TueMayTue2017

སྤེལ་དུས་མཐའ་མ།06:49:09 AM GMT

རྩོམ་གསར།:

གངས་ཅན་བོད་ཟས་སྐོར་མཚམས་སྦྱོར་ཕྲན་ཙམ་གམང་བ།

བོད་ཟས་ལ་རྫས་འགྱུར་གྱི་རིཌ་ཧ་ཅང་ཉུང་བས་མིའི་ལུས་ཁམས་ལ་འཕྲོད།

སྔ་དེང་བོད་ཀྱི་ཐོན་ཁུངས་ཚལ་རིགས་དང་བོད་ཟས་སྦྱོར་སྡེབ་ཐད་ཁ་གསལ་ཡིག་ཆ་དང་། དཔེ་དེབ། འགྲེལ་བཤད།

པར་རིས་སོགས་གང་ཡང་མེད་རྐྱེན་དེང་དུས་བོད་རིགས་གཞོན་ནུ་མི་ཉུང་བ་ཞིག་དང་མི་རིགས་གཞན་གྱི་བློ་མཐུན་མང་པོ་ཞིག་གིས་བོད་ཟས་ཞེས་པ་དེར་ལོ་རྒྱུས་རང་བཞིན་མི་ལྡན་པ་དང་།  བོད་ཀྱི་རྒྱུན་སྲོལ་ཟས་རིགས་ལ་ཚག་ཤ་དང་། ལུག་ཤ། མར། རྒྱུ་མ། གློ་བ། གྲོད་པ། རྩམ་པ། དེ་མིན་ཞོག་ཁོག་དང་ལ་ཕུག་སོགས་ཕྲན་བུ་ལས་མེད་པའི་ངོས་འཛིན་བྱེད་མུས་རེད། དེར་བརྟེན་མ་བྱན་རྒན་གྲས་དང་། ལས་རོགས་གཞོན་ནུ་མ་བྱན། དེ་བཞིན་སྤྱི་ཚོགས་ཐོག་གི་མཁྱེན་ལྡན་པ་ཁག་གཅིག་བཅས་ཀྱིས་བོད་ཟས་སྦྱོར་སྡེབ་བྱེད་སྟངས་ཐད་ཀྱི་ངོ་སྤྲོད་དང་འགྲེལ་བཤད་ཡོད་པའི་དཔེ་དེབ་ཅིག་བརྩམས་དགོས་ངེས་ཡིན་ལུགས་སྐུལ་མ་གནང་བ་ལྟར་བོད་ཀྱི་རྒྱུན་སྲོལ་ཚལ་རིགས་བཟོ་སྟངས་ངོ་སྤྲོད་བསྡུས་ཞུ་རྒྱུ་སྟེ།

དང་པོ། རྒྱུན་སྲོལ་བོད་ཟས་ལ་ལོ་རྒྱུན་ཡུན་རིང་ལྡན་པའི་སྐོར།

བོད་ཟས་ནི་ལོ་རྒྱུས་ཡུན་རིང་ལྡན་ལ་བོད་མི་རིགས་རང་ཉིད་ཀྱི་ཁྱད་ཆོས་མཚོན་པའི་ཟས་རིགས་ཤིག་ཡིན་ཞིང་། དེའང་བོད་ཀྱི་ས་བབ་དང་། གནམ་གཤིས་འཕྲོད་སྦྱོར་སོགས་གང་ཅིའི་ཐད་ནས་མིའི་ལུས་ཁམས་ལ་ཕན་ཞིང་ཐུན་མོང་མ་ཡིན་པའི་ཚལ་རིགས་རོ་བཅུད་ལྡན་ལ་སྣེ་མང་ཕུན་སུམ་ཚོགས་པོ་ཡོད། དེ་བཞིན་སྒྲིག་གཤོམ་བྱེད་སྲོལ་ཐད་ལའང་རྒྱ་ཟས་དང་ནུབ་ཕྱོགས་ཡུལ་གྲུ་གཞན་གྱི་ཟས་རིགས་དང་འདྲ་བའི་མི་རིགས་རང་ཉིད་ཀྱི་ཁྱད་ཆོས་དང་མཐུན་པར་སྒྲིག་སྲོལ་སྣ་ཚོགས་ཡོད་པ་དང་། ཟས་རིགས་ཀྱི་རྒྱུ་ཆ་ཕལ་ཆེ་བ་བོད་ཀྱི་ས་གནས་ཁག་ནས་ཐོན་པ་མ་ཟད། དེར་རྫས་འགྱུར་གྱི་རིགས་ཧ་ཅང་ཉུང་བས་མིའི་ལུས་ཁམས་ལ་འཕྲོད་པ་དང་འཇུ་སྟབས་བདེ་པོ་ཡོད།

བོད་རིགས་ཀྱི་རྒྱུན་གཏན་འཚོ་བའི་ནང་རྩམ་པ་དང་། གྲོ་ཞིབ། མར། ཚག་ཤ།  ལུག་ཤ།  བོད་ཕག  ཇ་ཆང་། འོ་ཞོ། ཕྱུར་བ།  དེ་མིན་གྱི་ཚལ་རིགས་སྣ་ཚོགས་བཅས་ཕུན་སུམ་ཚོགས་ལ་སྣ་ཁ་འཛོམས་ཤིང་། དེའང་ལོ་གཅིག་དུས་བཞི་བོ་སོར་ཟས་རིགས་ཀྱི་རོ་བཅུད་དང་། ཁ་དོག  སྦྱོར་སྡེབ་བྱེད་སྟངས་ཐད་དབྱེ་བ་མི་འདྲ་བ་ཡོད་པ་དཔེར་ན། དགུན་དུས་དང་དཔྱིད་དུས་ཟ་བའི་ཕྱུར་རུལ་ལ་ཆ་མཚོན་ན་ཕྱུར་བ་རུལ་སྐམ་བཏང་བ་དང་། སུར་པན། གྲོ་ཞིབ་བམ་རྩམ་པ། ཤ་ཚིལ་འདྲེས་མ་སོགས་མཉམ་དུ་བསྐོལ་བ་ཞིག་རེད། དེའི་ཕན་ནུས་ནི་དཔྱིད་ཆུ་ངན་པ་དང་། དགུན་དུས་གནམ་གཤིས་གྲང་ངར་ཆེ་བའི་དུས་སུ་མིའི་ལུས་ཁམས་ལ་ཕན་པ་ཆེ་བ་མ་ཟད། དྲོད་ཁུག་པ་དང་།  སྤགས་འདེད་ཐུབ་པ་བཅས་ཀྱི་ཕན་ནུས་ལྡན།  གཞན་ཡང་སྔར་སྲོལ་བོད་ཟས་ལ་བཟང་པོའི་བྱེད་ཕྱོགས་མང་པོ་ཡོད་པ་དཔེར་ན། སྟོན་མོ་གཤོམ་སྐབས་ཡུལ་ཕྱོགས་སོ་སོའི་ཁྱད་ཆོས་འདྲ་མིན་སྣ་ཚོགས་ཡོད་པའི་ཐོག  ལག་སྤྲོད་དང་།  གདན་ཐོབ། དཀར་སྤྲོ། མར་སྤྲོ། ཤིང་འབྲས་སོགས་མི་རེ་ངོ་རེར་འབུལ་བའི་སྲོལ་རྒྱུན་ཤིན་ཏུ་དར་ཁྱབ་ཆེ། དེང་དུས་ཀྱི་བྱེད་སྟངས་བཞིན་ཡ་རབས་དང་། བབ་མཐུན་གྱི་སྒོ་ནས་ཟས་སྤྱོད་པ་དཔེར་ན། ཉིན་གང་སྟོན་མོ་གཤོམ་སྐབས་སྔ་དྲོ་དང་། ཉིན་དགུང་། དགུང་དྲོ་བཅས་ཁག་སོ་སོར་ཚན་རིག་དང་མཐུན་ལ་མིའི་ལུས་ཁམས་ལ་འཇུ་སྟབས་བདེ་བ་དང་འཕྲོད་སྦྱོར་ལེགས་པའི་ཚལ་རིགས་སྦྱོར་སྡེབ་ཀྱི་དབྱེ་བ་ཡོད་ལ། སྟོན་མོའི་སྐབས་སྒྲོག་ཙེ་སྒྲིག་སྲོལ་ཡང་མི་འདྲ་བ་ཡོད།

ཡང་སྒོས་བོད་མི་རིགས་ཀྱི་རྒྱུན་སྲོལ་ཟས་རིགས་རྩམ་པ་དང་། མར། ཤ་རྗེན་པ། ཤ་སྐམ་པོ། ཤ་བཙོས་མ་བཅས་རྒྱུན་དུ་བཟས་ཀྱང་ལུས་ལ་འཕྲོད་ཅིང་ཕོ་བས་འཇུ་བདེ་བའི་རྒྱུ་མཚན་ནི། བོད་འདི་འཛམ་གླིང་གི་ཡང་རྩེར་གནས་ཤིང་ས་བབ་མཐོ་ལ་མཁའ་རླུང་གཙང་བ་དང་། རི་ཀླུང་ཀུན་ཏུ་སྨན་རྩྭ་སོགས་རི་སྐྱེས་ཀྱི་རྩྭ་ལྡུམ་དང་ཀླུང་སྐྱེས་ཀྱི་ཚལ་རིགས་སྣ་ཚོགས་ཡོད་པའི་ལྟ་ན་སྡུག་པའི་ཡུལ་ཞིག་ཡིན་པ་དང་། མི་རྣམས་བློ་སྟོབས་ཆེ་ཞིང་གཡོ་ཁྲམ་ལ་མི་དགའ་བ། རིག་པ་གསལ་ལ་བྱམས་དང་སྙིང་རྗེ་ལྡན་པ་བཅས་ཀྱི་གཤིས་རྒྱུད་བཟང་བོ་ལྡན་པའི་མི་རིགས་ཤིག་ཡིན། དེའང་སྔར་སྲིད་པ་ཆགས་པའི་ཐོག་མར་བདུད་རྩི་ས་ཡི་བཅུད་ཅེས་ཁ་དོག་དཀར་པོ་རོ་སྦྲང་རྩི་དང་འདྲ་བ་ཞིག་ཡོད་པ་དང་། དེའི་རྗེས་སའི་ཞག་ཅེས་ཁ་དོག་དམར་སེར་རོ་སྦྲང་རྩི་དང་འདྲ་བ་མྱུ་གུའི་ཚལ་མ་རྨོས་ལོ་ཏོག་བྱུང་།

དེ་ནས་རིམ་བཞིན་འབྲུ་རིགས་སྣ་ལྔ་སྟེ་ནས་དང་། གྲོ  སྲན་མ། ཁྲེ། པད་ཁ་ལ་སོགས་པ་འདེབས་པ་དང་། དེ་བཞིན་ཤ་མར་དང་། རི་སྐྱེས། ཀླུང་སྐྱེས། ཡུལ་འདེབས་སོགས་ཀྱི་ཟས་རིགས་སྣ་མང་བྱུང་། ཟས་རིགས་ཉར་ཚགས་བྱེད་སྟངས་ཐད་ལའང་ནམ་དུས་སོ་སོར་དབྱེ་བ་ཡོད་པ་དཔེར་ན། དབྱར་ཁ་དང་སྟོན་ཁའི་དུས་སུ་ལོ་གཅིག་གི་འབྲུ་རིགས་གསོག་འཇོག་དང་།  རི་སྐྱེས་ཀྱི་སེར་ཤ་དང་། དཀར་ཤ  སྒོག་སྐྱ། ཟྭ་པོ་ལ་སོགས་པ་དང་། ཀླུང་སྐྱེས་ཀྱི་སྔོ་ཚལ་དང་། ཞོག་ལབ། གོ་སྙོད། འཛིམ་བུ། འུ་སུ་ལ་སོགས་པ། སྤང་སྐྱེས་ཀྱི་དབྱར་རྩྭ་དགུན་འབུ་དང་གྲོ་མ་ལ་སོགས་པ། ཤིང་སྐྱེས་ཀྱི་མོག་རོ་དང་། བེར་ཤ   ཤིང་ཤ་ལ་སོགས་པའི་ཚལ་རིགས་སྣ་ཚོགས་བསྐམས་ནས་དགུན་ཟས་གྲ་སྒྲིག་བྱེད་པ་དང་། དགུན་དུས་སུ་ཚག་ཤ་དང་། ལུག་ཤ།  ཕག་ཤ། དེ་མིན་ཤ་རིགས་སོགས་འཁྱགས་སྐམ་བཏང་ནས་དཔྱིད་ཟས་གྲ་སྒྲིག་བྱེད་ཀྱི་ཡོད།

དཔྱིད་དུས་ཉ་ཤ་དང་འབྲུག་སྐད་མ་བརྒྱབ་སྔོན་གྱི་སྔོ་ཚོད་སོགས་ལ་ཤིན་ཏུ་དགའ་པོ་བྱེད་པ་ནི་མི་རིགས་རང་ཉིད་ཀྱི་ཁྱད་ཆོས་ཤིག་ཡིན། ནམ་དུས་སོ་སོའི་མིའི་ལུས་སྦྱོར་ལ་ཕན་པའི་ཚལ་རིགས་ཐད་དཔེར་ན། བོད་མིས་དཔྱིད་ཀའི་དུས་སུ་ཉ་ཟ་བའི་རྒྱུ་མཚན་ནི། དཔྱིད་ཀ་ཆུ་ངན་ཞིང་གནམ་གཤིས་ཚ་གྲང་མི་སྙོམས་པའི་ཐོག་གངས་ཆུ་ཐོག་མར་བཞུར་བའི་དུས་ཡིན་པས་མི་རྣམས་ཀྱི་གདོང་ལྤགས་དང་། ལག་པའི་པགས་པ་སོགས་གས་འགྲོ་བའི་སྐབས་ཆུ་ནང་གི་ཉ་ནི་ཤ་ཤེད་རྒྱས་ཤིང་ལུས་སྟོབས་འཕེལ་བཞིན་པར་བརྟེན་ཉ་ཤ་ནི་མི་རྣམས་ཀྱི་ལུས་ལ་འཕྲོད་སྦྱོར་ལེགས་པ་སྨན་ལྟ་བུ་ཞིག་ཡིན། དེའང་དམངས་ཁྲོད་ཀྱི་ངག་རྒྱུན་ལས། དཔྱིད་ཉ་རྒྱལ་པོར་མི་ཐོབ། སྟོན་ཉ་ཁྱིས་ཀྱང་མི་ཟ་ཞེས་པ་ལྟར་རོ།

དགུན་དུས་གནམ་གཤིས་གྲང་ངར་ཆེ་བའི་སྐབས་ཤ་སོས་པ་འཁྱགས་སྐམ་གཏོང་བ་ནི་གཅིག་ནས་ནད་འབུ་ཕྲ་མོ་མེད་པ་བཟོ་ཐུབ་པ་དང་། གཉིས་ནས་དཔྱིད་དུས་ནོར་ལུག་ཤ་ཤེད་ཞན་པས་བཤའ་མི་རུང་བ་ཡིན། གཞན་ཡང་འཛམ་གླིང་ཡུལ་གྲུ་ཀུན་དང་མི་འདྲ་བར་བོད་ཀྱི་ཟ་འབྲུ་གཙོ་བོ་རྩམ་པར་ཆ་མཚོན་ན་རོ་བཅུད་ལྡན་ལ་སྤྱོད་སྟབས་བདེ་བ་དང་། ལྷག་ཏུ་འགྲུལ་བཞུད་ཀྱི་སྐབས་འབྲས་དང་གྲོ་ཞིབ་དང་མི་འདྲ་བར་འཁྱེར་བདེ་ལ་འཕྲོ་བརླག་ཏུ་མི་འགྲོ་བའི་ཁྱད་ཆོས་ལྡན་པ་ཞིག་ཡིན།

གཉིས་པ། བོད་ཟས་ཀྱི་འཚོ་བཅུད་སྐོར།

བོད་ལུགས་གསོ་བ་རིག་པའི་གཞུས་ལས། འུ་སུས་ཕོ་བའི་བད་ཀན་ཚ་བ་སེལ་བ་ལ། གོ་སྙོད་རླུང་ཚད་དུག་དང་མིག་ནད་སེལ། པྲི་ཡང་ཀུ་ཡིས་ཕོ་མཆིན་ཚ་བའི་ནད་སེལ་ཞིང་། སུག་སྨེལ་མཁལ་ནད་གྲང་བ་མ་ལུས་སེལ། སྒ་སྐྱས་བད་རླུང་སེལ་ཞིང་ཁྲག་ཆག་འཇུ། བཙོང་སྒོག་གཉིད་འཕེལ་ཟད་ལེན་བད་རླུང་འཕེལ། ན་ལེ་ཤམ(ཕོ་རིལ)གྱིས་བད་ཀན་གྲང་བ་སེལ། ཨ་བྷི་ཥ(གཡའ་སྐྱ་རི)ཡིས་མགོ་ཆག་དུག་ནད་སེལ། རུས་པ་གསོ་བར་ཨ་བྷི་ཥ་དེ་མཆོག  བད་ཀན་སྨུག་པོ་ཅིག་དང་ཅི་ཡིན་དཔྱད། གཡེར་མས་རྩ་འབྱེད་སྲིན་གསོད་ཁ་ནད་དང་། ཟ་ཕྲུག་ལ་ཕན་ཚ་ནད་སྦྱོངས་པར་བྱེད། སེར་ཤས་སྲིན་རྣམས་དབྱུང་བར་བྱེད། གྲོ་མ་ནུས་སིལ་མངར་ཡང་ཚ་འཕྲུ་གཅོད། ཡུང་བས(ལྒ་སེར)དུག་སེལ་རུས་གཅོད་གཉན་ནད་སེལ། བ་ཤ་ཀ་ཡིས་མཁྲིས་ཚད་སེལ་བ་ལ། འབྲི་གཡག་ཤ་དྲོ་རླུང་སེལ་ཚད་པར་གནོད། ལུག་ཤ་དྲོ་ཡང་བད་ཀན་སེལ་བ་ཡིན། ར་ཤ་ཕག་ཤ་བསིལ་ལྕི་ཚད་འབྲས་འཇོམས། བྱ་མོའི་སྒོ་ངས་ཁུ་བ་འཕེལ་བ་དང་། སྒོང་སྤྲིས་དཀར་པོས་མིག་ལ་ཕན་པ་ཡིན།

འོ་མ་དྲོ་དང་ཞུ་རྗེས་མངར་བཞིན་སྣུམ། མདངས་སྐྱེས་ལུས་ཟུངས་ས་བོན་འཕེལ་བར་བྱེད། བད་ཀན་སྐྱེད་ལྕི་བསིལ་བས་རླུང་མཁྲིས་སེལ། ཉ་ཤས་རྣག་འཁྱིལ་བརྡོལ་དང་བད་མཁྲིས་སེལ། འབྲས་བཤིགས་རྨེན་སྐྲན་འདེད་དང་མོ་ནད་སེལ། བྱ་མོའི་ཤ་ཡིས་སྦྱར་དུག་མ་ལུས་སེལ། ཇ་ཤིང་རྒྱ་ནད་ཚད་པ་ཀུན་ལ་ཕན། གྲང་ནད་སེལ་བར་ལྒ་སྨུག་དགོས་པ་ཆེ། གཞན་ཡང་ཆམ་རིམས་གྲམ་འཁྲུག་སེལ་ཡང་རླུང་ལ་གནོད། གུར་གུམ(ཁ་ཆེ་ཤ་སྐམ)མཆིན་ནད་ཀུན་སེལ་རྩ་ཁ་བསྡོམ་ཞེས་གསུངས་པ་ལྟར། བོད་ཟས་ནི་རོ་བཅུད་ལྡན་ལ་མིའི་ལུས་ཁམས་ལ་ཕན་པ་ཤིན་ཏུ་ཆེ་བའི་ཟས་རིགས་ཤིག་ཡིན་ལ། བཟོ་སླ་བ་དང་། འཇུ་བདེ་བ། སྤྱན་ལམ་དུ་མཛེས་པ། ནད་བཅོས་པ་སོགས་ཀྱི་ཁྱད་ཆོས་ཀྱང་ལྡན།

དེང་གི་ཆར་ནང་ས་དང་ཕྱི་རྒྱལ་ས་གནས་ཁག་ནས་ཚུའུ་དང་། ལྗང་ཡུའུ། ཤ་སྨན་ཝུད་ཅིང་ལ་སོགས་པའི་སྨན་སྣ་དང་། ཚལ་རིགས་སྣ་ཚོགས་དབོར་འདྲེན་བྱས་པ་དག་ལ་སྦྱོར་སྡེབ་ཚོད་ལྟ་བྱས་པ་བརྒྱུད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས་བོད་ཀྱི་སྔར་ཡོད་ཚལ་རིགས་སྦྱོར་སྡེབ་དང་རྣམ་གྲངས་ཁ་སྣོན་བྱུང་བ་མ་ཟད། རོ་བཅུད་དང་ཁ་དོག་སོགས་ཀྱང་ཕུན་སུམ་ཇེ་ཚོགས་སུ་འགྲོ་བཞིན་ཡོད། དེས་ན་བོད་ཟས་དེ་སྔར་བས་རྒྱ་ཁྱབ་དང་གོང་འཕེལ་གཏོང་རྒྱུར་ཆ་རྐྱེན་བཟང་བོ་ཞིག་བྱུང་དང་འབྱུང་བཞིན་པ་ནི་སྨོས་ཅི་དགོས།

གསུམ་པ། བོད་ཟས་ཀྱི་དགོས་པ་དང་ཁྱད་ཆོས་སྐོར།

བོད་ཟས་ལ་བྲོ་བ་མི་འདྲ་བ་བཅུ་དང་དགོས་པ་ལྔ་ཡོད་པ་དེ་དག་དོན་ཚན་ཆེ་བ་གསུམ་ལ་ཕྱེ་ནས་ཞུས་ན་འདི་ལྟར།
༡༽ བྲོ་བ་མི་འདྲ་བ་བཅུ་ནི་བཙོས་མ་དང་། བཀྲག་མ། སྐམ་པོ། བརྔོས་མ། བསྙལ་མ། རྗེན་པ། བསྐོལ་མ། ཁུ་བ་མཉམ་བསྲེས། རླངས་བཙོས། གྲང་མོ་བཅས་ཡིན།
༢༽ བོད་ཟས་ཀྱི་དགོས་པ་ལྔ་ནི་ཚལ་གྱི་ཁ་དོག་དང་། ཚལ་གྱི་དྲི་མ། ཚལ་གྱི་བཅུད་དང་ཕན་ཡོན། ཚལ་གྱི་བྲོ་བ། ཚལ་གྱི་མཛེས་ཆ་བཅས་ཡིན།
༣༽ བོད་ཟས་ཀྱི་ཁྱད་ཆོས་ནི་བཟོ་སྟབས་བདེ་ཞིང་ལུས་ཁམས་ལ་ཕན་པ་དང་། ས་བབ་དང་ནམ་དུས་སོ་སོ་དང་མཐུན་པ། དང་ག་བདེ་ལ་དྲི་ཞིམ་པ། ཚོས་པོ་ཡོད་ལ་བྲོ་བ་ལྡན་པ་བཅས་ཡིན།

གཞན་ཡང་བོད་རིགས་ཀྱི་རྒྱུན་གཏན་འཚོ་བའི་གོམས་སྲོལ་ལྟར་མེའི་ཚད་གཞི་དེ་ཆེ་འབྲིང་ཆུང་གསུམ་དུ་དབྱེ་བས་དང་པོ་མེ་ཆེ་བ་ནི་ཤིང་གཤག་པའི་མེ་ལྟ་བུ་དང་། གཉིས་པ་མེ་འབྲིང་བ་ནི་ལྕི་བའི་མེ་ལྟ་བུ། གསུམ་པ་མེ་ཆུང་བ་ནི་མེ་མདག་གམ་ར་ལུག་གི་རིལ་མའི་མེ་ལྟ་བུ་ཡིན་པ་བཅས་ཀློག་པ་པོའི་ཐུགས་བློར་འཇོག་གནང་ཡོད་པ་ཞུ།

ཡོང་ཁུངས། བོད་ཀྱི་སློབ་འབྲིང་དྲ་བ།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།