TueFebTue2017

སྤེལ་དུས་མཐའ་མ།03:59:19 AM GMT

རྩོམ་གསར།:

བསམ་གླིང་ཚེ་རིང་ལྷ་མོར་བོད་ཀྱི་རྩོམ་རིག་སྐོར་གྱི་བཅར་འདྲི།

བསམ་གླིང་ཚེ་རིང་ལྷ་མོ།

བོད་ཀྱི་བུད་མེད་རྣམས་པའི་རྩོམ་འབྲིའི་སྤུས་ཚད་དེ་དག་སྐྱེས་པ་དང་མི་འདྲ་བ་གང་ཡང་མཐོང་གི་མེད།  གཙོ་ཆེ་ཤོས་ཆ་རྐྱེན་དང་གོ་སྐབས་ཀྱི་ཐོག་ནས་རེད། ཆ་རྐྱེན་དང་གོ་སྐབས་འདྲ་མཉམ་ཡོད་པའི་བོད་ཀྱི་བུད་མེད་ཚོས་སྐད་ཡིག་གང་འདྲ་ཞིག་ལའང་དེང་དུས་འཛམ་གླིང་སྤྱི་ཡོངས་ཀྱི་རྩོམ་པ་པོ་དང་འདྲ་བའི་ནུས་ཤུགས་འདོན་ཐུབ་འདུག་སྙམ།

འདི་ག་ལྷ་ས་རྩོམ་རིག་མེ་ལོང་རྩོམ་སྒྲིག་ཁང་གིས་བཙན་བྱོལ་བོད་ཀྱི་བུད་མེད་རྩོམ་འབྲི་བ་རྣམས་སུ་བོད་ཀྱི་རྩོམ་རིག་སྐོར་ལ་བཅར་འདྲི་ཞུ་བཞིན་པ་ལས་བསམ་གླིང་ཚེ་རིང་ལྷ་མོ་ཡིས་དྲིས་ལན་གནང་བ་གཤམ་གསལ་ཏུ་གཟིགས་པར་བགྱིས།

༡ ཁྱོད་རང་རྩོམ་བྲིའི་ལས་ཀར་བཞུགས་ནས་ད་ལྟའི་བར། གསར་རྩོམ་དང་འབྲེལ་བའི་སྣང་ཚུལ་ཡ་མཚན་པ་དེ་འདྲར་འཕྲད་མྱོང་ངམ།

ལན།  རྩོམ་འབྲིའི་ལས་ཀ་དེ་ཕལ་ཆེར་མི་ཞིག་གི་དགའ་མོས་དང་དོ་སྣང་ཡོད་མེད། ད་དུང་དེའི་ཐོག་གི་འགན་འཁྲི་ངོས་བཟུང་ཡོད་མེད་སོགས་མང་པོ་ཞིག་གི་སྒང་ནས་འགྲོ་གི་ཡོད་པ་འདྲ། གསར་རྩོམ་དང་འབྲེལ་བའི་སྣང་ཚུལ་ཡ་མཚན་ཅན་དེ་འདྲ་མཐོང་མ་སོང་མོད། ང་ཚོའི་སྤྱི་ཚོགས་ནང་བོད་མིི་མང་པོ་ཞིག་ཤེས་ཡོན་གྱི་ཐོག་ནས་ལྟོ་གོས་འཚོལ་མཁན་ཞིག་ཡིན་ནའང་། དཔེ་ཀློག་གི་གོམས་གཤིས་རྐང་རྩ་རང་ནས་མེད་པ་དེ་ཚོའི་རིགས་ལ་ང་རང་ཡ་མཚན་ཆེན་པོ་སྐྱེ་གི་འདུག།

གལ་སྲིད་ཡིག་རྨོངས་བ་ཞིག་ཡིན་པ་དང་ཡང་ན་ཕྱེད་ཡིག་རྨོངས་པ་ཞིག་ཡིན་ན་གནས་ཚུལ་དེར་ཡ་མཚན་བྱེད་མི་དགོས་པ་ཞིག་རེད་ལ། གཞན་ཡང་ཞིང་པ་དང་།འབྲོག་པ། ཚོང་པ། ཨར་ལས་པ། འཐག་ལས་པ་སོགས་ཀྱིས་ཀྱང་དཔེ་དེབ་དང་རྒྱང་ཐག་རིང་པོ་བྱེད་པ་དེ་དག་ང་རང་ཚོའི་སྤྱི་ཚོགས་ཀྱི་ངོས་ནས་བཤད་ན་ཡ་མཚན་བྱེད་དགོས་པ་ཞིག་མ་རེད།

༢ ཁྱོད་ཀྱིས་ད་ལྟའི་བོད་ཀྱི་རྩོམ་རིག་ལ་ལྟ་སྟངས་ཅི་འདྲ་བཟུང་ཡོད།

ལན། ད་ལྟའི་བོད་ཀྱི་རྩོམ་རིག་གསུངས་ཡོང་དུས་བོད་ཕྱི་ནང་གཉིས་ཀའི་ཐོག་ནས་གསུང་གི་ཡོད་ཀྱི་རེད།  བོད་ཕྱི་ནང་གཉིས་ཀའི་ཐོག་ནས་བལྟས་ན་ད་ལྟའི་དུས་རབས་འདིར་དཔེ་དེབ་གསར་ཐོན་གྱི་དུས་རབས་ཤིག་རེད། དཔེ་དེབ་གསར་ཐོན་གྱི་དུས་རབས་འདིའི་ནང་རྒྱལ་རབས་དང་ཆོས་འབྱུང་། ཉམས་ཞིབ་དཔྱད་རྩོམ། སྙན་དངགས། སྒྲུང་ཐུང་དང་སྒྲུང་རིང་། བྱིས་པའི་བརྙན་དེབ་ལ་སོགས་གང་ཅིའི་ཐད་གྲངས་འབོར་དང་སྤུས་ཚད་གང་ཙམ་གྱི་ཚད་མཐོན་པོར་སོན་པའི་དུས་རབས་ཤིག་རེད།

འོན་ཀྱང་ཕྱིའི་སྐད་ཡིག་དང་དཔེ་དེབ་ཀྱི་འཕེལ་ཕྱོགས་དང་དཔྱད་བསྡུར་ཞིག་བྱས་ན་ང་ཚོ་ད་དུང་ཡང་རྗེས་ལུས་མིན་ནམ་སྙམ་པ་ཞིག་འདུག ལྷག་པར་དུ་དེང་དུས་ཀྱི་རྩོམ་རིག་ཁ་ཕྱོགས་དང་གནའ་བོའི་བོད་ཀྱི་རྩོམ་རིག་གཉིས་ཁ་ཕྱོགས་ཐ་དད་དུ་སོང་ཡོད་པའི་ཚོར་སྣང་ཞིག་བྱུང་། དཔེར་ན་གནའ་བོའི་བོད་ཀྱི་ལྷ་མོའི་འཁྲབ་གཞུང་ཆེ་ཁག་རྣམས་དང་། དེ་བཞིན་རྗེ་བཙུན་མི་ལ་རས་པའི་རྣམ་ཐར། གཏམ་པདྨའི་ཚལ་གྱི་ཟློས་གར། རྫ་ཙིག་གཏམ་རྒྱུད། གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད་ལ་སོགས་ནི་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་སྟོན་གཙོ་བོར་གསུངས་པ་ཞིག་དང་། དུས་རབས་གསར་པའི་རྩོམ་རིག་གི་ངོས་ནས་བལྟས་ན་ནུབ་ཕྱོགས་པའི་རྩོམ་རིག་ལྟར་འཚོ་བ་དངོས་ཀྱི་སྣང་བརྙན་གཞི་ལ་བཞག་ནས་བརྗོད་པ་ལྟ་བུ་ཞིག་རེད།

༣ རང་སྐད་དང་གཞན་སྐད་ཐུན་མོང་གི་ངོས་ནས་བལྟས་ན། བོད་ཀྱི་བུད་མེད་རྩོམ་འབྲིའི་སྤུས་ཚད་ཇི་འདྲ་ཞིག་ཏུ་མཐོང་གི་ཡོད་དམ།

ལན། བོད་ཀྱི་བུད་མེད་རྣམས་པའི་རྩོམ་འབྲིའི་སྤུས་ཚད་དེ་དག་སྐྱེས་པ་དང་མི་འདྲ་བ་གང་ཡང་མཐོང་གི་མེད།  གཙོ་ཆེ་ཤོས་ཆ་རྐྱེན་དང་གོ་སྐབས་ཀྱི་ཐོག་ནས་རེད། ཆ་རྐྱེན་དང་གོ་སྐབས་འདྲ་མཉམ་ཡོད་པའི་བོད་ཀྱི་བུད་མེད་ཚོས་སྐད་ཡིག་གང་འདྲ་ཞིག་ལའང་དེང་དུས་འཛམ་གླིང་སྤྱི་ཡོངས་ཀྱི་རྩོམ་པ་པོ་དང་འདྲ་བའི་ནུས་ཤུགས་འདོན་ཐུབ་འདུག་སྙམ། དཔེར་ན་བུད་མེད་རྩོམ་པ་པོ་འོད་ཟེར་ལགས་ལྟ་བུ།

༤ གཞིས་བྱེས་གཉིས་ཀྱི་བུད་མེད་རྩོམ་འབྲི་མཁན་རྣམས་ཀྱི་རྩོམ་འབྲིའི་རྨང་གཞི་མ་འདྲ་བ་ཅི་ཞིག་མཐོང་སོང་།

ལན། རྩོམ་བྲིའི་རྨང་གཞི་མ་འདྲ་བའི་ཁྱད་པར་གང་ཡང་མཐོང་གི་མི་འདུག། གཙོ་བོ་རང་དབང་ཡོད་མེད་ཀྱི་ཁྱད་པར་ཞིག་རེད། བོད་ནང་གི་བུད་མེད་རྣམས་ཀྱིས་ཀྱང་སོ་སོའི་མི་རིགས་ཀྱི་སྐད་ཡིག་དང་། བོད་ཀྱི་གནད་དོན་ཐད་གང་ལྕོག་གི་འབད་བརྩོན་གནང་བཞིན་པ་ཤེས་གསལ་རེད། དེ་བཞིན་བཙན་བྱོལ་ནང་གི་བུད་མེད་མི་འབོར་ཉུང་ཉུང་ཞིག་ཡིན་ཀྱང་རང་རང་སོ་སོས་གང་ལྕོག་གིས་འབད་བརྩོན་བྱེད་བཞིན་པ་དེ་དག་ལ་ང་རང་གི་ངོས་ནས་རྗེས་སུ་ཡི་རངས་ཞུ་གི་ཡོད།

༥ བོད་ཀྱི་རྩོམ་རིག་ལས་ཁྱོད་རང་ཉིད་ཆེས་གལ་ཆེ་བའི་ཐོབ་བྱ་ཅི་ཞིག་རེད་དམ།

ལན། རྩོམ་རིག་ལ་དགའ་མོས་བྱེད་མཁན་ཞིག་གི་ངོས་ནས་བཤད་ན། བོད་ཀྱི་རྩོམ་རིག་གི་ཐོག་ནས་རིན་ཐང་བྲལ་བའི་བསམ་བློའི་རྒྱགས་ཕྱེ་ཐོབ་ཐུབ་ཀྱི་རེད། ཉེ་འཆར་རང་ངས་མཚོ་སྔོན་པོའི་བོད་ཡིག་ཟིན་བྲིས་སྒང་ནས་ལེགས་བཤད་འདི་དག་མཐོང་བྱུང་བ་ནི།{རྩོམ་རིག་སྒྱུ་རྩལ་ལ་ཞུགས་འདོད་ན་ངེས་པར་དུ་དཔེ་ཀློག་མང་དུ་བྱེད་དགོས་ཟེར་བ་འདི་རེད།} ཅེས་དང་ཡང་། {དཔེར་ན། རྒྱ་མི་རིགས་ལ“དཔེ་ཆའི་ཀློང་ན་གསེར་གྱི་གཞལ་ཡས་ཡོད།།དཔེ་ཆའི་ཀློང་ན་གཡུ་ཡི་བཻཌྰུར་ཡོད།།”ཟེར་ཞིང་དཔེ་ཀློག་གི་ཁྲོད་ནས་བདེ་སྐྱིད་ཀྱི་མི་ཚེ་འཚོལ་བ་རེད། དེ་བཞིན་དུ་རྩོམ་རིག་ལ་དགའ་བའི་མི་རྣམས་ཀྱིས “དཔེ་ཆ་བརྒྱ་སྟོང་མང་དུ་བཀླགས་པ་ན། །སྨྱུ་གུའི་རྩེ་མོར་ལྷ་ཡི་སྤྲུལ་བ་འབྱོན། །”ཞེས་རང་ཉིད་ཀྱི་རྩོམ་རྩལ་རབ་ཏུ་རྒྱས་པར་བཤད། ཡ་ཧུ་དཱ་པ་མི་རིགས་ལ་མཚོན་ན། བྱིས་པ་བཙས་མ་ཐག་པས་ཨ་མའི་ནུ་ཞོ་ཁ་ལ་རེག་པའི་གོ་སྐབས་དེ་དང་བསྟུན་ནས། དཔེ་ཆའི་སྟེང་སྦྲང་རྩི་བྱུགས་པ་དེ་ལྡག་ཏུ་འཇུག དེ་ནི་བྱིས་པའི་རྒྱུད་ལ་དཔེ་ཆ་ནི་སྦྲང་རྩི་ལྟར་ཞིམ་པོ་ཡིན་པའི་ཐོག་མའི་བག་ཆགས་འཇོག་པའི་གོམས་སྲོལ་ཞིག་རེད།

དེ་ལྟར་གནང་བས་བྱིས་པ་རྣམས་ཀྱི་ཐོག་མའི་བག་ཆགས་སུ་དཔེ་ཆ་ནི་ཨ་མའི་ནུ་ཞོ་ལྟ་བུའི་བག་ཆགས་ཡོད་པར་བརྟེན། དཔེ་ཀློག་ནི་ཁོ་ཚོར་མཚོན་ན་འཚོ་བཅུད་གཞིབ་པའི་སྣང་ཚུལ་དུ་གྱུར་ཡོད་པར་མ་ཟད། ད་དུང{དཔེ་ཆ་ནི་སྒྲོན་མེ་སྟེ། དཔེ་ཀློག་བྱས་ན་མདུན་ལམ་གསལ་བར་འགྱུར། དཔེ་ཆ་ནི་ཟམ་པ་སྟེ། དཔེ་ཀློག་བྱས་ན་འགྲམ་གཉིས་སྦྲེལ་བར་འགྱུར། དཔེ་ཆ་ནི་ཕྱར་བ་སྟེ། དཔེ་ཀློག་བྱས་ན་མི་ཚེའི་གྲུ་གཟིངས་མདུན་དུ་སྒུལ་ནུས། དེ་བས། དཔེ་ཀློག་ནི་མི་ཚེ་ཡི་སྒྱུ་རྩལ་ཞིག་སྟེ།བཀླགས་པ་ལ་བརྟེན་ནས་མི་ཚེ་མཚར་སྡུག་ཅན་དུ་གཏོང་དགོས་པས་སོ། །}  ཞེས་པ་དེ་དག་ཆེད་རྩོམ་ཞིག་གི་ནང་དུ་ལུང་འདྲེན་གནང་ནས་བཀོད་འདུག་པས་གུས་མོའི་ངོས་ནས་བཤད་ནའང་དེ་དག་ནི་ལེགས་བཤད་ཚད་མ་རང་ལགས་པས་འདིར་ནང་འདྲེན་བྱས་ཡོད།

༦ རང་ཉིད་ངོ་སྤྲོད་མདོར་བསྡུས་ཤིག་བྱེད་རོགས།

ལན། རང་ཉིད་ཀྱི་མིང་ལ་བསམ་གླིང་ཚེ་རིང་ལྷ་མོ་ཞུ་བ་དང་སྐྱེ་ཡུལ་བོད་ཀྱི་རྒྱལ་ས་ལྷ་སའི་སྟག་རྩེ་རྫོང་ནས་ཡིན། ༡༩༩༡ ལོ་ནས་བཟུང་སུ་ཇ་བོད་ཁྱིམ་སློབ་གྲྭར་སློབ་སྦྱོང་བྱས་པ་དང་། རྡ་ས་རིག་ལམ་སློབ་གཉེར་ཁང་ནས་དགེ་རྒན་འོས་སྦྱོང་དང་། རིག་གནས་རབ་འབྱམས་པའི་བསླབ་པ་མཐར་སོན། ༡༩༩༦ ལོ་ནས་བཟུང་གཞི་རིམ་འོག་མའི་དགེ་རྒན་གྱི་ལས་གནས་ཐོག། སཱ་ར་མཐོ་སློབ་ནས་ཡིག་འགྲུལ་ལམ་གྱི་མཐོ་རིམ་རིག་གནས་རབ་འབྱམས་པ་སོགས་ཀྱི་ལག་ཁྱེར་ཐོབ་ཅིང་། བརྩམས་སྒྲུང་དང་སྙན་དངགས།ཚགས་པར་དང་དུས་དེབ་ཁག་ཅིག་ལ་ཆེད་རྩོམ་སྤེལ་བ། བྱིས་པའི་བརྙན་དེབ་མི་ཉུང་བ་ཞིག་བོད་སྒྱུར་ཞུས་པ་དང་བརྩམས་པ་སོགས་བྱས་ཡོད་པ་ལགས་སོ།།

༢༠༡༦ཟླ༠༥ཚེས་༡༠ཉིན།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།