SatNovSat2017

སྤེལ་དུས་མཐའ་མ།10:45:42 AM GMT

རྩོམ་གསར།:

མི་རིགས་གཞན་གྱི་རྩོམ་རིག་ལྟར་གཞུང་ལུགས་ཁུངས་བཙན་མི་འདུག

བསྟན་འཛིན་ཆོས་སྒྲོན་ལ་བོད་ཀྱི་རྩོམ་རིག་སྐོར་གྱི་བཅར་འདྲི།

ཞིང་འབྲོག་ཁུལ་གྱི་བྱིས་པ་ཕལ་མོ་ཆེ་ལ་རྒས་ཁོག་ལྟར་དེ་དག་གི་གཏམ་དཔེ་སོགས་ཁ་ནས་ཆུ་མོ་བཞུར་བ་དང་འདྲ་བར་ཐག་ཐོག་མེད་པར་ཤ་མར་བསྐྱོར་རྒྱུ་ཡོད་ཅིང་།  དེའི་ཐོག་ཏུ་དཀའ་ཐུབ་ཀྱི་བཟོད་བསྲན་དང་འབད་བརྩོན་གྱི་སྙིང་སྟོབས་གསོན་ཉམས་ལྡན་པའི་རྩོམ་འབྲིའི་རྨང་གཞི་གཏིང་ཟབ་ཀྱི་རྩ་བ་བརྟན་པོ་ཚུགས་འདུག་སྙམ།

འདི་ག་ལྷ་ས་རྩོམ་རིག་མེ་ལོང་རྩོམ་སྒྲིག་ཁང་གིས་བཙན་བྱོལ་བོད་ཀྱི་བུད་མེད་རྩོམ་འབྲི་བ་དང་ཀློག་པ་པོ་རྣམས་སུ་བོད་མོ་རྩོམ་པ་པོའི་སྐོར་ལ་བཅར་འདྲི་ཞུ་བཞིན་པ་ལས་བསྟན་འཛིན་ཆོས་སྒྲོན་གྱིས་དྲིས་ལན་གནང་བ་གཤམ་གསལ་ཏུ་གཟིགས་པར་གྱིས།

༡༽ ཁྱོད་རང་རྩོམ་འབྲིའི་ལས་ཀར་ཞུགས་ནས་ད་ལྟའི་བར། རང་ཉིད་ཀྱི་གསར་རྩོམ་དང་འབྲེལ་བའི་དངོས་བྱུང་སྣང་ཚུལ་ཡ་མཚན་པ་དེ་འདྲར་འཕྲད་མྱོང་ངམ།

ལན།  ང་རང་རྩོམ་འབྲིའི་ལས་ལ་ཞུགས་ནས་སྡེབ་སྦྱོར་ལེགས་པ། སྒྱུ་རྕལ་གྱིས་ཕྱུག་པ།  མི་སེམས་འགུག་ཐུབ་པའི་མཉེན་ཆ་ཅན་གྱི་རྩོམ་འབྲི་མི་ཤེས་མོད། འོན་ཀྱང་ཨུ་ཚུགས་དང་འབད་འབུངས་ལ་དགའ་བའི་ང་རང་བྱིས་པ་དམར་འབྱར་གོམ་པ་རྒྱག་ཤེས་ལ་མ་ཤེས་ལྟ་བུར་ཀྱག་ཀྱོག་གིས་རྩོམ་ཐུང་གང་མང་བྲི་མྱོང་བའི་ཁྲོད་དུ།  རང་གི་མཛའ་མོ་རང་གི་ཨ་མར་གྱུར་བ།  ཚེ་རིང་དོན་གྲུབ་ཀྱི་སྒྲུང་འབྲིང་ཕྱོགས་སྒྲིགས་ནང་གི་ར་ལོ་ལྟ་བུའི་མི་སྣ།  རླུང་དམར་འུར་འུར་ནང་གི་བཀྲ་ཤིས་ལྷ་མོ་འདྲ་བའི་གཤིས་ཀ རྨོ་མོ་སྡུག་རྩུབ་ཅན་གྱིས་ལོ་དྲུག་རིང་གཡོག་མོར་དབྱུག་རྡུང་རྟག་ཏུ་བཞུས་བས་རྨ་ཤུལ་གྲངས་ལས་འདས་པ་ལ་སོགས་པའི་རྩོམ་ཐུང་འདི་འདྲ་སྤྱི་ཚོགས་ནང་དུ་བྱུང་སྲིད་ལ་ཡོང་བར་དཀའ་བའི་གསར་རྩོམ་དང་འབྲེལ་བའི་དངོས་བྱུང་སྣང་ཚུལ་ཡ་མཚན་ལ་འཕྲད་མྱོང་བ་དང་སྤུས་ཚད་ལ་མ་བལྟས་པར་གང་མང་འབྲི་ཡང་མྱོང་།

༢༽ ཁྱོད་ཀྱིས་ད་ལྟའི་བོད་ཀྱི་རྩོམ་རིག་ལ་ལྟ་སྟངས་ཅི་འདྲ་བཟུང་ཡོད།

ལན།  ང་རང་གིོས་ད་ལྟའི་བོད་ཀྱི་རྩོམ་རིག་ལ་ལྟ་སྟངས་ཅི་འདྲ་ཞིག་བཟུང་ཡོད་ཅེ་ན། ང་ཚོ་ལ་མི་རིགས་གཞན་གྱི་རྩོམ་རིག་ལྟར་གཞུང་ལུགས་ཁུངས་བཙན་དེ་འདྲ་མེད་ལ།   མ་ཟད།  ད་ལྟའི་ཆར་གཞུང་ལུགས་དང་ལག་ལེན་གཉིས་ཀ་ཁ་མི་འཕྲོད་ཅིང་། དེ་ཡང་དོན་གྱི་བྱུང་བ་བརྗོད་པའི་རྩོམ་དང་ཡིད་ཀྱི་འགྱུར་བ་མཚོན་པའི་རྩོམ་ཡིག་གང་ཞིག་ཡིན་རུང་། སྣང་བརྙན་གསར་སྐྲུན་དང་། གསོན་ཉམས་ལྡན་པ།  སྒྱུ་རྩལ་གྱི་ཁྱད་ཆོས་རིགས་སོགས་དཀོན་པས་ན། དེ་ཡང་ཉམས་རྒུད་ཀྱི་རྟགས་མཚན་ཞིག་ཏུ་སྣང་།

༣༽ རང་སྐད་དང་གཞན་སྐད་ཐུན་མོང་གི་ངོས་ནས་བལྟས་ན། བོད་ཀྱི་བུད་མེད་ཀྱི་རྩོམ་འབྲིའི་སྤུས་ཚད་ཇི་འདྲ་ཞིག་ཏུ་མཐོང་གི་ཡོད།

ལན།  རང་སྐད་དང་གཞན་སྐད་ཐུན་མོང་གི་ངོས་ནས་བལྟས་ན། བོད་ཀྱི་བུད་མེད་ཀྱིས་རྩོམ་འ
བྲིའི་སྤུས་ཚད་ཀྱི་ཆ་ནས་ཧ་ཅང་ཞན་པོ་མ་ཡིན།  གཞན་སྐད་ཐོག་ཏུ་རྩོམ་འབྲི་མཁན་ཚེ་རིང་འོད་ཟེར་ནི་རྒྱལ་སྤྱིའི་སྡིངས་ཆའི་ཐོག་ཏུ་ངོམས་སུ་ཆོག་ལ། རང་སྐད་ལ་ཆ་མཚོན་ན་དེང་དུས་ན་གཞོན་གསར་པ་རྩོམ་པ་མོ་མཁའ་མོ་རྒྱལ། བདེ་སྐྱིད་སྒྲོལ་མ། དཔལ་མོ། རྟོག་སད་ལྷ་མོ་ལ་སོགས་པའི་གསར་རྩོམ་ལ་དགའ་ཞིང་གསར་རྩོམ་གྱི་རང་བཞིན་ལྡན་པ་དང་། རྣམ་དཔྱོད་ཀྱི་འགྲན་ཟླ་བྲལ་བའི་ཁོ་མོ་ཚོའི་རྩོམ་འབྲིའི་སྤུས་ཚད་ཤིན་ཏུ་ལེགས་པོ་མཐོང་།

༤ ༽ གཞིས་བྱེས་གཉིས་ཀྱི་བུད་མེད་རྩོམ་འབྲི་མཁན་རྣམས་ཀྱི་རྩོམ་འབྲིའི་རྨང་གཞི་ལ་མ་འདྲ་བ་ཅི་ཞིག་མཐོང་སོང༌།

ལན།  གཞིས་བྱེས་གཉིས་ཀྱི་བུད་མེད་རྩོམ་འབྲི་མཁན་རྣམས་ཀྱི་རྩོམ་འབྲིའི་རྨང་གཞི་ལ་མ་འདྲ་བ་ཅུང་ཙམ་མང་། བོད་ནང་དུ་ཆ་བཞག་ན། འཚོ་བའི་ཐོན་ཁུངས་ཕལ་མོ་ཆེ་ཞིང་འབྲོག་གཉིས་ཡིན་སྟབས། ཐ་སྙད་འདེམ་བསྒྲིགས་མི་དགོས་པར་རང་བཞིན་གྱིས་མིང་ཚིགས་ཀྱིས་ཕྱུག་ལ།  བོད་ཀྱི་སྐད་ཆའི་རྨང་གཞི་གཏིང་ཟབ་ཅིང་འཚོ་བའི་ཁྲོད་དུ་བཀོལ་སྤྱོད་མང་བས།  རྩོམ་འབྲིའི་རྒྱུ་ཆ་ཕུན་སུམ་ཚོགས་པར་རང་བཞིན་ལྷན་སྐྱེས་སུ་གྲུབ་ཡོད་ལ། 

ཡང་བོད་ནང་དུ་རྒས་ཁོག་རྣམས་ཀྱིས་ཡི་གེ་ཀ་ཙམ་ཡང་མ་ཤེས་ན་ཁ་ནས་དབྱར་གྱི་ཤ་མོ་བརྡོལ་བ་བཞིན་དུ།  སྒྲུང་། གཏམ་དཔེ།  ལ་གཞས།  ཆོས་དཔེ་སོགས་རྟག་ཏུ་འཆད་ལ།  མ་ཟད་བྱིས་པ་དང་རྒས་འཁོག་གཉིས་ནི་འགྲོགས་འདྲིས་མང་བར་བརྟེན། ཞིང་འབྲོག་ཁུལ་གྱི་བྱིས་པ་ཕལ་མོ་ཆེ་ལ་རྒས་ཁོག་ལྟར་དེ་དག་གི་གཏམ་དཔེ་སོགས་ཁ་ནས་ཆུ་མོ་བཞུར་བ་དང་འདྲ་བར་ཐག་ཐོག་མེད་པར་ཤ་མར་བསྐྱོར་རྒྱུ་ཡོད་ཅིང་།  དེའི་ཐོག་ཏུ་དཀའ་ཐུབ་ཀྱི་བཟོད་བསྲན་དང་འབད་བརྩོན་གྱི་སྙིང་སྟོབས་གསོན་ཉམས་ལྡན་པའི་རྩོམ་འབྲིའི་རྨང་གཞི་གཏིང་ཟབ་ཀྱི་རྩ་བ་བརྟན་པོ་ཚུགས་འདུག་སྙམ།

བཙན་བྱོལ་ནང་དུ་ཡོད་པའི་བུད་མེད་ཚོར་ཁོར་ཡུག་གི་ཆ་ནས་དཀའ་ངལ་མང་པོ་ཞིག་འཕྲད་བཞིན་པའི་ཐོག་ཏུ།  ལྷན་སྐྱེས་ཀྱི་ཤེས་རབ་དང་སྦྱང་སྟོབས་ཀྱི་བརྩོན་འགྲུས་ལ་སྐད་རིགས་གཞན་གྱི་ཤན་ཤུགས་ཐེབས་པས་ན། རང་སྐད་སྟེང་རྩོམ་འབྲིའི་རྨང་གཞི་ཞན་པོ་ཆགས་གྱིན་པ་མིན་ནམ་བསམ།

༥༽ བོད་ཀྱི་རྩོམ་རིག་ལས་ཁྱོད་རང་ཉིད་ལ་ཆེས་གལ་ཆེ་བའི་ཐོབ་བྱ་ཅི་ཞིག་རེད་དམ།

ལན།  རྩོམ་རིག་ལས་རང་ཉིད་ལ་ཆེས་གལ་ཆེ་བའི་ཐོབ་བྱ་ནི།  "རང་གིས་རྩོམ་དང་། གཞན་ལ་སྡོམ། སྤྱི་ཚོགས་ཡར་ཐོན་དང་ཤེས་རིག་རྣམ་པར་བཀྲ་བའི་ཕྱོགས་སུ་ཁྲིད་"ཅེས་པ་ལྟར། རང་ཉིད་ཀྱིས་རྩོམ་འབྲི་སྐབས་ལེགས་ཉེས་དབྱེ་མཚམས་དང་རྩོམ་ཁུངས་གང་གི་ཁུངས་སུ་གཏོགས་མིན་དང་། ཡང་གཞན་གྱིས་རྩོམ་ཡིག་བཀླགས་དུས་སྒྱུ་རྩལ་གྱིས་ནུས་པ་ཐོན་ཡོད་མིན་དང་།  རྩོམ་གྱི་རྒྱུ་ཆ་སྤྱི་ཚོགས་ཡིན་སྟབས་སྤྱི་ཚོགས་དང་འདྲིས་གཤིབ་ཀྱིས་ཞིབ་དཔྱོད་ཇི་ཙམ་གྱི་ནུས་མཐུ་ལྡན་ཡོད་མེད་ལ་སོགས་པའི་བླང་དོར་བཅུད་ལེན་ཏོག་ཙམ་གྱིས་དབྱེ་གསེས་ཤེས་པ་ནི་བོད་ཀྱི་རྩོམ་རིག་ལས་ཐོབ་པའི་གྲུབ་འབྲས་ཤིག་ཡིན་སྙམ། 

༦༽ རང་ཉིད་ངོ་སྤྲོད་མདོར་བསྡུས་ཤིག་བྱེད་རོགས།

ལན།  དངོས་མིང་། བསྟན་འཛིན་ཆོས་སྒྲོན། པིར་མིང་། འབྲོག་མོ། སྐྱེས་ས། འདམ་གཞུང་།
རང་ཉིད་ངོ་སྤྲོད་མདོར་བསྡུས།  ང་ནི་བོད་ནས་ཡོང་བའི་གསར་འབྱོར་ཞིག་ཡིན་པ་དང་།  བོད་ནང་དུ་སློབ་སྦྱོང་གི་གོ་སྐབས་རགས་མྱོང་མེད་པར་རྟ་ནོར་ལུག་གསུམ་དང་མཉམ་འགྲོག་གིས་མོ་ལོ་བཅུ་དགུ་བར་འབྲོག་མོ་ཞིག་བྱས་ནས་ལང་ཚོའི་མེ་ཏོག་བཞད་ལ།  ༢༠༠༨སྟེ་མོ་ལོ་ཉི་ཤུའི་ཐོག་ཏུ་རྒྱ་གར་དུ་འབྱོར་ནས་ཆེས་ཐོག་མའི་སློབ་གྲྭ་ཤེས་རབ་དགའ་ཚལ་གླིང་དུ་ཞུགས་ཤིང་།  དེ་རུ་ལོ་ལྔ་ལ་སློབ་སྦྱོང་གི་གོ་སྐབས་ཐོབ་སོང་། སླར་ས་རཱ་མཐོ་སློབ་ཏུ་ཟུར་སྦྱོང་ལོ་གཉིས་དང་ཕྱེད་ཀ དེའི་རྗེས་རིག་གནས་རབ་འབྱམས་པ་ལོ་གཉིས་ལ་སློབ་སྦྱོང་བྱས་པ་ཞིག་ཡིན།

ཕྱི་ལོ་ ༢༠༡༦ ཟླ་ ༠༤ ཚེས་ ༡༤ ལ།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།