ་པས་མཚོ་ངོས་མཐོ་ཚད་མཐོ་ཞིང་རླུང་སྣོན་དམའ་བ་དང༌།   དབྱང་རླུང་ཉུང་བའི་མཐོ་སྒང་རྩྭ་ཐང་གི་གནམ་གཤིས་ཆ་རྐྱེན་དང་འཚམ་པ་ཡིན། 
ཁྱབ་ཡུལ། 
འབྲོང་ནི་མ་གཞི་རང་རྒྱལ་མདོ་དབུས་མཐོ་སྒང་གི་ཁྱད་འཕགས་སྲོག་ཆགས་ཤིག་ཡིན་ཞིང༌།     མངོན་གསལ་ལྡན་པའི་མཐོ་སྒང་གྲང་ངར་ཆེ་སའི་སྲོག་ཆགས་ཡིན་ལ།   ཞིན་ཅང་རང་སྐྱོང་ལྗོངས་ཀྱི་ལྷོ་ཕྱོགས་དང༌།   མདོ་དབུས་མཐོ་སྒང་གི་མཚོ་སྔོན་ཞིང་ཆེན་དང་བོད་རང་སྐྱོང་ལྗོངས།   ཀན་སུའུ་ཞིང་ཆེན་གྱི་ནུབ་བྱང་ཕྱོགས་དང༌།   སི་ཁྲོན་ཞིང་ཆེན་གྱི་ནུབ་ཕྱོགས་བཅས་ཀྱི་རྫ་མགོ་ན་གནས་འདུགའཚོ་གནས་ཀྱི་མཚོ་ངོས་མཐོ་ཚད་ནི་སྨི་3000ནས་6000བར་གྱི་མཐོ་སྒང་གི་ས་དང༌།   མི་མེད་ལུང་སྟོང་གི་མཐོ་སྒང་རི་མགོ།   ལུང་ཁུགརྩྭ་ཐང༌།   ཡིན་ཞིང༌།   བྱེ་ཐང་སོགས་ཁོར་ཡུག་སྣ་ཚོགས་སུ་འཚོ་སྡོད་བྱེད་པ་དང༌།   དབྱར་དུས་སུ་ཐ་ན་མཚོ་ངོས་མཐོ་ཚད་སྨི་5000ནས་6000བར་གྱི་ས་ཆར་འཚོ་བ་ཡིན།  
འཚོ་གནས་ཁོར་ཡུག
དུས་རྒྱུན་དུ་གྲང་ངར་ཆེ་སའི་མཐོ་སྒང་གི་ས་སྟོང་ལུང་སྟོང་ན་འཚོ་སྡོད་བྱེད་བཞིན་ཡོད།   འབྲོང་ནི་གྲང་ངར་ཐུབ་ཅིང་ཚ་གདུག་ལ་སྐྲག་པའི་རི་སྐྱེས་སྲོག་ཆགས་ཤིག་ཡིན་པས།   གྲང་ངར་ཆེ་སའི་མཐོ་སྒང་གི་སྲོག་ཆགས་ཚད་ལྡན་ཞིག་ཡིན།   འབྲོང་ནི་ཁྱུ་དང་ཁྱུ་བྱས་ནས་འཚོ་སྡོད་བྱེད་པར་གོམས་པ་དང༌།   དུས་རྒྱུན་དུ་འབྲོང་མོ་ཁྱུ་ཕྱོགས་བྱས་ཏེ་གནས་པ་དང༌།   དུས་ངེས་ཅན་རེར་འབྲོང་དང་འབྲོང་མོ་ཁྱུ་བྱས་ཏེ་འཚོ་བ་ཡིན་ལ།   འབྲོང་ཁྱུ་ཆེན་པོ་ཞིག་ཡིན་ན་འབྲོང་100ལྷག་འདུས་འདུགའབྲོང་གི་ཚོར་བ་རྣོ་ཞིང་གཏུམ་པོ་ཡིན་པས།   ཁོང་ཁྲོ་ལང་སྐབས་རྔ་མ་གྱེན་དུ་གཟེང་སྲིད།   འབྲོང་གི་ཁ་ཟས་གཙོ་བོ་ནི་གྲང་ངར་ཆེ་སའི་མཐོ་སྒང་གི་སྤང་རྩྭ་དང་རྫ་རྩྭ།   ན་རྩྭ་བཅས་ཡིན།   ལོ་རེའི་ཟླ8པ་ནས་ཟླ་11པའི་བར་དུ་འབྲོང་མོ་སྦྱིག་པ་དང༌།   ཕྱི་ལོའི་ཟླ4བ་ནས་ཟླ5བའི་བར་དུ་འབྲོང་མོ་རེས་འབྲོང་ཕྲུག་རེ་བཙའ་སྲིད།   འབྲོང་མོའི་མངལ་སྦྲུམ་ཡུན་ནི་ཟླ་9ནས་ཟླ་བ་10ཡིན།  
ཡར་ཀླུང་གཙང་བོའི་སྟོད་རྒྱུད་དང༌།   ཁུ་ནུ་རི་རྒྱུད།   ཨར་ཅིན་རི་རྒྱུད།   མདོ་ལ་རི་བོའི་སྣེ་གཉིས་བསྐོར་བའི་ཧ་ལམ་སྤྱི་ལེ་གྲུ་བཞི་མ་ཁྲི་140ཡི་རི་ཁྱུའི་གྲང་ངར་གྱི་བྱེ་ཐང་དུ་ཁྱབ་ཡོད།   ཚོད་རྩིས་བྱས་པ་ལྟར་ན།   2012ལོའི་ལོ་མཇུག་བར།   ཀྲུང་གོའི་འབྲོང་གི་ཁ་གྲངས་དེ་ཁྲི་3ནས་ཁྲི་5འདུག
སྔོན་ཆད་འབྲོང་རྣམས་རང་ཞིང་ཆེན་དུ་ཁྱབ་རྒྱ་ཆེ་ནའང༌།   འཆར་གཞི་མེད་པའི་རི་རྔོན་གྱིས་ཁྱབ་རྒྱ་རིམ་བཞིན་ཇེ་ཆུང་དུ་སོང༌།   རྟོག་ཞིབ་བྱས་པ་ལྟར་ན།   སྔོན་ཆད་ཚྭ་འདམ་གཞོང་གི་ལྷོ་ཕྱོགས་དང༌།   མདོ་དབུས་ལྕགས་ལམ་གྱི་ཤར་ཕྱོགས་སུ་འབྲོང་གི་འགུལ་བསྐྱོད་ཆེ་མོད།   ད་ལྟ་ཁ་གྲངས་མང་རྒྱུ་མི་འདུགམིག་སྔར་ཏག་ཏག་མདོ་དབུས་ལྕགས་ལམ་གྱི་ནུབ་ཕྱོགས་དང༌།   ཚྭ་འདམ་གཞོང་གི་ལྷོ་ཕྱོགས་དང་བྱང་ཕྱོགས་སུ་ད་དུང་ཅུང་ཕུན་སུམ་ཚོགས་པའི་འབྲོང་གི་ཐོན་ཁུངས་ཡོད་པ་དང༌།   མ་ཟད་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཐེམ་ཆེན་རྫོང་གི་ནུབ་བྱང་གི་གཡག་ཁེངས་ཡུལ་ཚོ་རུ་འབྲོང་ཁ་ཤས་ཁྱབ་ཡོད། 
འཚོ་བའི་གོམས་གཤིས། 
འབྲོང་ནི་གཡག་གི་ཡང་མེས་ཡིན་ཞིང་སྔོན་ཆད་ཁྱབ་རྒྱ་ཤིན་ཏུ་ཆེ།   ད་ལྟ་མདོ་དབུས་མཐོ་སྒང་དུ་མ་གཏོགས་མི་འདུག་ཅིང༌།   འབྲོང་གི་ལྗིད་ཚད་ལ་སྤྱི་རྒྱ་1000ཡན་ཡོད་པ་དང༌།   ལུས་པོ་ནག་པོ་དང་ལུས་ཀྱི་ཟུར་འོག་དང་རྐང་མགོར་སྤུ་མཐུག་པོ་སྐྱེས་པ་དང་གྲང་ངར་ཆེ་བའི་ཁོར་ཡུག་ཏུ་འཚོ་བར་འཚམ་པ་དང༌།   དུས་ཚིགས་བཞི་བོར་རི་མགོ་རུ་འཚོ་སྡོད་བྱེད་ཅིང་སྤང་རྩྭ་སྙི་མོ་བཟའ་བར་སྤྲོ་ཞིང༌།   དབྱར་དུས་སུ་སོ་ཡིས་བཟའ་བ་དང་དགུན་དུས་སུ་ལྕེ་ཡིས་ལྡག་པ་ཡིན།   འབྲོང་གི་ལྕེ་ནི་ཤིན་ཏུ་རྣོ་ལ་ཁོའི་ལག་ཆ་གལ་ཆེན་ཞིག་ཀྱང་ཡིན།  རྟག་ཏུ་འབྲོང་20ནས་30རེ་ཁྱུ་བྱས་ཏེ་རྩྭ་ཐང་དུ་རྒྱུ་བ་དང་བཟའ་བཏུང་འཚོལ་བ་ཡིན།   སྐབས་འགར་འབྲོང་200ནས་300རེ་ཁྱུ་བྱས་ཏེ་འགུལ་བསྐྱོད་བྱེད་ཀྱི་ཡོད།   རྒྱུས་ལོན་པ་ལྟར་ན།   འབྲོང་ཕྲུག་སྲུང་སྐྱོབ་བྱེད་པར་འབྲོང་13ལྷག་སྒོར་སྒོར་བྱས་ཏེ་མགོ་ཁ་ཕྱིར་གཏད་ནས་ཕྱི་རོལ་གྱི་སྤྱང་ཀི་ལ་རྒོལ་བ་ཡིན།   འབྲོང་གིས་སྤྱིར་བཏང་དུ་མི་ལ་གནོད་འཚེ་མི་གཏོང༌།  འབྲོང་རྣམས་རྟག་ཏུ་མཚན་མོ་དང་ཞོགས་པར་སྒོ་ཕྱིར་ཡོང་སྟེ་བཟའ་བཏུང་འཚོལ་བ་དང༌།   ཉིན་དཀར་རི་ལུང་གི་གཡང་གཟར་དུ་སྐྱུག་ལྡད༌།   ཡང་ན་ཐང་ལ་ཉལ་ཏེ་ངལ་གསོ་བྱེད།   འབྲོང་གི་དྲི་ཚོར་ཤིན་ཏུ་དྲགས་ཏེ་ཉེན་ཁ་ཡོད་དུས་འབྲོང་ཕྲུག་དག་ཁྱུ་ཚོགས་ཀྱི་དཀྱིལ་དུ་ལེན་པ་དང༌།   གལ་སྲིད་དགྲ་བོ་ཐོན་ན།   འབྲོང་རྣམས་ཀྱིས་མགོ་བོ་ཐུར་དུ་བཀུག་ཅིང་རྔ་མ་གྱེན་དུ་གཟེང་ནས་དེ་མུར་གར་སོང་ཆ་མེད་དུ་འགྱུར་བ་ཡིན།   སྲོག་ཆགས་འདིའི་རིགས་ནི་དུས་རྒྱུན་ཁྱུ་ཚོགས་བྱས་ནས་འཚོ་བར་སྤྲོ་ཞིང་འབྲོང་ཕོ་ཁ་ཤས་མ་གཏོགས་སྤྱིར་བཏང་དུ་མང་ཆེ་བ་མཉམ་དུ་འཚོ་བ་ཡིན།  
འབྲོང་ཁྱུ་རྣམས་རང་འགུལ་གྱིས་དགྲ་བོ་ལ་གཡོལ་བ་དང༌།   མི་དང་རླངས་འཁོར་སོགས་ལ་འཕྲད་ནའང་འབྲོ་སྲིད།   ཡིན་ཡང་རང་གཤིས་རྩུབ་པའི་ཁེར་རྐྱང་གི་འབྲོང་ནི་དེ་ལས་ལྡོག་ཅིང་དུས་རྒྱུན་རང་འགུལ་གྱིས་རང་གི་མདུན་དུ་བརྒྱུད་པའི་མི་དང་སྲོག་ཆགས་གང་རུང་ལ་རྒོལ་བར་བྱེད།   དེས་བསྐྱོད་བཞིན་པའི་རླངས་འཁོར་ཁ་ལོ་བསྐོར་སྲིད།   གནོད་འཚེ་ཐེབས་པའི་འབྲོང་ཕོ་འབྲོང་མོ་གང་ཡིན་ཡང་ཤི་བའི་བར་དུ་དགྲ་བོ་ལ་རྒོལ་ལན་སློག་པར་བྱེད།   འབྲོང་གིས་རྒོལ་དུས་ཐོག་མར་རྔ་མས་གསལ་བརྡ་གཏོང་བས་ཕྱི་རོལ་ཡུལ་དུ་བྱ་བ་སྒྲུབ་དུས་འབྲོང་གི་རང་གཤིས་འདི་བློ་ལ་ངེས་དགོས།   ལོ་ན་རྒས་པའི་འབྲོང་ནི་ཁྱུ་ཚོགས་དང་ཁ་གྱེས་པ་ཡིན་ན།   ཚེ་སྨད་ཡོངས་སུ་ཁེར་རྐྱང་དུ་འཚོ་ངེས། 
སྐྱེ་འཕེལ། 
འབྲོང་མོ་སྦྱིག་པའི་དུས་སྐབས་ནི་ཟླ་9བ་ནས་ཟླ་11པའི་བར་ཡིན་ཞིང༌།   འབྲོང་མོ་མངལ་སྦྲུམ་པའི་དུས་སྐབས་ནི་ཟླ8པ་ནས་ཟླ9བའི་བར་ཡིན་ལ།   ཕྱིར་ལོའི་ཟླ6པ་ནས་ཟླ7པའི་ནང་སྦྲུམ་སྐྱེས་པ་དང༌།   སྦྲུམ་ཐེངས་ཤིག་ལ་གཅིག་སྐྱེས་པ་ཡིན།   འབྲོང་ཕྲུག་སྐྱེས་ནས་ཟླ་ཕྱེད་འགོར་རྗེས་འབྲོང་ཁྱུ་དང་ལྷན་དུ་འགུལ་བསྐྱོད་བྱས་ཆོགདེའི་ཕྱིར་ལོའི་དབྱར་ཁར་འབྲོང་ཕྲུག་ལ་ནུ་མ་ལྡུད་མཚམས་བཅད་ཆོག་པ་དང༌།   ཚེ་ཚད་23ནས་25བར་འདུག་པ་ཡིན། 
འབྲོང་གི་པགས་པ་དང་ལྕེ། 
འབྲོང་གི་པགས་པ་ཤིན་ཏུ་མཐུག་ཅིང་མཐུག་ཚད་ལ་ལི་སྨི4ཡོད་པ་དང༌།   སྤྱིར་བཏང་དུ་མདེའུ་ཞིག་གིས་པགས་པ་རྟོལ་མི་ནུས་ཤིང་མ་མཐའ་ཡང་ཁུང་བུ་ཞིག་ལས་བཟོ་མི་ཐུབ།   གལ་སྲིད་མི་ཞིག་གིས་རྔོན་པར་བྱ་བའི་ཡུལ་དུ་བཏང་ན།   རྔོན་མི་ལོན་པར་མ་ཟད་རང་ཉིད་ཉེན་ཁར་སྐྱེལ་བའི་གནས་སུ་ལྷུང་ངེས།   བོད་བྱང་ཐང་ཉེ་འགྲམ་གྱི་འབྲོག་དམངས་རྣམས་ཀྱིས་རྒྱུན་དུ་རེ་འགར་རྔོན་ཏེ་ཁྱེར་ཡོང་བའི་འབྲོང་ལྤགས་བཤུས་ཏེ་སྐམ་པར་བྱས་རྗེས་སྲ་ཞིང་མཁྲེགས་པའི་པགས་པ་དེ་ཚལ་པང་དུ་བྱེད་ཆོག་ཅིང༌།   ཐ་ན་རུས་པ་དང་ཤ་གཏུབ་ནའང་ལོ་30ནས་50་བར་སྤྱོད་ཆོག
འབྲོང་ལྕེ་སྟེང་ཤའི་སོ་ལྟ་བུ་ཞིག་སྐྱེས་ཡོད་ཅིང༌།   དེས་སྲ་མཁྲེགས་ཀྱི་རྩི་ཤིང་ལྡག་བཟའ་བྱས་ཆོག    འབྲོག་པས་འབྲོང་ལྕེ་བླངས་ཏེ་སྐམ་རྗེས་སོ་མང་དུ་བཀོལ་སྤྱོད་བྱེད་ཅིང༌།   བུད་མེད་ཅིག་གིས་སྐྲ་དཀར་པོར་འགྱུར་བའི་བར་དུ་སྤྱོད་ཆོགཤའི་སོ་མང་ནི་དབྱིབས་མི་འགྱུར་ལ་སོ་ཡང་མི་ལོག་པ་ཡིན།   འབྲོང་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་ཀྱི་མིང་ཐོར་ཚུད་པ་དང་བསྟུན་ནས་འདི་ལྟ་བུའི་ཤའི་སོ་མང་ཞིག་ལོན་པ་ནི་དངོས་གནས་སླ་མོ་ཞིག་མ་ཡིན། 
སྲུང་སྐྱོབ་བྱེད་པའི་དོན་སྙིང༌། 
འབྲོང་ནི་བོད་མི་རིགས་ཀྱི་རིག་གནས་ཀྱི་གྲུབ་ཆ་ཞིག་ཡིན་ལ།   གཏམ་བཤད་དང་གླུ་ལེན་གར་རྩེ་བྱེད་ས་རུ་ནམ་ཡང་འབྲོང་དང་བྲེ་སེར་འབྲོང་ཞེས་པའི་མིང་དེ་ཐོས་ཀྱིན་འདུགདཔེར་ན།   ཁྱོད་སྟག་གི་ཁ་ཆེ་ན།   ང་འབྲོང་གི་གཉའ་སྦོམ་ལྟ་བུ་དང༌།   སྨུག་ལང་ལོང་ཁྲོད་ཀྱི་འབྲོང་མོ་སྐྱིད་ཅེས་པ་ལྟ་བུའོ།  །   འབྲོང་ནི་མདོ་དབུས་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་སྲོག་ཆགས་ཤིག་ཡིན་པར་མ་ཟད།   ནོར་ནག་གི་ཕ་མེས་ཡང་མེས་ཀྱང་ཡིན་པས།   འབྲོང་སྲུང་སྐྱོབ་བྱེད་པ་ནི་ནོར་ནག་ཇི་ལྟར་བྱུང་བར་ཞིབ་འཇུག་བྱེད་པའི་རིན་ཐང་ཆེན་པོ་ལྡན་པ་རེད།   འབྲོང་དང་ནོར་ནག་སྡེབ་སྦྱོར་བྱས་ན་ནོར་རྒྱུད་ཇེ་ལེགས་སུ་གཏོང་ཐུབ།   འབྲོང་གི་ཤའི་ཐོན་ཚད་མཐོ་བར་མ་ཟད།   འབྲོང་སྙིང་དང་འབྲོང་མཁྲིས།   འབྲོང་ཁྲག་བཅས་ནི་བོད་སྨན་དུ་འགྲོ་བ་ཡིན། 
ད་ཡོད་གནས་བབ། 
སྔོན་ཆད་འབྲོང་གསོད་དྲགས་པ་དང་ཕྱུགས་ཁྱུ་ཇེ་མང་དུ་སོང་བའི་དབང་གིས་འབྲོང་གི་ཁྱབ་ཡུལ་ཇེ་ཆུང་དང༌།  འབྲོང་གི་གྲངས་ཀ་ཇེ་ཉུང་ནས་ཇེ་ཉུང་དུ་འགྱུར་བཞིན་ཡོད་པས།   ཕལ་ཆེར་འབྲོང་ཤུལ་ཆད་པའི་གནས་ཚུལ་བྱུང་འདུགདེར་བརྟེན།   འབྲོང་ནི་རང་རྒྱལ་གྱི་གལ་གནད་དུ་བཟུང་སྟེ་སྲུང་སྐྱོབ་བྱེད་དགོས་པའི་རི་སྐྱེས་སྲོག་ཆགས་ཨང་རིམ་དང་པོར་གྱུར་ཡོད། 
ང་ཚོས་ཆད་པ་ལ་ནི་ཐམས་ཅད་སྐྲག།   འཆི་བ་ལ་ནི་ཐམས་ཅད་འཇིགས།  །   རང་ཉིད་ལ་ནི་དཔེ་ལོངས་ལ།  །   བརྡེག་པར་མ་བྱེད་གསོད་མ་བྱེད་ཅེས་པ་ལྟར་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་བྱེད་དགོས་སོ།  །

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།