TueFebTue2017

སྤེལ་དུས་མཐའ་མ།03:59:19 AM GMT

རྩོམ་གསར།:

རིག་འཛིན་དབང་མོར་བོད་ཀྱི་རྩོམ་རིག་སྐོར་གྱི་བཅར་འདྲི།

རིག་འཛིན་དབང་མོར་བོད་ཀྱི་རྩོམ་རིག་སྐོར་གྱི་བཅར་འདྲི།

བོད་ཀྱི་བུད་མེད་རྩོམ་པ་པོ་དང་ཟིན་བྲིས་པ་རང་སྐད་ལས་གཞན་སྐད་ཐོག་འབྲི་མཁན་གྲངས་ཚད་ཀྱིས་མང་བར་མཐོང་བྱུང་། སྤུས་ཚད་ཀྱི་ཐད་ནས་རང་གཞན་གཉིས་ཀའི་སྐད་ཡིག་ཐོག་དེ་ཙམ་གྱིས་ཚད་ལོངས་པ་ཞིག་ཆགས་ཐུབ་ཀྱིན་མེད་པའི་ཚོར་སྣང་བྱུང་། བོད་ནང་ལ་ཡོད་པའི་བུད་མེད་མང་ཆེ་བས་རྒྱ་ཡིག་རྨང་གཞིར་བཞགས་པའི་ཐོག་ནས་ཡིག་རིགས་སློབ་ཀྱིན་ཡོད་པ་དང་། ཕྱི་ལ་གྱར་བའི་བུད་མེད་མང་ཆེ་བས་དབྱིན་སྐད་རྨང་གཞི་བྱས་ནས་ཟིན་བྲིས་ཀྱི་མགོ་བརྩམས་ཀྱིན་ཡོད་པའི་ཚོར་སྣང་བྱུང་།

འདི་ག་ལྷ་ས་རྩོམ་རིག་མེ་ལོང་རྩོམ་སྒྲིག་ཁང་གིས་བཙན་བྱོལ་བོད་ཀྱི་བུད་མེད་རྩོམ་འབྲི་བ་རྣམས་སུ་བོད་ཀྱི་རྩོམ་རིག་སྐོར་ལ་བཅར་འདྲི་ཞུ་བཞིན་པ་ལས་རིག་འཛིན་དབང་མོས་དྲིས་ལན་གནང་བ་གཤམ་གསལ་ཏུ་གཟིགས་པར་བགྱིས།

༡ ཁྱོད་རང་རྩོམ་འབྲིའི་ལས་ཀར་ཞུགས་ནས་ད་ལྟའི་བར། རང་ཉིད་ཀྱི་གསར་རྩོམ་དང་འབྲེལ་བའི་དངོས་བྱུང་སྣང་ཚུལ་ཡ་མཚན་པ་དེ་འདྲར་འཕྲད་མྱོང་ངམ།
ལན། སློབ་ཕྲུག་ཡིན་པའི་དུས་སུ་ངས་རང་ཉིད་ཀྱིས་བྲིས་པའི་ཟིན་བྲིས་དག་རྩོམ་ཡིག་ཞིག་གི་ཚད་ནས་འཛིན་མྱོང་། སྐབས་དེར་ང་ཡང་སྣང་བ་སྣ་རྩེར་ཡོད་པའི་དུས་སྐབས་རེད། ད་ལྟ་བསམ་བློ་བཏང་དུས་ངས་འབྲི་ཁུལ་བྱས་པའི་ཟིན་བྲིས་དེ་དག་རྩོམ་རིག་ལ་སེམས་པ་འཁོར་ནས་སྦྱང་བརྩོན་ཆེད་བྲིས་པའི་དཔེ་བརྗོད་ཙམ་ལས་རྩོམ་རིག་གི་ཚད་ལ་འཇོག་ཆོག་པའི་རྩོམ་ཡིག་ཞིག་ཡིན་པའི་གདེང་སྤོབས་མི་འདུག དེ་བས་ངས་ཅིག་འབྲི་ཁུལ་བྱས་པ་དག་གསར་རྩོམ་ཡིན་མི་སྲིད་སྙམ་པ་དེ་ཡིན། གང་ལྟར་ང་རང་ཟིན་བྲིས་དེ་དག་འབྲི་བའི་ལས་ལ་ཞུགས་ནས་ཡ་མཚན་དགོས་པའི་དངོས་བྱུང་ཚོར་སྣང་ལབ་ན། དམིགས་བསམ་ཞིག་ང་ལ་བཤད་ཡ་མི་འདུག ང་རང་ཉིད་ལ་མཚོན་ན་སྐད་ཡིག་དང་བསམ་བློ་གཉིས་ཀའི་ཐད་ནས་ཕན་ཐོག་ཆེན་པོ་བྱུང་སོང་སྙམ་ཡོད། དེ་དངོས་ཡོད་གནས་ཚུལ་ཡིན་པ་ལས་ཡ་མཚན་དགོས་པའི་དངོས་བྱུང་ཚོར་སྣང་དེ་འདྲ་གང་ཡང་མ་རེད། དེ་ཙམ་ཡིན།

 

༢ ཁྱོད་ཀྱིས་ད་ལྟའི་བོད་ཀྱི་རྩོམ་རིག་ལ་ལྟ་སྟངས་ཅི་འདྲ་བཟུང་ཡོད།
ལན། དྲང་མོ་བཤད་ན་ང་ལ་ད་ལྟའི་བོད་ཀྱི་རྩོམ་རིག་སྐོར་བཤད་པའི་སྤོབས་པ་མི་འདུག རྒྱུ་མཚན་ངས་བོད་ཀྱི་རྩོམ་རིག་གི་གཞུང་ལ་མཐུལ་ཕྱིན་པ་ཞིག་སྦྱང་མྱོང་མེད། འོན་ཀྱང་ཡི་གེ་བ་ཞིག་གི་ངོས་ནས་བསམ་ཚུལ་ཙམ་བཤད་ན་བོད་ཀྱི་སྤྱི་ཚོགས་རྙིང་བའི་དུས་སྐབས་དང་བསྡུར་ན་ད་ལྟའི་བོད་ཀྱི་རྩོམ་རིག་གི་ལམ་ཁ་རྒྱ་ཆེ་བ་དང་གུ་ཡངས་བར་མཐོང་གིན་འདུག འོན་ཀྱང་ལམ་ཁ་དེར་བསྐྱོད་མཁན་གྱི་བོད་པ་དག་གི་བསམ་བློ་དེ་ལྟར་རྒྱ་ཆེན་པོ་དང་གུ་ཡངས་པོ་ཡོད་མེད་བཤད་ཤེས་ཀྱིན་མི་འདུག སྤྱིར་ན་གུ་ཡངས་ཟེར་བ་དེ་རང་དབང་ཞིག་རེད། རང་དབང་དེ་ལོངས་སུ་སྦྱོད་སྐབས་འགན་འཁུར་ཡོད་པའི་སྐད་ཆ་ཡི་གེར་ཕབ་དགོས་པ་དེ་གལ་ཆེན་པོ་མཐོང་གིན་འདུག

༣ རང་སྐད་དང་གཞན་སྐད་ཐུན་མོང་གི་ངོས་ནས་བལྟས་ན། བོད་ཀྱི་བུད་མེད་ཀྱི་རྩོམ་འབྲིའི་སྤུས་ཚད་ཇི་འདྲ་ཞིག་ཏུ་མཐོང་གི་ཡོད།
ལན། རང་སྐད་དང་གཞན་སྐད་བསྡུར་ཡོང་ན། བོད་ཀྱི་བུད་མེད་རྩོམ་པ་པོ་དང་ཟིན་བྲིས་པ་རང་སྐད་ལས་གཞན་སྐད་ཐོག་འབྲི་མཁན་གྲངས་ཚད་ཀྱིས་མང་བར་མཐོང་བྱུང་། སྤུས་ཚད་ཀྱི་ཐད་ནས་རང་གཞན་གཉིས་ཀའི་སྐད་ཡིག་ཐོག་དེ་ཙམ་གྱིས་ཚད་ལོངས་པ་ཞིག་ཆགས་ཐུབ་ཀྱིན་མེད་པའི་ཚོར་སྣང་བྱུང་། བོད་ནང་ལ་ཡོད་པའི་བུད་མེད་མང་ཆེ་བས་རྒྱ་ཡིག་རྨང་གཞིར་བཞགས་པའི་ཐོག་ནས་ཡིག་རིགས་སློབ་ཀྱིན་ཡོད་པ་དང་། ཕྱི་ལ་གྱར་བའི་བུད་མེད་མང་ཆེ་བས་དབྱིན་སྐད་རྨང་གཞི་བྱས་ནས་ཟིན་བྲིས་ཀྱི་མགོ་བརྩམས་ཀྱིན་ཡོད་པའི་ཚོར་སྣང་བྱུང་། དཔེར་ན་ལོ་གཅིག་ཙམ་གྱི་གོང་ལ་བོད་ཀྱི་མཛངས་མ་ཚེ་རིང་སྐྱིད་ཀྱི་གཏམ་བཤད་ཅིག་བོད་ཀྱི་དུས་བབ་གསར་ལམ་དུ་བོད་ཡིག་ནང་བཀོད་སོང་བ་དེ་ངོ་དེབ་ཐོག་བརྒྱུད་བསྐུལ་བྱེད་མཁན་མང་པོ་བྱུང་ན་ཡང་། དེ་ལ་བོད་ཡིག་ཐོག་མཆན་འབྲི་མཁན་མང་ཆེ་བ་སྐྱེས་པ་རེད་འདུག ཉིན་ཤེས་རྗེས་ལ་བསྟན་འཛིན་སྙིང་རྗེ་ལགས་ཀྱིས་དབྱིན་ཡིག་ཐོག་བསྒྱུར་ནས་ངོ་དེབ་ཐོག་བཀོད་འདུག སྐབས་དེར་དབྱིན་ཡིག་ཐོག་མཆན་འབྲི་མཁན་བུད་མེད་ཧ་ཅང་མང་པོ་སླེབས་བྱུང་བས། སྐབས་དེར་ང་ལ་བོད་ལ་བུད་མེད་སྨྱུག་ཐོག་པ་དང་བསམ་བློ་བ་མེད་པ་རེད་མི་འདུག འོན་ཀྱང་ཁོ་ཚོ་བོད་ཡིག་སྤྱོད་པ་པོ་མ་ཡིན་པ་དེ་རེད་འདུག་བསམ་པའི་ཚོར་སྣང་བྱུང་།

༤ གཞིས་བྱེས་གཉིས་ཀྱི་བུད་མེད་རྩོམ་འབྲི་མཁན་རྣམས་ཀྱི་རྩོམ་འབྲིའི་རྨང་གཞི་ལ་མ་འདྲ་བ་ཅི་ཞིག་མཐོང་སོང་།
ལན། སྤྱིར་བུད་མེད་རྩོམ་པ་པོ་གཞིས་བྱེས་གཉིས་ཀ་ནས་ཡོད་པ་བདེན་པ་རེད། འོན་ཀྱང་ཕྱི་ལ་གྱར་བའི་བུད་མེད་རྩོམ་པ་པོ་བོད་ཡིག་ཐོག་རྩོམ་འབྲི་མཁན་བརྒྱ་ཆ་དགུ་བཅུའི་བསམ་བློའི་རྨང་གཞི་བོད་ནང་ནས་མགོ་བརྩམས་པ་ཡིན་པར་མཐོང་གིན་ཡོད། གང་ལྟར་གཞིས་བྱེས་གཉིས་ཀྱི་རྩོམ་འབྲིའི་ལས་ལ་ཞུགས་པའི་བུད་མེད་རྣམས་ཀྱི་རྩོམ་འབྲིའི་རྨང་གཞིའི་ཐོག་ནས་བཤད་ན། འཚོ་བའི་ཁོར་ཡུག་གི་རྐྱེན་པས། ཁོ་ཚོའི་བསམ་བློའི་ནང་གི་འཇིག་རྟེན་དེ་ལོག་ཁ་ཡིན་དུས། བོད་ནང་གི་བུད་མེད་ཀྱིས་བྲིས་པའི་རྩོམ་ཡིག་གི་ནང་ན་བོད་ཀྱི་དྲི་མ་དང་མ་བྲལ་བའི་ཐ་རྙེད་དང་ཚིག་སྦྱོར་གྱིས་ཕྱུག་པར་མཐོང་གིན་ཡོད། ཁོ་ཚོའི་རྩོམ་རིག་ཁྲོད་ཀྱི་དཔེ་བརྗོད་ལ་མཚོན་ན། བོད་ཀྱི་རོང་འབྲོག་གི་འཚོ་བ་དང་ཧ་ཅང་སེམས་ཐག་ཉེ་བའི་ཐ་རྙེད་མང་པོ་མཐོང་ཡ་འདུག དེ་དག་དང་བསྡུར་ན་ཕྱི་ལ་གྱར་བའི་བོད་ཀྱི་བུད་མེད་རྩོམ་པ་པོ་མང་ཆེ་བའི་རྩོམ་ཡིག་གི་ཚིག་སྦྱོར་དག་ཚོར་བས་མ་ཟིན་པར་བཙན་གྱིས་བསྒྲིགས་པའི་ཐ་རྙེད་སྙིང་རྗེ་མོ་ཙམ་རེད་འདུག་བསམ་པའི་ཚོར་སྣང་བྱུང་མྱོང་། ཡང་བྱེས་ནས་གཞན་སྐད་ཐོག་རྩོམ་ཡིག་འབྲི་མཁན་བུད་མེད་རྩོམ་པ་པོ་རྣམས་ཀྱི་རྩོམ་ཡིག་གི་སྤུས་ཚད་སྐད་ཡིག་གང་དེ་མ་སྐད་དུ་སྤྱོད་མཁན་མི་རིགས་དེ་དང་བསྡུར་ཐབས་མེད་ན་ཡང་། བོད་ཡིག་སྤྱོད་མཁན་དང་བསྡུར་ན་གོང་དུ་བཤད་ཟིན་པ་ལྟར་གྲང་ཚད་ཀྱིས་མང་བར་མཐོང་གིན་ཡོད། ཡིན་ན་ཡང་གཞིས་ཀྱི་བུད་མེད་ཡི་གེ་བ་གཞན་སྐད་༼འདིར་རྒྱ་སྐད་ལ་གོ༽ སྤྱོད་མཁན་མང་པོ་ཞིག་གི་རྒྱ་ཡིག་གི་རྨང་གཞི་དང་བྱེས་ཀྱི་བུད་མེད་ཡི་གེ་བ་གཞན་སྐད་༼འདིར་དབྱིན་ཡིག་ལ་གོ༽ སྤྱོད་མཁན་མང་ཆེ་བ་ཞིག་གི་དབྱིན་ཡིག་གི་རྨང་གཞི་དང་བསྡུར་ན། གཞིས་ཀྱི་བུད་མེད་ཡི་གེ་བ་ཚོས་རྒྱ་ཡིག་གི་རྨང་གཞི་མཐུག་པོ་ཡོད་པའི་ཚོར་སྣང་བྱུང་། འདི་ཡང་ཁོར་ཡུག་གི་ཁྱད་པར་ཞིག་ཡིན་པར་བསམ་གྱིན་ཡོད།

༥ བོད་ཀྱི་རྩོམ་རིག་ལས་ཁྱོད་རང་ཉིད་ལ་ཆེས་གལ་ཆེ་བའི་ཐོབ་བྱ་ཅི་ཞིག་རེད་དམ།
ལན། ང་རང་ཆུང་དུས་ནས་བོད་པའི་ཁྱིམ་ཚང་ནས་འཚར་ལོངས་བྱུང་བ་དང་བོད་པའི་སྤྱི་ཚོགས་དང་འདྲེས་ནས་ཡོང་བ་ཡིན་པས། ང་ལ་མཚོན་ན་བོད་ཀྱི་རྩོམ་རིག་ལས་ཐོབ་བྱ་གལ་ཆེ་ཤོས་དེ། ང་བོད་པ་ཞིག་གི་བསམ་བློ་བོད་ཡིག་ཐོག་ཀློག་ཐུབ་པ་དང་འབྲི་ཆོག་པ་དེ་རེད། མ་ཟད་སྐད་ཡིག་གཞན་དང་བསྡུར་ན་བོད་ཀྱི་ཡི་གེར་ཕབ་པའི་རྩོམ་རིག་ལ་བལྟ་དུས་ཐ་རྙེད་དང་ཚིག་སྦྱོར་སོགས་ལ་རྨོངས་མི་དགོས་པ་དེ་ཡང་མི་ཞིག་ལ་མཚོན་ན་ཐོབ་བྱ་གལ་ཆེ་ཤོས་ཤིག་རེད་བསམ་གྱིན་ཡོད།

༦ རང་ཉིད་ངོ་སྤྲོད་མདོར་བསྡུས་ཤིག་བྱེད་རོགས།
ངའི་མིང་ལ་རིག་འཛིན་དབང་མོ་ཟེར། སྙིག་མིང་ལ་གྲོང་གསེབ་བུ་མོ་ཟེར་གྱིན་ཡོད། ཕ་ཡུལ་མདོ་སྨད་རྔ་བ་ནས་ཡིན། ཕྱི་ལོ་ ༡༩༩༩ ལོར་བཙན་བྱོལ་དུ་འབྱོར་ནས་བཟུང་ཕྱི་ལོ་ ༢༠༡༤ བར་སློབ་གྲྭར་འགྲིམ་པ་དང་། ད་ལྟའི་ཆེད་ལས་ཁྲིམས་ལུགས་རིག་པ་བ་ཞིག་ཡིན། ཐུགས་རྗེ་ཆེ།

ཕྱི་ལོ་༢༠༡༧ཟླ་༠༡ཚེས་༡༦ལ།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།