MonJunMon2017

སྤེལ་དུས་མཐའ་མ།04:53:59 AM GMT

རྩོམ་གསར།:

དབྱངས་ཅན་སྒྲོལ་མར་བོད་ཀྱི་རྩོམ་རིག་སྐོར་གྱི་བཅར་འདྲི།

དབྱངས་ཅན་སྒྲོལ་མ།

བོད་གཞིས་བྱེས་གཉིས་སུ་རྩོམ་པ་པོ་དང་ལྷག་པར་དུ་གསར་རྩོམ་གནང་མཁན་མང་པོ་ཞིག་གོ་ཐོས་མྱོང་གསུམ་བྱུང་།   ཁོང་ཚོས་བརྩམས་གནང་བའི་སྒྲུང་།  སྙན་ངག  རྩོམ་བཅས་ནི་སྙིང་སྟོབས་ལྡན་ཞིང་། རང་བཞིན་གྱིས་ཀློག་པ་པོ་རྣམས་ལ་གསོན་ཤུགས་དང་སྤོབས་པ་སྦྱིན་ཐུབ།

འདི་ག་ལྷ་ས་རྩོམ་རིག་མེ་ལོང་རྩོམ་སྒྲིག་ཁང་གིས་བཙན་བྱོལ་བོད་ཀྱི་བུད་མེད་རྩོམ་འབྲི་བ་རྣམས་སུ་བོད་ཀྱི་རྩོམ་རིག་སྐོར་ལ་བཅར་འདྲི་ཞུ་བཞིན་པ་ལས་དབྱངས་ཅན་སྒྲོལ་མས་དྲིས་ལན་གནང་བ་གཤམ་གསལ་ཏུ་གཟིགས་པར་བགྱིས།

༡༽  ཁྱོད་རང་རྩོམ་འབྲིའི་ལས་ཀར་ཞུགས་ནས་ད་ལྟའི་བར། རང་ཉིད་ཀྱི་གསར་རྩོམ་དང་འབྲེལ་བའི་དངོས་བྱུང་སྣང་ཚུལ་ཡ་མཚན་པ་དེ་འདྲར་འཕྲད་མྱོང་ངམ།
ལན། དང་ཐོག་ངས་ལྷ་ས་རྩོམ་རིག་མེ་ལོང་གི་རྩོམ་པ་པོ་ཡོངས་ལ་འཚམས་འདྲི་དང་འབྲེལ་ང་ཚོ་ལ་འདི་ལྟ་བུའི་གོ་སྐབས་ཤིག་གནང་བར་ཐུགས་རྗེ་ཆེ་ཞུ།  ང་རང་རྒྱུན་དུ་རྩོམ་ཐ་རེ་ཐོ་རེ་འབྲི་རྒྱུར་དགའ་བ་ལས་རྩོམ་ཡིག་དང་སྙན་ངག་ལེགས་པོ་ཞིག་འབྲི་ཤེས་ཀྱི་མེད།  བདག་ལ་གསར་རྩོམ་དང་འབྲེལ་བའི་ཚོར་སྣང་དམིགས་གསལ་བྱུང་མ་སོང་རུང་།  མཚམས་རེ་རྩོམ་ཡིག་འགའ་འབྲི་སྐབས་གློ་བུར་དྲན་པའི་ནང་དུ་མེད་པའི་བསམ་བློ་དམིགས་བསལ་བ་དང་ཚོར་བ་གསར་བ་འཁོར་ཡོང་གི་འདུག                                                                                         

༢༽ ཁྱོད་ཀྱིས་ད་ལྟའི་བོད་ཀྱི་རྩོམ་རིག་ལ་ལྟ་སྟངས་ཅི་འདྲ་བཟུང་ཡོད།
ལན། བོད་གཞིས་བྱེས་གཉིས་སུ་རྩོམ་པ་པོ་དང་ལྷག་པར་དུ་གསར་རྩོམ་གནང་མཁན་མང་པོ་ཞིག་གོ་ཐོས་མྱོང་གསུམ་བྱུང་།   ཁོང་ཚོས་བརྩམས་གནང་བའི་སྒྲུང་།  སྙན་ངག  རྩོམ་བཅས་ནི་སྙིང་སྟོབས་ལྡན་ཞིང་། རང་བཞིན་གྱིས་ཀློག་པ་པོ་རྣམས་ལ་གསོན་ཤུགས་དང་སྤོབས་པ་སྦྱིན་ཐུབ།   བརྩམས་ཆོས་དེ་དག་ནི་རྩོམ་པ་པོ་གསར་རྙིང་གཉིས་ཀྱི་སྙིང་སྟོབས། ཚོར་ཤུགས།  རེ་བ།  ཕུགས་བསམ། དགའ་སྐྱོ་སྡུག་གསུམ་གྱི་མཚོན་བྱེད་རེད་སྙམ།  ད་ལྟ་བོད་ཕྱི་ནང་གཉིས་ལ་རྩོམ་འབྲི་པ་པོ་མང་པོ་ཞིག་མཐོང་བཞིན་འདུག་ལ།  དེ་ནང་བཞིན་རྩོམ་འབྲི་སའི་སྡིངས་ཆ་ཡང་མང་པོ་ཞིག་བསྐྲུན་འདུག  ད་ལྟའི་རྩོམ་རིག་སྣ་མང་ལྡན་ཞིང་། ཁྱད་ཆོས་འདྲ་མིན་ཡང་ལྡན།   དཔེར་ན།  བོད་གཞིས་བྱེས་གཉིས་སུ་གྱེར་བའི་སེམས་ཚོར་དྲག་པོའི་རྩོམ།  རྒྱལ་ཁབ་དང་མི་རིགས་ལ་དགའ་ཞེན་མཚོན་པའི་རྩོམ།  སྤྱི་ཚོགས་འཚོ་བའི་རྩོམ།   ཕོ་མོ་བརྩེ་དུང་མཚོན་པའི་རྩོམ། སློབ་གསོ་སོགས་ཀྱི་རྩོམ་བཅས་མང་པོ་འདུག  ལོ་རེར་སྙན་རྩོམ་སྒྲུང་གསུམ་གྱི་གསར་དེབ་མང་པོ་ཞིག་བོད་ཀྱི་ན་གཞོན་དང་ཀློག་པ་པོ་རྣམས་ཀྱི་སྤྱན་ལམ་དུ་འབུལ་བཞིན་ཡོད་པ་འདི་དག་ནི་རྩོམ་རིག་ཐོག་ལ་མི་ཉམས་གོང་སྤེལ་དང་ཡར་རྒྱས་ཕྱོགས་སུ་བསྐྱོད་པ་ཞིག་རེད་སྙམ།                                                                                                              

༣༽ རང་སྐད་དང་གཞན་སྐད་ཐུན་མོང་གི་ངོས་ནས་བལྟས་ན། བོད་ཀྱི་བུད་མེད་ཀྱི་རྩོམ་འབྲིའི་སྤུས་ཚད་ཇི་འདྲ་ཞིག་ཏུ་མཐོང་གི་ཡོད།
ལན། བོད་ཀྱི་བུད་མེད་རྩོམ་འབྲིའི་སྤུས་ཚད་སྔོན་དང་བསྡུར་ན་ཡར་རྒྱས་ཕྱིན་ཡོད་རེད་བསམ། དེ་སྔོན་བོད་ལ་རྩོམ་པ་པོ་མང་པོ་ཞིག་ཡོད་ཀྱང་།  བུད་མེད་རྩོམ་པ་པོ་ཧ་ཅང་ཉུང་ཉུང་རེད།  ལྷག་པར་དུ་བུད་མེད་ཚོའི་རང་ཉིད་ཀྱི་སེམས་ཀྱི་ཚོར་བ་དང་།   བུད་མེད་ཚོའི་སྡུག་བསྔལ་མྱོང་རབས་ཀྱི་སྒྲུང་རྩོམ། རང་ཉིད་ཀྱི་ཐོབ་ཐང་དང་འདྲ་མཉམ་རྩོད་པའི་རྩོམ་སོགས་དང་། རང་དབང་ངང་ཅི་དྲན་ཅི་བསམ་བྲིས་པ་ཧ་ཅང་གིས་དཀོན། འོན་ཀྱང་དེང་དུས་རང་གཞན་སྐད་ཡིག་གཉིས་ཀྱི་ཐོག་ནས་རྩོམ་འབྲི་མཁན་བུད་མེད་མི་ཉུང་བ་ཞིག་མཐོང་བཞིན་འདུག དཔེར་ན་བོད་ཀྱི་བུད་མེད་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས། འཇམ་དབྱངས་སྐྱིད་ལགས། དཔལ་མོ་ལགས། སྒྲོལ་མ་ཚེ་རིང་ལགས། ཆོས་སྒྲོན་ལགས། ཚེ་རིང་དབྱངས་སྐྱིད་ལགས། ནོར་འཛིན་དབང་མོ་ལགས། ཚེ་རིང་དབང་མོ་ལགས། དབྱངས་འཛོམས་ལགས། སྐལ་བཟང་ལྷ་མོ་ལགས་སོགས་ཡོད་པ་དང་།  ཁོ་མོ་ཚོས་རང་ཉིད་ཀྱི་སྙིང་སྟོབས་དང་ནུས་ཤུགས་ཡོད་ཚད་བསྟན་ནས་ད་ལྟའི་བར་བརྩམས་ཆོས་མང་དག་ཅིག་བརྩམས་ཡོད།  ཡར་རྒྱས་ཕྱིན་ཟིན་པའི་རྒྱལ་ཁབ་དག་གི་བུད་མེད་རྩོམ་པ་པོ་རྣམས་དང་བསྡུར་ན་ང་ཚོ་བུད་མེད་རྩོམ་པ་པོ་ཉུང་བ་དང་སྤུ་ཚད་ཞན་པ་ཏོག་ཙམ་ཡོད་རུང་།  ང་ཚོའི་བུད་མེད་རྩོམ་པ་པོ་ཁ་ཤས་གྱི་བརྩམས་ཆོས་རྣམས་སྤུས་དག་ཞིང་བོད་མི་རིགས་དང་སྤྱི་ཚོགས་ལ་འགན་འཁུར་བའི་རྩོམ་སྒྲུང་ཡིན། ད་ལྟ་བོད་ཀྱི་བུད་མེད་རྣམས་རང་དབང་དང་འདོད་མོས་ངང་རྩོམ་སྒྲུང་ལ་ཞུགས་མཁན་མང་རུ་འགྲོ་བཞིན་པ་འདི་དགའ་འོས་པ་ཞིག་རེད་སྙམ།

༤༽ གཞིས་བྱེས་གཉིས་ཀྱི་བུད་མེད་རྩོམ་འབྲི་མཁན་རྣམས་ཀྱི་རྩོམ་འབྲིའི་རྨང་གཞི་ལ་མ་འདྲ་བ་ཅི་ཞིག་མཐོང་སོང་ངམ།
ལན། བོད་ཀྱི་གཞིས་བྱེས་གཉིས་སུ་གནས་པའི་བུད་མེད་རྩོམ་འབྲི་མཁན་རྣམས་ཀྱི་རྩོམ་འབྲིའི་རྨང་གཞི་སྤྱིའི་ཆ་ནས་བོད་ནང་བཞུགས་པའི་བུད་མེད་རྩོམ་འབྲི་མཁན་རྣམས་ཀྱི་རྨང་གཞི་ལེགས་པ་མཐོང་སོང་།  ཁོང་ཚོར་རྩོམ་རིག་སྦྱོང་བའི་ཁོ་ར་ཁོར་ཡུག་དང་དགེ་རྒན་ལེགས་པོ་ཡོད་པ། ཡང་ན་སྦྱང་གཞི་གཅིག་གི་ཐོག་ལ་ནུས་ཤུགས་སྟོན་གྱི་ཡོད་པའི་རྐྱེན་གྱིས་རེད་སྙམ།   བོད་ཕྱི་ལོག་དུ་གནས་པའི་རྩོམ་འབྲི་མཁན་རྣམས་ལ་རྩོམ་འབྲི་བའི་གོ་སྐབས་མང་དག་ཞིག་ཡོད་རུང་།  རྨང་གཞི་ཡག་པོ་ཞིག་བཙུགས་ཐུབ་མེད་པ་དང་དེ་ནས་ཁོང་རྣམས་ལ་སྦྱང་གཞི་མང་པོ་ཡོད་པའི་དབང་གིས་རྩོམ་རིག་ཁོ་ནའི་ཕྱོགས་སུ་ཤུགས་སྣོན་རྒྱག་ཐུབ་གྱི་མེད་རྐྱེན་ཕུལ་དུ་བྱུང་བའི་རྩོམ་འབྲི་མཁན་མང་པོ་ཞིག་བྱུང་ཐུབ་མེད་པ་འདི་རེད་སྙམ།

༥༽བོད་ཀྱི་རྩོམ་རིག་ལས་ཁྱོད་རང་ཉིད་ལ་ཆེས་གལ་ཆེ་བའི་ཐོབ་བྱ་ཅི་ཞིག་རེད་དམ།
ལན།  བོད་ཀྱི་རྩོམ་རིག་ལས་རང་ཉིད་ལ་རྩོམ་རིག་གི་ཤེས་བྱ་མང་པོ་ཞིག་ཐོབ་པ་དང་། བོད་ཀྱི་མཁས་པ་རྣམས་ཀྱིས་བརྩམས་གནང་བའི་བརྩམས་ཆོས་ལས་རང་ཉིད་ལ་རྩོམ་རིག་གི་མཛེས་སྡུག་མྱོང་རུ་འཇུག་པ་མ་ཟད་དེ་ལ་དགའ་བ་སྐྱེས་སུ་བཅུག  ཕུལ་ཏུ་བྱུང་བའི་བརྩམས་སྒྲུང་འགས་ཀློག་པ་པོ་རྣམས་ལ་དངོས་སུ་འཚོ་བ་དེའི་ནང་དུ་ཞུགས་སུ་འཇུག་པ་དང་། དེས་དགའ་སྐྱོ་སྡུག་གསུམ་མྱོང་ཐུབ་ཅིང་། འདི་ནི་རྩོམ་རིག་གི་ཁྱད་ཆོས་རེད་ལ་རང་ཉིད་ཀྱི་ཐོབ་བྱ་ཞིག་ཀྱང་ཡིན།   དེའང་རང་ཉིད་ཀྱིས་རྩོམ་ལེགས་པོ་ཞིག་འབྲི་ཤེས་ཀྱི་མེད་རུང།  ཕ་ཡུལ་གྱེས་པའི་གདུང་དབྱངས། རང་ཉིད་ས་མཐའ་རུ་དགའ་སྐྱོ་སྡུག་གསུམ་གྱི་འཚོ་བ་རྣམས་རེ་རེ་བཞིན་རྩོམ་ཐུང་བྲིས་ནས་མ་ལོངས་པར་དྲན་གསོར་འོངས་པའི་ཕྱིར་དྲན་ཞིག་དུ་འགྱུར་ངེས།  འདི་ནི་རྩོམ་རིག་གིས་བདག་ལ་སྦྱིན་པའི་ཐོབ་བྱ་ཡིན།

༦༽ རང་ཉིད་ངོ་སྤྲོད་མདོར་བསྡུས་ཤིག་བྱེད་རོགས།
ལན།  ངའི་མིང་ལ་དབྱངས་ཅན་སྒྲོལ་མ་ཟེར།  གུས་མོ་ནི་བོད་ནས་སྐྱེས་ཤིང་ཆུང་དུས་ནས་སློབ་གྲྭར་འགྲིམས་པའི་གོ་སྐབས་ཐོབ།  ༢༠༠༦ལོར་རྒྱ་གར་དུ་འབྱོར་ནས་བོད་ཁྱིམ་སུ་ཇ་སློབ་གྲྭ་རུ་འཛིན་རིམ་བཅུ་པ་མཐར་ཕྱིན་པ་དང་།  དེ་ནས་བོད་ཁྱིམ་གོ་པ་པུར་འཛིན་རིམ་བཅུ་གཅིག་བཅུ་གཉིས་བསླབ་མཐར་སོན།  ད་ལྟའི་ཆར་ལྡི་ལི་སློབ་ཆེན་དུ་སློབ་སྦྱོང་བྱེད་བཞིན་པ་ཡིན། བོད་ཁྱིམ་སློབ་གྲྭར་ཡོད་དུས་བོད་རྒྱ་དབྱིན་གསུམ་གྱི་དུས་དེབ་ཐོག་ལ་རྩོམ་ཐུང་འགའ་རེ་སྤེལ་མྱོང་བ་དང་། དྲ་ཚིགས་སོགས་སུ་རང་མོས་སྙན་ངག་དང་རྩོམ་ཐུང་ཐར་ཐོར་རེ་ཡང་སྤེལ་མྱོང་།   ཐུགས་རྗེ་ཆེ།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།