TueMarTue2017

སྤེལ་དུས་མཐའ་མ།06:49:09 AM GMT

རྩོམ་གསར།:

བསོད་ནམས་མཚོ་མོ་ལ་བོད་ཀྱི་རྩོམ་རིག་སྐོར་གྱི་བཅར་འདྲི།

བསོད་ནམས་མཚོ་མོ།

རྒྱལ་ཁབ་གཞན་གྱི་རྩོམ་རིག་ཡར་རྒྱས་འགྲོ་བ་ལྟར། ང་རང་ཚོས་བོད་པའི་བུད་མེད་རྩོམ་རིག་དེ་ཡང་འདྲ་འདྲའི་ནང་གི་མི་འདྲ་ཡོང་བའི་གོ་སྐབས་དང་སྤྱི་ཚོགས་ག་བར་ཕྱིན་ཡང་གོམས་པ་མཉམ་འཇོག་བྱེད་ཐུབ་པའི་ཐོབ་བྱ་ཞིག་རེག་པའི་རེ་བ་ཡོད།

 

འདི་ག་ལྷ་ས་རྩོམ་རིག་མེ་ལོང་རྩོམ་སྒྲིག་ཁང་གིས་བཙན་བྱོལ་བོད་ཀྱི་བུད་མེད་རྩོམ་འབྲི་བ་རྣམས་སུ་བོད་ཀྱི་རྩོམ་རིག་སྐོར་ལ་བཅར་འདྲི་ཞུ་བཞིན་པ་ལས་བསོད་ནམས་མཚོ་མོས་དྲིས་ལན་གནང་བ་གཤམ་གསལ་ཏུ་གཟིགས་པར་གྱིས།

༡ ཁྱེད་རང་རྩོམ་འབྲིའི་ལས་ཀར་ཞུགས་ནས་ད་ལྟའི་བར། རང་ཉིད་ཀྱི་གསར་རྩོམ་དང་འབྲེལ་བའི་དངོས་བྱུང་སྣང་ཚུལ་ཡ་མཚན་པ་དེ་འདྲར་འཕྲད་མྱོང་ངམ།

ལན། སྤྱིར་བཏང་ང་རང་རྩོམ་པ་པོ་ཞིག་མིན། ཡིན་ན་ཡང་ང་རང་ཆུང་དུས་ནས་བོད་པའི་སློབ་གྲྭའི་ནང་དུ་བོད་པའི་སྐད་ཡིག་སྦྱངས་མྱོང་བས་ཉམས་མྱོང་དང་རྩོམ་རིག་ཐོག་གང་འཚམས་ཤེས་རྟོགས་ཡོད་ཙང་བསམ་ཚུལ་ཁ་ཤས་བཤད་པ་ཡིན་ན། རང་ངོས་ནས་ཐོག་མར་ཚིག་བཅད། ཚིག་ལྷུག་ལ་སོགས་རྩོམ་འབྲི་བའི་སྐབས་སུ་ཐོག་དང་པོ་རྩོམ་གྱི་མགོ་དང་མཇུག་མི་མཐུན་པར། འཕྲད་སྦྱོར་སྟངས་མི་འགྲིག་པ། རང་ངོས་ནས་རྩོམ་ཡག་པོ་འབྲི་ཡི་ཡིན་བསམ་པའི་བློ་སྐྱེས་ན་ཡང་གཞན་གྱི་ནང་དོན་བཟུང་མི་ཤེས་པ། མདོ་དབུས་ཁམས་གསུམ་སྐད་རིགས་མི་འདྲ་བའི་གནས་སྟངས་འོག གང་ལྟར་རྩོམ་འཁྱར་འཁྱོར་བྲིས་པར་གནས་ཚུལ་ཡ་མཚན་མང་པོ་བྱུང་མྱོང་ཡོད།

༢ ཁྱེད་ཀྱིས་ད་ལྟའི་བོད་ཀྱི་རྩོམ་རིག་ལ་ལྟ་སྟངས་ཅི་འདྲ་བཟུང་ཡོད།

ལན། ང་རང་གི་ངོས་ནས་ད་ལྟའི་བོད་ཀྱི་རྩོམ་རིག་ལ་ལྟ་སྟངས་ནི་མདོར་བསྡུས་ནས་བཤད་ན། ང་ཚོའི་བོད་པའི་སྐད་ཡིག་ནི་གཏིང་ཟབ་པོ་དང་རྒྱ་ཆེན་པོ། རྒྱལ་ཁབ་གཞན་དང་མི་འདྲ་བའི་རྩོམ་རིག་གོ་སླ་བ། རྩོམ་རིག་གང་འདྲ་ཞིག་ཡིན་ཡང་མཁྱེན་རྒྱ་དང་ནུས་སྟོབས་ལྡན་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད།

༣ རང་སྐད་དང་གཞན་སྐད་ཐུན་མོང་གི་ངོས་ནས་བལྟས་ན། བོད་ཀྱི་བུད་མེད་ཀྱི་རྩོམ་འབྲིའི་སྤུས་ཚད་ཇི་འདྲ་ཞིག་ཏུ་མཐོང་གི་ཡོད།

ལན། རང་སྐད་དང་གཞན་སྐད་ཐུན་མོང་གི་ངོས་ནས་བལྟས་ན་བོད་ཀྱི་བུད་མེད་ཀྱི་རྩོམ་འབྲིའི་སྤུས་ཚད་ནི། སྔོན་ཆད་དང་བསྡུར་ན། ད་ལྟའི་བོད་ཀྱི་བུད་མེད་རྩོམ་འབྲི་མཁན་དག་གང་ལ་གང་འཚམས་ཡར་རྒྱས་ཕྱིན་ཡོད། འོན་ཀྱང་མི་རིགས་གཞན་གྱི་རྩོམ་རིག་དང་བསྡུར་ན་ཧ་ཅང་གི་སྤུ་ཚད་ཞན་པོ་རེད། དམིགས་བསལ་གྱི་བརྩམས་སྒྲུང་ཐད་ནས་བཤད་ན་ཧ་ཅང་ཞན་པོ་རེད། ང་རང་ཚོས་བོད་ཀྱི་སྐད་ཡིག་ཐོག་རྩོམ་འབྲི་མཁན་ཉུང་ཉུང་རེད་ཤག གཞན་སྐད་ཀྱི་ཐོག་རྩོམ་འབྲི་གནང་མཁན་བོད་ཀྱི་བུད་མེད་གང་འཚམས་འདུག་པ ང་རང་གི་ཧ་གོ་མྱོང་བ་དབྱིན་ཡིག་ནང་འབྲི་གནང་མཁན་ཚེ་རིང་དབང་མོ་(dhompa)དང་རྒྱ་ཡིག་ནང་འབྲི་གནང་མཁན་འོད་ཟེར་ལགས། དེ་མིན་པདྨ་ཆོས་སྒྲོན། ཨ་ནེ་པ་ཆེན། ཐུབ་བསྟན་ཆོས་སྒྲོན་ལ་སོགས་འདུག་གོ།

༤གཞིས་བྱེས་གཉིས་ཀྱི་བུད་མེད་རྩོམ་མཁན་རྣམས་ཀྱི་རྩོམ་འབྲིའི་རྨང་གཞི་ལ་མ་འདྲ་བ་ཅི་ཞིག་མཐོང་སོང་།

ལན། གཞིས་བྱེས་གཉིས་ཀྱི་བུད་མེད་རྩོམ་འབྲི་མཁན་རྣམས་ཀྱི་རྩོམ་འབྲིའི་རྨང་གཞིའི་ཁྱད་པར་ནི། ཐོག་མ་བོད་ནང་ཡོང་བའི་བུད་མེད་ལ་ཆ་བཞག་ན། བོད་ཀྱི་སྐད་ཡིག་ཐོག་ཆུང་དུས་ནས་རྨང་གཞི་ཡག་པོ་དང་བོད་ཀྱི་ཆབ་སྲིད་གནས་བབ་གང་ཅིའི་ཐོག་མཁྱེན་རྒྱ་ཆེ་བ་དང་གོ་རྟོགས་ཡག་པོ་ཡོད། ཡིན་ན་ཡང་བཙན་བྱོལ་ནང་སྐྱེས་པའི་བུད་མེད་རྩོམ་འབྲི་བ་ནི། ཆུང་དུས་ནས་མི་ཡུལ་ནས་འཚར་ལོང་བྱུང་པ་ཡིན་ཙང་སོ་སོའི་སྐད་ཡིག་ལས་རྒྱལ་ཁབ་གཞན་གྱི་སྐད་ཐོག་སློབ་སྦྱོང་སྤྲོད་སྟངས་དང་གང་ཅིའི་ཐོག་གཞན་སྐད་ཀྱི་རྨང་གཞི་མང་བ་ཡོད་ཙང་། ང་རང་ཚོས་བོད་པའི་རྩོམ་རིག་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་འཐུས་ཤོར་ཤུགས་ཆེན་པོ་ཕྱིན་དུས་བོད་པའི་རྩོམ་འབྲི་ཐོག་སྤུས་ཚད་ཞན་པོ་ཡོད། སྤྱི་ཚོགས་ནང་བོད་པ་ཡིན་ཡང་བོད་ཀྱི་རྩོམ་རིག་དེ་ཡང་སྐད་རིགས་གཞན་གྱི་ཐོག་ཏུ་འབྲི་མཁན་མང་བ་ཡོད།

༥བོད་ཀྱི་རྩོམ་རིག་ལས་ཁྱེད་རང་ལ་ཆེས་གལ་ཆེ་བའི་ཐོབ་བྱ་ཅི་ཞིག་རེད་དམ།

ལན། བོད་ཀྱི་རྩོམ་རིག་ལས་ང་རང་ལ་གལ་ཆེ་བའི་ཐོབ་བྱ། རྩོམ་རིག་འབྲི་ཤེས་ན་སོ་སོའི་རང་ཉིད་ཀྱི་སྐད་ཡིག་ཨ་ཅང་ཅང་། རྒྱལ་ཁབ་གཞན་གྱི་སྐད་ཡིག་ཐོག་ལ་དོ་སྣང་སླེབས་དུས། བོད་རྒྱལ་ཁབ་དང་མི་རིགས་ཀྱི་གནས་སྟངས། ཆབ་སྲིད་ཐོག་གོ་རྟོགས་སྤེལ་ཐུབ་ཡ། གལ་ཆེ་ཤོས་བོད་ཀྱི་སྐད་ཡིག་འདི་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་བྱེད་ཡ། རྒྱལ་ཁབ་གཞན་གྱི་རྩོམ་རིག་ཡར་རྒྱས་འགྲོ་བ་ལྟར། ང་རང་ཚོས་བོད་པའི་བུད་མེད་ཀྱི་རྩོམ་རིག་དེ་ཡང་འདྲ་འདྲའི་ནང་གི་འདྲ་ཡོང་བའི་གོ་སྐབས་དང་སྤྱི་ཚོགས་ག་བར་ཕྱིན་ཡང་གོམས་པ་མཉམ་འཇོག་བྱེད་ཐུབ་པའི་ཐོབ་བྱ་ཞིག་རེག་པའི་རེ་བ་ཡོད།

༦ རང་ཉིད་ངོ་སྤྲོད་མདོར་སྤྲོད་མདོར་བསྡུས་ཤིག་བྱེད་རོགས།

ལན། ངའི་མིང་ལ་བསོད་ནམས་མཚོ་མོ། འཛིན་རིམ་བཅུ་པ་བར་དུ་ལ་དྭགས་བོད་ཁྱིམ་ལ་སོང་བ་དང་། དེ་ནས་ངྷ་སྟེང་བོད་ཁྱིམ་ནང་ལོ་གཉིས་རིང་ཚོང་ལས་རིག་པའི་ཐོག་སློབ་སྦྱོང་བྱས། ཕྱིས་སུ་བྷ་རོ་ཏྲ་མཐོ་སློབ་ནང་དཔལ་འབྱོར་རིག་པའི་ཐོག་སློབ་སྦྱོང་བྱས་ཤིང་། ད་ལྟའི་ཆ་ལ་ནོར་གླིང་མཐོ་སློབ་ནང་བོད་ཀྱི་རིག་གནས་ཐོག་སློབ་སྦྱོང་བྱས་དང་བྱེད་བཞིན་ཡོད། ང་རང་གི་དམིགས་ཡུལ་གཙོ་བོ་ནི་རང་སྐད་དང་གཞན་སྐད་གཉིས་ཀར་འབད་བརྩོན་ཧུར་ཐག་བྱས་ནས་ཕྱིས་སུ་བོད་པའི་རྩོམ་པ་པོ་ཞིག་དང་གསར་འགོད་པ་ཞིག་བྱེད་ཐུབ་པའི་རེ་བ་ཆེན་པོ་ཞིག་ཡོད།

ཕྱི་ལོ་༢༠༡༧།༠༡༢༨ཉིན།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།