MonAugMon2017

སྤེལ་དུས་མཐའ་མ།05:18:50 AM GMT

རྩོམ་གསར།:

ཆེད་སྒྲིག་ཀུན་གསལ་མ།

རྩམ་ཇའི་ཕན་ནུས་ངོ་སྤྲོད།

རྒྱུ་བཅའ་ནི་རྩམ་པ་དང་འབྲོག་མར།བྲོ་བ་ལེགས་ཤིང་འཕྲོད་བསྟེན་ཡག་པའི་བཏུང་མཆོག་ཅིག་ཏུ་ཆགས་ཐུབ།
ཇ་ཁུ་དང་ཚ་བཅས་ལས་གྲུབ་པ་ཞིག་ཡིན།ལུས་ཁམས་ལ་ཤིན་ཏུ་འཕྲོད་པ་དང་ལུས་སྟོབས་གསོ་བར་བྱེད།
དགུན་གྱི་དྲག་རླུང་ལྡང་སྐབས་བཏུང་ན་གྲང་རླུང་གི་རེག་ཚོར་ཡང་གང་འཚམ་གྱིས་མོག་པོར་བསྒྱུར་ཐུབ།
བཀོལ་སྟངས་ནི། མར་ཁུ་བཞུས་པའི་ཚ་ཁོལ་ནང་རྩམ་རྐྱང་བླུགས་ཏེ་དཀྲུག་དཀྲུག་བཏང་སྟེ་རྩམ་མར་དབྱེར་མེད་དུ་བསྲེས།

དེ་ལས་མང་བ:

བོད་ལ་བོད་ཤོག་བཟོ་བའི་ལག་རྩལ་སྔ་མོ་ནས་ཡོད།

བོད་ལ་བོད་ཤོག་བཟོ་བའི་ལག་རྩལ་སྔ་མོ་ནས་ཡོད།[1]ལྷ་ས་ནས་ཡར་ཀླུང་གཙང་པོའི་འགྲམ་ངོགས་སུ་ཆགས་པའི་སྙེ་མོ་རྫོང་དེའི་བོད་སྤོས་དང་། བོད་ཤོག པར་བརྐོས་བཅས་ལ་འགྲན་ཟླ་མེད་པ་གསུམ་ཞེས་གྲགས། དེ་དག་ལས་སྙེ་མོ་རྫོང་དར་གྲོང་གྲོང་བརྡལ་ཞོལ་ར་སྡེ་བའི་ཞོལ་རའི་བོད་ཤོག་ནི་མཚན་སྙན་ཕྱོགས་བཞིར་ཁྱབ་པའི་བོད་ཤོག་མཆོག་ཏུ་གྱུར་བ་ཞིག་ཡིན། རྒྱུ་མཚན་ནི་སྙེ་མོའི་ཞོལ་རའི་བོད་ཤོག་ནི་བོད་ཀྱི་བོད་ཤོག་ཆེན་པོ་གསུམ་གྱི་ཡ་གྱལ་ཡིན་ཞིང་། རྒྱུ་ར་དུག་རེ་ལྕག་གི་རྩ་བ་ལས་གྲུབ་པས། བྱི་བ་དང་འབུས་མི་བཟའ་བ་དང་། རུལ་སྐྱོན་མི་འབྱུང་བ། ཁ་དོག་མི་ཡལ་བ་ལ་སོགས་པའི་དགེ་མཚན་དུ་མ་ལྡན་ཕྱིར་ནང་བསྟན་གྱི་གསུང་འབུམ་དང་། དཔོན་ཕྱོགས་ཀྱི་ཡིག་ཆ་ལ་སོགས་པར་སྤྱོད་ཆེ་ལ། ལྷག་པར་དུ་བོད་ཀྱི་ལོ་རྒྱུས་ཡིག་ཚང་མང་པོ་ཡང་བོད་ཤོག་འདིའི་སྟེང་བཀོད་ནས་ཉར་ཚགས་བྱས་འདུག

དེ་ལས་མང་བ:

རྒྱ་གར་གྱི་ཡབ་ཆེན་གྷན་ངྷི་མཆོག་གི་ལོ་རྒྱུས་མདོར་བསྡུས།

རྒྱ་གར་གྱི་ཡབ་ཆེན་གྷན་ངྷི་མཆོག་དང་ཐེ་ཀོར་མཆོག་ལྷན།རྒྱ་གར་གྱི་ཡབ་ཆེན་གྷན་ངྷི་མཆོག་༼༡༨༦༩།༡༠།༢ནས་༡༩༤༨།༠༡།༣༠ ༽དང༌། བློ་འབྱེད་པ་ཆེན་མོ་ཉི་དབང་མགོན་པོའམ་ཐེ་ཀོར་མཆོག
ལེ་སུ་ལེ། ལེ་བེ་ཊས་བརྩམས། རླངས་ཚང་བསོད་ནམས་རྡོ་རྗེས་《རྒྱ་གར་གྱི་གྲགས་ཅན་མི་སྣ་བཅུ།》ཞེས་པའི་དེབ་ལས་བདམས་ཏེ་བསྒྱུར།

དེ་ལས་མང་བ:

བོད་རྗེ་སྲོང་བཙན་གྱི་བཀའ་ཆེམས་ཀ་ཁོལ་མ།

བོད་ཀྱི་ཆོས་རྒྱལ་མེས་དབོན་རྣམ་གསུམ།ལེའུ་དང་པོ། ལོངས་སྤྱོད་རྫོགས་པའི་སྐུས་འདུལ་བ།
ཨོཾ་མ་ཎི་པདྨེ་ཧཱུཾ། །དཀོན་མཆོག་གསུམ་པོ་བླ་ན་མེད་པར་མཉན་པ། ཇོ་བོ་ཐུགས་རྗེ་ཅན་ལ་མོས་ཤིང་གུས་པར་ཕྱག་འཚལ་ལོ། །རིགས་གསུམ་མགོན་པོའི་རྣམ་འཕྲུལ་གྱིས། །ཁ་བ་ཅན་གྱི་རྒྱལ་ཁམས་འདིར། །ཤ་ཟ་གདོང་དམར་འདུལ་བ་ཡི། །ཆོས་རྒྱལ་མེས་དབོན་ལ་སོགས་པ། །རྣམ་པ་གསུམ་དུ་མཚན་གསོལ་བའི། །ངོ་མཚར་རྨད་དུ་བྱུང་བ་ཡི། །རྒྱལ་པོའི་བཀའ་ཆེམས་འདི་ལྟར་ལགས། །མགོན་པོ་ཚེ་དཔག་ཏུ་མེད་པའི་སྲས། བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྐུ་ལུས་ཀྱི་བཀོད་པ་དང༌། རྫུ་འཕྲུལ་བསམ་གྱིས་མི་ཁྱབ་སྟེ། དེ་ཅིའི་ཕྱིར་ཞེ་ན། མདོ་དང་རྒྱུད་སྡེ་དུ་མ་ན་ཡང་མང་དུ་བཞུགས་ནས་ཡོད།

དེ་ལས་མང་བ:

ང་ཡི་གངས་ལྗོངས་ཀྱི་མེས་པོ།

ངའི་རྨི་ལམ་དུ་འཆར་བའི་མེས་པོའི་རྗེས་ཤུལ།གངས་རིའི་ཉིང་ཁུ་རུ་བཞུར་བའི་རིགས་ཀྱི་བླ་སྲོག
རྐང་གི་དཀྱིལ་སྙིང་ནས་དལ་བུར་དལ་བུར་ཟགས་དུས།
ཚེ་སྲོག་གི་མཛེས་པ་དང་བསམ་བློའི་རིན་ཐང་གིས།
ཆོལ་གསུམ་གྱི་ས་གཞི་ལ་སྣུམ་ཤིག་ཤིག་གི་ལང་ཚོ་བྲན་མཛད།
མེས་པོ་ཡ་མེས་པོ་་་་ ང་ཡི་མེས་པོ།

དེ་ལས་མང་བ:

པཎྜི་ཏའི་སྐོར་གྱི་དཔྱད་རྩོམ།

ཀ༽ཐ་སྙད་དང་དེའི་གོ་དོན།
དེ་ཡང༌།<<དུང་དཀར་ཚིག་མཛོད་ཆེན་མོ་>>ལས། པཎྜི་ཏ།འདི་རྒྱ་གར་སྐད་ཡིན།བོད་སྐད་དུ་བསྒྱུར་ན་ལྔ་རིག་པ་ཞེས་པ་སྟེ།རྒྱ་གར་སྐད་དུ་པ་ཎ་ནི་ལྔ་དང༌།ཌི་ཏ་ནི་རིག་པ་ཞེས་པའི་དོན་ཡིན།རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་བཅས་བཅུ་ཀ་མཁྱེན་པའི་མཁས་པ་ཡིན་ན་པཎྜི་ཏ་ཆེན་པོ་དང༌། སྣ་རེ་གཉིས་ལ་མཁས་པ་ཡིན་ན་པཎ་ཆུང་ཞེས་ཟེར། ཞེས་གསུངས་ཤིང༌།

དེ་ལས་མང་བ:

བཙན་པོའི་ལོ་རྒྱུས་ཀྱི་གསང་བའི་ཞབས་རྗེས་འཚོལ་བ།

བྲག་ཡབ་རྫོང་རི་མདའི་བྲག་བརྐོས་སྐུ་བརྙན་གྱི་གཙོ་ལྷ་རྣམ་པར་སྣང་མཛད།མཚོ་བོད་མཐོ་སྒང་གི་བྲག་བརྐོས་རིག་གནས་ཕུན་སུམ་ཚོགས་པས་དེས་ས་མཐོའི་མི་རྣམས་ཀྱི་ཐོན་སྐྱེད་འཚོ་བའི་ཕྱོགས་མང་པོ་མཚོན་བཞིན་ཡོད་ལ་ལོ་རྒྱུས་ཧ་ཅང་རིང་བ་མ་ཟད། མཐོ་སྒང་ཕུ་མདའ་ཀུན་དང་རི་ཀླུང་ཡོངས་ལ་ཁྱབ་པས་རྒྱལ་ཁབ་ཕྱི་ནང་གི་ཆེད་མཁས་པས་མཚོ་བོད་མཐོ་སྒང་ནི་གྱང་གིས་མ་བསྐོར་བའི་བྲག་བརྐོས་རིག་གནས་ཀྱི་བཤམས་མཛོད་ཁང་ཞིག་རེད་ཅེས་ཤོད་བཞིན་ཡོད་པ་ལྟར།

དེ་ལས་མང་བ:

རྒྱན་དྲུག་མཆོག་གཉིས་ཀྱི་དོགས་དཔྱོད་རགས་ཟིན།

རྒྱན་དྲུག་མཆོག་གཉིས་ཀྱི་དོགས་དཔྱོད་རགས་ཟིན།ཀ༽ རྒྱན་དྲུག་དེ་ཡང་འཛམ་གླིང་མཛེས་པར་བྱེད་པའི་རྒྱུན་དྲུག་དང༌། མཆོག་གཉིས་ཞེས་བོད་གངས་ཅན་གྱི་ལྗོངས་སུ་རླུང་ལྟར་གྲགས་པའི་འཕགས་ཡུལ་གྱི་པཎ་གྲུབ་རྣམ་བརྒྱད་ལ་རྒྱན་དྲུག་མཆོག་གཉིས་ཞེས་པའི་ཐ་སྙད་ནི་ཐོག་མར་རྗེ་བདག་ཉིད་ཆེན་པོའི་བླ་མ་དཔལ་ས་སྐྱའི་མཁས་པ་རྗེ་བཙུན་རེད་མདའ་བ་གཞོན་ནུ་བློ་གྲོས་ཀྱིས་མཛད་པའི་རྒྱན་དྲུག་མཆོག་གཉིས་ཀྱི་བསྟོད་པ་

དེ་ལས་མང་བ:

༄༅།། ཇོ་ནང་ཏཱ་ར་ནཱ་ཐ།

སོག་ཡུལ་དུ་རྗེ་བཙུན་དམ་པ་ཞེས་གྲགས་སྙན་ཆེ།རྗེ་བཙུན་ཇོ་ནང་ཏཱ་ར་ནཱ་ཐ་ནི།  ཡུལ་དབུས་གཙང་གཉིས་ཀྱི་མཚམས་ཇོ་མོ་ཁ་རག་དང་ཉེ་བར་འབྲང་ཞེས་པའི་གནས་སུ།

དེ་ལས་མང་བ:

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།