WedMarWed2017

སྤེལ་དུས་མཐའ་མ།06:49:09 AM GMT

རྩོམ་གསར།:

བོད་ཀྱི་སྲོག་ཆགས་དོམ་གྱི་སྐོར།

བོད་ཀྱི་སྲོག་ཆགས་དོམ་གྱི་སྐོར།

གཟུགས་གཞིའི་ཁྱད་ཆོས།
དོམ་ནི་ལྟོ་ལྡིར་རུས་ལག་ཆེ་བའི་གཅན་གཟན་གྱི་རིགས་ཤིག་ཡིན། ལུས་ཀྱི་རིང་ཚད་ལ་སྨིས1.2ནས་སྨིས1.5དང༌།

ལུས་ཀྱི་ལྗིད་ཚད་ལ་སྤྱི་རྒྱ150ནས་སྤྱི་རྒྱ250།  རྔ་མའི་རིང་ཚད་ལ་ལི་སྨིས7ནས་ལིས་སྨིས8བཅས་ཡོད། དོམ་གྱི་མཆུ་ཐུབ་ཞིང་མགོ་ཟླུམ་སྒོར་ཡིན་ལ། སྣ་ནག་ཅིང་མིག་ཟུང་ཆུང་ནའང་རྣ་གཤོག་ཅུང་ཆེ། སྤུ་མདོག་ནག་པོ་ཡིན་ཞིང༌།  བྲང་ངོས་ན་ཟླ་དཀར་ཚེས་འདྲའི་དཀར་ཐིག་ཅིག་ཡོད། ངོ་གདོང་གི་སྤུ་མདོག་ལ་སེར་ཤས་ཅུང་ཆེ། དོམ་ཕྲུག་གི་སྤུ་མདོག་དེ་འདྲའི་ནག་པོ་ཞིག་མིན་ནའང་བྲང་ངོས་ཀྱི་དཀར་ཐིག་ཧ་ཅང་གསལ། རྣ་སྤུ་རིང་ཞིང་མཇིང་སྤུ་ནི་དེ་ལས་ཀྱང་རིང་འདུག
ཁྱབ་ཡུལ།
མདོ་དབུས་མཐོ་སྒང་གི་སྐྱེས་ནགས་དང་རང་རྒྱལ་གྱི་ས་ཁུལ་མང་ཤས་ཀྱི་སྐྱེས་ནགས་ཁྲོད་ན་གནས་ཡོད།
འཚོ་བའི་གོམས་གཤིས་དང་འཚོ་གནས་ཁོར་ཡུག
དོམ་འཚོ་གནས་བྱེད་ས་ནི་མཚོ་ངོས་ལས་སྨིས1000ནས་སྨིས4400བར་གྱི་སྐྱེས་ནགས་ཡིན་ལ། ཉིན་དཀར་ཁ་ཟས་འཚོལ་བ་དང་མཚན་མོར་ངལ་གསོ་བྱེད་པ་ཡིན། དོམ་ནི་དུས་རྒྱུན་དུ་ཁེར་སྡོད་བྱེད་པ་དང་ཚང་ལ་འགྲོ་སྐབས་ཆ་བྱས་ནས་མཉམ་སྡོད་བྱེད་སྲིད། དོམ་ནི་དུས་ཚིགས་ལ་བརྟེན་ནས་གནས་སྤོ་བའི་གཅན་གཟན་གྱི་རིགས་ཤིག་ཡིན་པས། དབྱར་དུས་རྫ་མགོ་དང་དགུན་དུས་དམའ་ས་རུ་གནས་སྤོ་སྲིད། དོམ་ནི་ཀག་ལངས་བྱས་ནས་འགྲོ་ཐུབ་པར་མ་ཟད། སྡོང་མགོར་འགོ་བ་དང་ཆུར་རྐྱལ་བ་ལའང་ཤིན་ཏུ་མཁས། དོམ་གྱི་ཁ་ཟས་གཙོ་བོ་ནི་རྩྭ་མྱུག་དང་ཤིང་ལོ་གསར་སྐྱེས། ཤ་མོ། ལྡུམ་བུ། རྩྭ་སོན་སོགས་ཡིན་ལ། གྲོག་མ་དང་སྦྲང་རྩི། བྱ་སྒོང༌། རི་སྐྱེས་སྲོག་ཆགས་ཆུང་ངུའི་རིགས་ཀྱང་ཟ་བ་ཡིན།  སྤྱིར་མིའི་སྟེང་ལ་མི་བརྒྱུགས་མོད།  གལ་ཏེ་རྨས་ན་གདུག་རྩུབ་དང་ཞེ་སྡང་ཧ་ཅང་ཆེ། དོམ་ནི་དགུན་དུས་དགུན་ཉལ་བྱེད་པ་དང་དབྱར་དུས་ཚང་ལ་འགྲོ་བ་ཡིན། མངལ་སྦྲུམ་ཡུན་ཉི་མ200ཡིན་ལ། བཙའ་ཐེངས་རེར་ཕྲུ་གུ1ནས3བཙའ་སྲིད།
སྲུང་སྐྱོབ་བྱེད་པའི་དོན་སྙིང༌།
དོམ་གྱི་སྡེར་ཁྱིམ་ནི་རྒྱ་ཟས་མཆོག་ཏུ་གྱུར་བ་ཞིག་ཡིན་པར་མ་ཟད། དོམ་མཁྲིས་སྨན་དུ་འགྲོ་བ་དང་དོམ་ལྤགས་ཀྱིས་པགས་གདན་སོགས་བཟོ་ཐུབ་པས། བེད་སྤྱོད་རིན་ཐང་ཆེ་བའི་རི་སྐྱེས་སྲོག་ཆགས་ཀྱི་རིགས་ཤིག་ཡིན། ཉེ་བའི་ལོ་འགའི་ནང་དུ་ས་ཆ་འགའ་ཞིག་གིས་དོམ་གསོས་ཏེ་དོམ་གསོན་པོའི་སྟེང་ན་དོམ་མཁྲིས་ལེན་གྱིན་འདུག
ད་ཡོད་གནས་བབ།
སྤྱིར་མདོ་དབུས་མཐོ་སྒང་ན་དོམ་མང་མོད། དོམ་མཁྲིས་དང་དོམ་གྱི་སྡེར་ཁྱིམ་སོགས་ཀྱི་རིན་གོང་འཕར་བ་དང་མཉམ་དུ་དོམ་བརྔོན་དྲགས་པས། དོམ་གྱི་གྲངས་ཀ་ནི་ཉིན་རེ་བཞིན་མར་བྲི་བཞིན་འདུག དོམ་ནི་རང་རྒྱལ་གྱི་གལ་གནད་དུ་བཟུང་སྟེ་སྲུང་སྐྱོབ་བྱེད་དགོས་པའི་རི་སྐྱེས་སྲོག་ཆགས་ཨང་རིམ་གཉིས་པར་གྱུར་ཡོད།
འགྲོ་བ་མིའི་རིགས་དང་རང་བྱུང་ཁམས་གཉིས་བསྐལ་བ་མ་སྟོངས་བར་དུ་འཆམ་མཐུན་མཉམ་གནས་བྱེད་དགོས་ན། ངེས་པར་དུ་རང་གི་སྟེང་ལ་དཔེ་ལོངས་ལ། གཞན་ལ་གནོད་པ་མ་བྱེད་ཅིག་ཟེར་བ་བཞིན་དོམ་ལ་གཅེས་སྲུང་བྱེད་དགོས་པར་མ་ཟད། དོམ་ལ་འཚོ་སྡོད་བྱེད་སའི་ཁོར་ཡུག་ལེགས་པོ་ཞིག་ཀྱང་བསྐྲུན་གང་ཐུབ་བྱེད་དགོས།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།