ThuAugThu2017

སྤེལ་དུས་མཐའ་མ།05:18:50 AM GMT

རྩོམ་གསར།:

ཤྭ་ཁྲ་སྐེ་རིང༌ངོ་སྤྲོད།

ཤྭ་ཁྲ་སྐེ་རིང་ནི་སྲོག་ཆགས་ཀུན་གྱི་ནང་ནས་རིང་ཤོས་ཡིན།

ཤྭ་ཁྲ་སྐེ་རིང་ནི་འོ་འཐུང་དང་རྩ་གཟན་སྲོག་ཆགས་ཁོངས་སུ་གཏོགས་ཤིང༌། སྲོག་ཆགས་འདིའི་ཁྱིམ་རྒྱུད་ནི་ལྷོ་ཨ་ཧཕི་རི་ཁ་ཁོ་ན་ཡིན་ཞིང༌།

ད་ཆར་འཛམ་གླིང་སྤྱན་གཟིགས་ཁང་ཕལ་ཆེ་བའི་ནང་རེ་གཉིས་ཙམ་མཐོང་རྒྱུ་ཡོད། ཤྭ་ཁྲ་སྐེ་རིང་ནི་སྲོག་ཆགས་ཀུན་གྱི་ནང་ནས་རིང་ཤོས་ཡིན་པ་དང༌། ཤྭ་ཁྲ་ཕོའི་ཆ་སྙོམས་མཐོ་ཚད་ལ་མི་ཊར་ ༥་༣ དང༌། ལྕེའི་རིང་ཚད་སན་ཊི་མི་ཊར་ ༤༠ ཙམ་ཡོད་པས། དེ་ནི་རང་ཉིད་ཀྱི་ཁ་ཟས་འཚོལ་བར་རམ་འདེགས་བྱེད་ཐུབ་ཀྱི་ཡོད།

ལྷག་པར་དུ་ཤིང་སྡོང་གི་ལོ་མ་དང་ལྕུག་ཕྲན་སོགས་སྙོབ་ཐུབ་པའི་ནུས་པ་ལྡན་ཡོད། ཤྭ་ཁྲ་ཕོ་མོ་གཉིས་ཀར་མགོ་ལ་ར་ཐུང་ངུ་གཉིས་དང་དེ་ལ་ཡན་ལག་ཐུང་ངུ་གཉིས་ སྐྱེས་ཡོད། སྲོག་ཆགས་འདི་དྲི་ཚོར་དང་མཐོང་ནུས་སོགས་ཀྱི་རྫི་སངས་ལ་རྣོ། ཤྭ་ཁྲ་སྐེ་རིང་ལུས་ཡོངས་རྫོགས་ཚོས་གཞི་གྲོ་དམར་གྱི་ཐིག་ལེས་ཁེངས་ཡོད་ཅིང༌། དེ་ནི་སྲོག་ཆགས་འདིའི་ཁྱད་རྟགས་ཤིག་ཡིན།
ཁ་ཟས་གཙོ་བོ་ཤིང་སྡོང་གི་ལོ་མ་དང་ལྕུག་ཕྲན་ཁོ་ནར་བརྟེན་ཅིང༌། རྩྭ་ལྡུམ་རིགས་ཐད་ཀར་ཟས་སུ་སྤྱོད་མི་ཐུབ། སྲོག་ཆགས་འདི་སྐེ་དང་ལག་གཉིས་ཆེས་རིང་པོ་ཡོད་པས། ཆུ་བཏུང་སྐབས་ལག་གཉིས་ཀྲབ་སྟེ་འཐུང་དགོས་ཀྱི་ཡོད།

ཤྭ་ཁྲ་སྐེ་རིང་རྒྱུན་དུ་ཁྱུ་བྱས་ཏེ་འཚོ་གནས་བྱེད་ཅིང༌། ཁེར་རྐྱང་དུ་འཚོ་གནས་བྱེད་མཁན་རེ་ཟུང་ཡོང་གི་ཡོད། སྲོག་ཆགས་འདིའི་ལྗིད་ཚད་ལ་སྤྱི་རྒྱ་ ༨༠༠ ལྷག་ཙམ་ཡོད། སྲོག་ཆགས་འདི་རྒྱུན་དུ་གནས་སྤོ་དེ་ཙམ་བྱེད་ཀྱི་མེད་པ་དང༌། ཕལ་ཆེ་བ་ཆུ་དང་བར་ཐག་རིང་པོར་འཚོ་གནས་བྱེད་ཅིང༌། ཟླ་བ་གཅིག་ཙམ་ཆུ་མེད་པར་འཚོ་གནས་བྱེད་ཐུབ་ཀྱི་ཡོད། རྒྱང་སྐྱོད་བྱས་ན་ཆུ་ཚོད་རེའི་ནང་སྤྱི་ལེ་ ༥༦ ཙམ་སྐྱོད་ཐུབ་ཀྱི་ཡོད།

ཤྭ་ཁྲ་སྐེ་རིང་ཆགས་འཕེལ་བྱས་རྗེས་ཟླ་བ་བཅོ་ལྔ་ལྷག་ཙམ་རྗེས་ཕྲུ་གུ་རེ་ སྐྱེ་ཡི་ཡོད། སྐྱེ་འཕེལ་ཐེངས་རེར་ཕྲུ་གུ་གཅིག་ལས་ལྷག་མི་བཙའ། སྲོག་ཆགས་འདིའི་འཚོ་གནས་ལ་སེང་གེས་གནོད་འཚེ་མང་ཤོས་བྱེད་ཀྱི་ཡོད་པ་དང༌། དེ་བཞིན་མིས་པགས་པ་སོགས་ཀྱི་ཆེད་དུ་རྔོན་རྒྱག་ཆེས་མང་པོ་བྱེད་ཀྱི་ཡོད་པས། ད་ལྟའི་ཆར་རྒྱལ་སྤྱིའི་ནང་སྲུང་སྐྱོབ་བྱེད་ཡུལ་སྟོངས་ལ་ཉེ་བའི་རི་སྐྱེས་ སྲོག་ཆགས་གྲས་སུ་ཡོད་པ་རེད།

སྲོག་ཆགས་འདི་དང་རིགས་འདྲ་བའི་ལྷོ་ཨ་ཧཕི་རི་ཁའི་གླིང་དུ་འཚོ་གནས་བྱེད་ བཞིན་པའི་ཨོ་ཀ་པེ་ཟེར་བ་ཞིག་ཡོད་པས། དེ་ཡང་འོ་འཐུང་རྩྭ་གཟན་གྱི་སྡེ་རུ་གཏོགས། རྒྱུན་དུ་ཤིང་ནགས་སྟུག་པོའི་གསེབ་དུ་འཚོ་གནས་བྱེད། སྲོག་ཆགས་འདི་གཟུགས་སྟོབས་ཡང་ཅུང་ཆེན་པོ་ཡོད། མངལ་གྱི་སྦྲུམ་ཡུན་ཟླ་ ༡༤ ཙམ་ཡིན། སྲོག་ཆགས་འདི་ཤ་དང་ཀོ་བ་སོགས་ཀྱི་ཆེད་དུ་རྔོན་རྒྱག་མང་པོ་བྱེད་ཀྱི་ཡོད་པས། སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་ཤིག་ཡིན་ཞིང༌། རྒྱལ་སྤྱིའི་ནང་སྲུང་སྐྱོབ་བྱེད་ཡུལ་གྲས་སུ་ཡོད་པ་རེད།

ཡོང་ཁུངས། བོད་ཀྱི་རང་བྱུང་འཁོར་ཡུག་སྲུང་སྐྱོབ་ཀྱི་ཆ་འཕྲིན་དྲ་བ།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།