TueFebTue2017

སྤེལ་དུས་མཐའ་མ།03:59:19 AM GMT

རྩོམ་གསར།:

ཀླུ་མོ་མཚོར་བོད་ཀྱི་རྩོམ་རིག་སྐོར་གྱི་བཅར་འདྲི།

ཀླུ་མོ་འཚོ།

འདི་ནི་སྔོན་ཆད་བོད་ཀྱི་རྩོམ་རིག་མེ་ལོང་མའི་འགྲོས་ལ་ཡུན་རིང་བོར་འཐམས་པ་དང་མི་འདྲ་བར་གོམ་སྟོབས་གསར་བ་ཞིག་ཏུ་མཐོང་པས། ངས་ད་ལྟའི་བོད་ཀྱི་རྩོམ་རིག་མདུན་བསྐྱོད་ཀྱི་ལམ་ཡངས་ཤིང་སྤོབས་པ་ཤུགས་དྲག་རྒྱས་པ་ཞིག་ཏུ་མཐོང་གིན་ཡོད།

འདི་ག་ལྷ་ས་རྩོམ་རིག་མེ་ལོང་རྩོམ་སྒྲིག་ཁང་གིས་བཙན་བྱོལ་བོད་ཀྱི་བུད་མེད་རྩོམ་འབྲི་བ་རྣམས་སུ་བོད་ཀྱི་རྩོམ་རིག་སྐོར་ལ་བཅར་འདྲི་ཞུ་བཞིན་པ་ལས་ཀླུ་མོ་འཚོས་དྲིས་ལན་གནང་བ་གཤམ་གསལ་ཏུ་གཟིགས་པར་བགྱིས།

༡ ཁྱོད་རང་རྩོམ་འབྲིའི་ལས་ཀར་ཞུགས་ནས་ད་ལྟའི་བར། རང་ཉིད་ཀྱི་གསར་རྩོམ་དང་འབྲེལ་བའི་དངོས་བྱུང་སྣང་ཚུལ་ཡ་མཚན་པ་དེ་འདྲར་འཕྲད་མྱོང་ངམ།

ལན། ང་ལ་ད་དུང་དེ་འདྲ་དམིགས་བསལ་ཤོད་རྒྱུ་མེད།

༢ ཁྱོད་ཀྱིས་ད་ལྟའི་བོད་ཀྱི་རྩོམ་རིག་ལ་ལྟ་སྟངས་ཅི་འདྲ་བཟུང་ཡོད།

ལན། ལོ་རབས་བརྒྱད་ཅུ་བར་བོད་ལ་རྩོམ་རིག་གི་སྣང་ཚུལ་སྔར་དང་མི་འདྲ་བ་ཞིག་བྱུང་བ་དེ་ཕལ་ཆེར་བོད་ཀྱི་རྩོམ་རིག་ལ་རྒྱུས་ཡོད་ཚང་མ་བརྒྱ་ཁ་གཅིག་གྲགས་ལྟ་བུ་རེད།

དེ་ནས་ད་ལྟའི་བར་ལོ་ངོ་སུམ་ཅུ་ལྷག་ཕྱིན་པའི་རིང་ངས་བོད་ཀྱི་རྩོམ་རིག་དེ་༼ལང་ཚོའི་རྦབ་ཆུ༽ལྟ་བུ་དེ་ལའང་ཡུན་རིང་མ་འགྲོགས་པར་ཐོལ་བརྒལ་གྱི་རྣམ་པ་དང་ནང་དོན། གྲངས་ཚད། བརྒྱུད་ལམ། རྩོམ་མཁན་བཅས་ཕྱོགས་གང་ཅིའི་ཐད་ནས་ལུས་སྟོབས་ཆེས་ཆེར་རྒྱས་ཡོད་པར་མཐོང་གིན་ཡོད།

འདི་ནི་སྔོན་ཆད་བོད་ཀྱི་རྩོམ་རིག་མེ་ལོང་མའི་འགྲོས་ལ་ཡུན་རིང་བོར་འཐམས་པ་དང་མི་འདྲ་བར་གོམ་སྟོབས་གསར་བ་ཞིག་ཏུ་མཐོང་པས། ངས་ད་ལྟའི་བོད་ཀྱི་རྩོམ་རིག་མདུན་བསྐྱོད་ཀྱི་ལམ་ཡངས་ཤིང་སྤོབས་པ་ཤུགས་དྲག་རྒྱས་པ་ཞིག་ཏུ་མཐོང་གིན་ཡོད།

༣ རང་སྐད་དང་གཞན་སྐད་ཐུན་མོང་གི་ངོས་ནས་བལྟས་ན། བོད་ཀྱི་བུད་མེད་ཀྱི་རྩོམ་འབྲིའི་སྤུས་ཚད་ཇི་འདྲ་ཞིག་ཏུ་མཐོང་གི་ཡོད།

ལན། བོད་ཀྱི་བུད་མེད་ཀྱི་རྩོམ་འབྲིའི་སྤུས་ཚད་ཀྱི་ཐད་ནས་རང་སྐད་ཀྱི་ཐོག་ནས་རྩོམ་མཁན་དང་གཞན་སྐད་ལ་བརྟེན་ནས་འབྲི་མཁན་གཉིས་ཀ་ཆ་སྙོམ་གྱིས་སྤུས་ཚད་མཐོན་པོ་རེད་ལབ་རྒྱུ་མི་འདུག 

ལྷག་པར་དུ་བོད་ཀྱི་བུད་མེད་ཀྱིས་གཞན་སྐད་ལ་བརྟེན་ནས་རྩོམ་བྲིས་པའི་ལོ་རྒྱུས་མི་རིང་བར་སོང་ཙང་། སྤུས་ཚད་ཀྱི་ཐད་ནས་གཞན་དང་བསྡུར་ནས་ཚད་གཞི་ཞིག་འཇོག་རྒྱུ་ཧ་ཅང་དཀའ་མོད། ལམ་ཚད་དང་ཁོར་ཡུག་ལ་དཔག་པའི་སྤུས་ཚད་ཀྱང་མི་ལེགས་ན་ཞན་པོར་མཐོང་གིན་མི་འདུག་ལ། དེ་ནས་རང་སྐད་ལམ་ནས་བྲིས་རྩོམ་རེ་གཉིས་ཡོད་པ་ཙམ་མིན་པར། རྩོམ་མཁན་གྱི་ཚད་དུ་སླེབས་པ་ཕལ་མོ་ཆེ་ལ་སྤུས་ཚད་ཀྱི་ཚད་མཇལ་རན་ཡོད་ངེས་ལ།

བོད་ནང་གི་བུད་མེད་རྩོམ་འབྲིའི་བྱ་བ་གཉེར་མཁན་མང་པོ་ཞིག་གིས་དཀའ་ངལ་ཡོད་ཚད་ལ་གདོང་ལེན་གྱིས་རང་གིས་བདམས་པའི་ལམ་འདི་མ་དོར་བར་འབད་བརྩོན་བླ་ལྷག་བགྱིས་པ་ལ་བརྟེན་ནས། ཉེ་བའི་ལོ་ངོ་འདི་དག་གི་རིང་བུད་མེད་ཀྱི་དཔེ་ཚོགས་དང་སྒེར་དེབ་སྤུས་ཚད་ལོངས་པ་གཅིག་རྗེས་གཉིས་མཐུད་ཀྱིས་ཐོན་བཞིན་འདུག་པས། ང་ཚོས་བོད་ཀྱི་བུད་མེད་ཀྱི་རྩོམ་འབྲིའི་སྤུས་ཚད་ཟེར་དུས་ཀྱང་རྩོམ་མཁན་འདི་དག་གི་ངོས་ནས་གླེང་དགོས་པ་རེད་འདོད།

༤གཞིས་བྱེས་གཉིས་ཀྱི་བུད་མེད་རྩོམ་འབྲི་མཁན་རྣམས་ཀྱི་རྩོམ་འབྲིའི་རྨང་གཞི་ལ་མ་འདྲ་བ་ཅི་ཞིག་མཐོང་སོང་།

ལན། སྤྱིར་བཏང་རྩོམ་འབྲིའི་རྨང་གཞི་ལ་ཁྱད་པར་མང་པོ་ཡོད་ངེས་རེད་དེ། ངས་གཙོ་བོ་འབྲི་ཀློག་གི་རྨང་གཞི་ལ་ཁྱད་པར་ཆེན་པོ་མཐོང་གིན་ཡོད། བོད་གཞིས་སུ་རྩོམ་རིག་རང་སྟེང་གི་རྨང་གཞི་མཐུག་པ་དང་རྩོམ་མཁན་གྱི་གྲངས་འབོར་མང་བར་སོང་། བུད་མེད་རྩོམ་མཁན་ཞིག་ཡིན་ཡང་ཐོག་མར་འབྲི་ཀློག་གི་རྨང་གཞི་ལེགས་པོ་ཞིག་མེད་ན། རྩོམ་མཁན་གྱི་གྲས་སུ་ཚུད་དཀའ་བའམ་རྩོམ་རིག་གི་སྟེགས་བུ་རུ་འབུད་དཀའ་བ་རེད་ལ། བྱེས་སུ་དེ་ལས་ལྡོག་སྟེ་རྩོམ་རིག་ལ་རྨང་གཞི་དེ་ཙམ་མེད་པ་དང་རྩོམ་རིག་གི་ཁྱབ་རྒྱ་དེ་ཙམ་མི་ཆེ་བ། དེ་བས་ཀྱང་བུད་མེད་རྩོམ་འབྲི་བ་གྲངས་ཀ་ཙམ་ཡིན་པར་བརྟེན། འབྲི་ཀློག་གི་རྨང་གཞི་མེད་ཀྱང་ངེས་དོན་གྱི་གདེང་འཇོག་བྱེད་མཁན་ཅི་ཙམ་ཡོད་མེད་མི་ཤེས་མོད། མི་འགའ་ཤས་ཀྱིས་བརྒྱ་གྲགས་སྦིར་གྲགས་ཀྱིས་ཅིག་ཉན་འགྲོ་གི་ཡོད་པ་ལྟ་བུ་རེད།

༥ བོད་ཀྱི་རྩོམ་རིག་ལས་ཁྱོད་རང་ཉིད་ལ་ཆེས་གལ་ཆེ་བའི་ཐོབ་བྱ་ཅི་ཞིག་རེད་དམ།

ལན། བོད་ཀྱི་རྩོམ་རིག་ནི་ཕྱི་ནང་ཀུན་ནས་རྒྱ་ཆེ་ཞིང་གཏིང་ཟབ་པ་ཞིག་ཡིན་པར་བརྟེན། རང་ཉིད་རྩོམ་རིག་ལ་མྱོང་འདྲིས་ཟབ་ཏུ་སོང་བ་དང་བསྟུན་ནས་རང་གི་རྩོམ་འབྲིའི་ནུས་ཤུགས་མཐོར་འདེགས་བྱེད་པའི་སྤོབས་པ་ཞིག་རྙེད་ཐུབ་ན་དེ་ཐོབ་བྱ་གལ་ཆེ་བ་དེ་རེད་འདོད།

༦ རང་ཉིད་ངོ་སྤྲོད་མདོར་བསྡུས་ཤིག་བྱེད་རོགས།

ལན། མིང་ལ་ཀླུ་མོ་མཚོ་དང་། སྨྱུག་མིང་ལ་ཀླུ་དཀར་མོ་ཟེར། ཕ་ཡུལ། རེབ་གོང་། བོད་ཕྱི་ནང་གི་དྲ་བ་དང་དེབ། ཚགས་ཤོག་བཅས་ཀྱི་སྟེང་རྩོམ་སྤེལ་མྱོང་ཡོད།

༢༠༡༦ཟླ་༠༥ཚེས་༠༢ཉིན།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།