TueFebTue2017

སྤེལ་དུས་མཐའ་མ།03:59:19 AM GMT

རྩོམ་གསར།:

ང་ཡི་གངས་ལྗོངས་ཀྱི་མེས་པོ།

ངའི་རྨི་ལམ་དུ་འཆར་བའི་མེས་པོའི་རྗེས་ཤུལ།

གངས་རིའི་ཉིང་ཁུ་རུ་བཞུར་བའི་རིགས་ཀྱི་བླ་སྲོག
རྐང་གི་དཀྱིལ་སྙིང་ནས་དལ་བུར་དལ་བུར་ཟགས་དུས།
ཚེ་སྲོག་གི་མཛེས་པ་དང་བསམ་བློའི་རིན་ཐང་གིས།
ཆོལ་གསུམ་གྱི་ས་གཞི་ལ་སྣུམ་ཤིག་ཤིག་གི་ལང་ཚོ་བྲན་མཛད།
མེས་པོ་ཡ་མེས་པོ་་་་ ང་ཡི་མེས་པོ། ངའི་རྨི་ལམ་གྱི་འཇིག་རྟེན་ན།
ཁྱེད་ཀྱི་མཛད་པ་མངོན་ཡོད།
སེམས་ཀྱི་སྡོང་བུ་རུ་བསྒྲོན་པའི་མཆོད་མེ་ཆུང་ཆུང་འདི།
ཚོར་བ་སྐྱོ་བས་བཙིར་བའི་མིག་ཆུ་རྡོག་གཅིག་ཡིན།

གཙང་པོའི་རླབས་སྣེ་རུ་སྦྲུམ་པའི་ལྕགས་ཀྱི་མི་གཞི།
སྙིང་གི་རྩ་སྦུབས་སུ་ཡང་ནས་ཡང་དུ་འཚང་པས།
ཀི་བསོ་ཧོའི་འུར་སྒྲ་དང་དཔའ་བོའི་དཔུང་ཤུགས་གིས།
ས་ཆེན་པོའི་སྒལ་གཞུང་ལ་ཁྲ་ལྷམ་ལྷམ་གྱི་ཞབས་རྗེས་དཔར་མཛད།
མེས་པོ་ཡ་མེས་པོ་་་་ ང་ཡི་མེས་པོ།
ངའི་ཡ་ཆུང་གི་ཟབ་ས་ན།
ཁྱེད་ཀྱི་ཁྲན་རྒྱུན་འཁྱིལ་ཡོད།
དུང་བའི་སྡོང་འགོ་རུ་འགོས་པའི་དབྱངས་ཀྱི་ལོ་མ་འདི།
ཁྱེད་ཀྱི་མཛད་རྗེས་གླེང་བའི་གཏམ་རྒྱུད་དུམ་གཅིག་ཡིན།

འབྲོང་གི་རྭ་རྩེ་ནས་མཆེད་པའི་འོད་ཀྱི་ཐིགས་པ།
བློ་ཡི་བར་གསེང་ནས་ཤིགས་སེ་ཤིགས་སེ་འཁྱུག་དུས།
དབྱངས་གསལ་གྱི་གདངས་འགྲོས་དང་མ་ཎིའི་མགུར་མ་ཡིས།
གདོང་དམར་བའི་ཕ་གཞིས་ལ་འོད་ལམ་ལམ་གྱི་མཛེས་སྡུག་བསྣན་མཛད།
མེས་པོ་ཡ་མེས་པོ་་་་ ང་ཡི་མེས་པོ།
ངའི་འཚོ་བ་ཡི་ཕྱི་ནང་ན།
ཁྱེད་ཀྱི་སྣང་བརྙན་བྲིས་ཡོད།
རྟོག་པའི་ཕྱི་འཕང་ལ་ཞོན་པའི་ཡིག་འབྲུའི་ཚོམས་བུ་འདི།
ང་ཡི་སེམས་པ་སྟོན་སའི་མེ་ལོང་ཉག་གཅིག་ཡིན།

2014/09/07ནུབ་མོར།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།