MonAugMon2017

སྤེལ་དུས་མཐའ་མ།05:18:50 AM GMT

རྩོམ་གསར།:

ཡེ་ཤེས་ལྷ་མོ་ལ་བོད་ཀྱི་རྩོམ་རིག་སྐོར་གྱི་བཅར་འདྲི།

ཡེ་ཤེས་ལྷ་མོ།

རྩོམ་རིག་སྦྱང་བའི་རྒྱུན་རིམ་ཁྲོད་ནས་ང་ལ་མི་རིགས་ཀྱི་རིག་གནས་དང་སེམས་ཁམས་འདུ་ཤེས།  འཚོ་བའི་མཛེས་འཛིན་དང་མཐའ་ན་མི་རིགས་གང་དེའི་ལོ་རྒྱུས་སོགས་ལ་ལྟ་ཚུལ་མ་འདྲ་བ་ཞིག་སྐྱེས་སོང་།  དོན་དེས་ང་ལ་རང་གི་མི་རིགས་དང་མི་རིགས་གང་དེའི་རིག་གནས་སེམས་ཁམས་དང་འཚོ་གནས་སོག་ལ་ཁ་ཐག་ཉེ་རུ་དང་དུང་བ་ཇེ་ཟབ་ལྟ་བུ་ཞིག་བྱས་སོང་།

འདི་ག་ལྷ་ས་རྩོམ་རིག་མེ་ལོང་རྩོམ་སྒྲིག་ཁང་གིས་བཙན་བྱོལ་བོད་ཀྱི་བུད་མེད་རྩོམ་འབྲི་བ་རྣམས་སུ་བོད་ཀྱི་རྩོམ་རིག་སྐོར་ལ་བཅར་འདྲི་ཞུ་བཞིན་པ་ལས་ཡེ་ཤེས་ལྷ་མོས་དྲིས་ལན་གནང་བ་གཤམ་གསལ་ཏུ་གཟིགས་པར་གྱིས།

༡ ཁྱེད་རང་རྩོམ་འབྲིའི་ལས་ཀར་ཞུགས་ནས་ད་ལྟའི་བར། རང་ཉིད་ཀྱི་གསར་རྩོམ་དང་འབྲེལ་བའི་དངོས་བྱུང་སྣང་ཚུལ་ཡ་མཚན་པ་དེ་འདྲར་འཕྲད་མྱོང་ངམ།
ལན། ཐོག་མར་ལྷ་ས་རྩོམ་རིག་མེ་ལོང་ཚང་གིས་བཙན་བྱོལ་བའི་བུད་མེད་རྩོམ་འབྲི་བ་དག་ལ་འདི་ལྟའི་རྩོམ་རིག་སྐོར་གྱི་དྲི་བ་དྲིས་ལན་གྱི་སྡིངས་ཆ་ཞིག་བསྐྲུན་པར་སྙིང་ནས་བཀའ་དྲིན་ཞུ་བཞིན་ཡོད། 
ང་རང་ལ་མཚོན་ན་གསར་རྩོམ་གྱི་ལས་ལ་ཞུགས་ནས་དུས་ཡུན་རིང་པོ་ཞིག་མིན་མོད།   ཐོག་མར་ང་རང་རྩོམ་འབྲིའི་ལས་ལ་ཞུགས་དུས་ནི་གཞི་རིམ་སློབ་གྲྭའི་རྭ་བ་ནས་བྱུང་བ་ཡིན།  དེ་ཡང་གཞི་རིམ་ནས་དགེ་རྒན་རེ་གཉིས་ཤིག་དང་སློབ་གྲོགས་རེ་གཉིས་ཤིག་གིས་ཤུགས་རྐྱེན་ལས་ང་རང་བོད་ཀྱི་སྐད་ཡིག་གི་ལམ་ནས་རྩོམ་འབྲིའི་ལས་ལ་ཞུགས་འདུན་བྱུང་བ་ལྟར།  ད་ལྟ་དེའི་ཕྱོགས་སུ་ཧུར་ཐག་གིས་འབད་པ་བྱེད་ཀྱིན་ཡོད་ལ།  རྩོམ་འབྲིའི་ལས་ལ་ཞུགས་པའི་དུས་ཡུན་ཐུང་ཐུང་དེའི་རིང་ལ་ང་ལ་དམིགས་གསལ་གྱིས་སྣང་ཚུལ་གསར་པ་དང་ཉམས་མྱོང་གསར་པ་ཞེས་བཤད་རྒྱུ་ཆེན་པོ་ཞིག་མེད་ན་ཡང་།   གསར་རྩོམ་གྱི་ལས་སུ་ཞུགས་པ་ནས་ང་ལ་འཚོ་བ་དང་སྤྱི་ཚོགས་ཟེར་བ་འདིར་ངོས་འཛིན་གསར་པ་ཞིག་དང་། བྱ་དངོས་དང་དོན་རྐྱེན་ཅི་ཞིག་ཡིན་ཀྱང་ཞིབ་ཚགས་ཀྱིས་ལྟ་བ་དང་མྱོང་ཐུབ་པའི་ཚོར་སྣང་ཞིག་བྱུང་སོང་།   སྣང་ཚུལ་དེས་ངའི་སློབ་སྦྱོང་དང་ལྷག་ཏུ་རྩོམ་འབྲིའི་ཕྱོགས་ལ་སྔར་ལས་སྤྲོ་བ་དང་ལས་རིགས་འདིར་དགའ་སྣང་ཞིག་བྱིན་པས་ང་རང་མུ་མཐུད་ལམ་ཁ་འདིར་སྙེགས་པར་ཧུར་གྱིས་འབད་ཀྱིན་ཡོད། 

༢ ཁྱེད་ཀྱིས་ད་ལྟའི་བོད་ཀྱི་རྩོམ་རིག་ལ་ལྟ་སྟངས་ཅི་འདྲ་བཟུང་ཡོད།
ལན། ང་ལ་མཚོན་ན་ལོ་རབས་བརྒྱད་ཅུ་པ་ནས་འགོ་ཚུགས་ཏེ་ལོ་ངོ་སུམ་ཅུ་ཙམ་རིང་གི་ད་ལྟའི་བོད་ཀྱི་རྩོམ་རིག་འདིར་གྲུབ་འབྲས་མི་དམན་པ་ཞིག་བྱུང་འདུག་སྙམ་པའི་ཚོར་སྣང་ཡོད། ངལ་བ་ལྷོད་མེད་ཀྱི་རྩོམ་པ་པོ་ཁག་ཅིག་གི་བཀའ་དྲིན་ལ།    དེང་རབས་སྙན་ངག་གི་ངོས་ནས་ལོ་ངོ་ཐུང་ཐུང་ཙམ་འདིའི་རིང་ལ་འཕེལ་འགྱུར་གྱི་རིམ་པ་མང་པོ་ཞིག་བརྒྱུད་དེ། ད་ལྟའི་དུས་འདིར་ཕྱོགས་ཡོངས་ནས་ཚད་གཞི་ངེས་ཅན་ཞིག་ལ་སླེབས་ཐུབ་ཡོད་ལ།  ལྷག་ཏུ་ང་རང་གིས་ལྟ་ཚུལ་ལ་བོད་ཀྱི་ད་ལྟའི་རྩོམ་རིག་གི་གྲུབ་འབྲས་ཆེ་ཤོས་ཤིག་ནི་ནང་དོན་གྱི་ཆ་ནས། སྤྱི་ཚོགས་དང་དངོས་ཡོད་འཚོ་བ་བརྗོད་བྱར་འཛིན་ཐུབ་པར་བྱུང་བ་དང་ཕྱིའི་རྣམ་པའི་ཆ་དཔེ་དང་དཔེ་ཅན་བཀོད་སྟངས་དང་། སྣང་བརྙན་བཞེང་སྐྲུན་སོགས་ནས་ཡར་རྒྱས་དང་ཚད་གཞི་མཐོ་བོར་སླེབས་ཡོད་དུས། ད་ལྟའི་བོད་ཀྱི་གསར་རྩོམ་གྱི་ལམ་ལ་ཞུགས་མཁན་ཚོར་བོད་ཀྱི་རྩོམ་རིག་ཟེར་དུས་ལྡིང་སྐོར་རྒྱག་ས་ཞིག་ཡོད་པར་གྱུར་ཡོད་ལ།  མི་རིགས་གཞན་གྱི་རྩོམ་རིག་དང་རྐང་བ་མཉམ་གཤིབ་ཀྱིས་བོད་ཀྱི་རྩོམ་རིག་ཟེར་བ་ཞིག་བོད་རང་གི་སྐད་ཡིག་ཏུ་ཡོད་པ་ནི་ཧ་ཅང་དགའ་འོས་པ་ཞིག་རེད།   ཡིན་ནའང་།  ད་ལྟའི་ཆར་རྩོམ་འབྲི་བའི་སྡེ་ཧ་ཅང་མང་པོ་ཞིག་འབྱུང་བཞིན་ཡོད་ལ།  ཡིག་ངོ་ཆོད་པ་ཙམ་ཞིག་ཡིན་པ་ནས་རྩོམ་ཡིག་དང་སྙན་ངག་འབྲི་བའི་ལས་ལ་འབད་པ་ཞིག་འབྱུང་བཞིན་པ་ལྟར།  ཤེས་མཁན་དང་མི་ཤེས་མཁན་གཉིས་ཀྱིས་སྙན་ངག་འབྲི་བ་དང་རྩོམ་རིག་བཤད་པ་སོགས་ནི་བོད་ཀྱི་རྩོམ་རིག་དར་བའི་ཁ་ཕྱོགས་ཤིག་ཡིན་ནམ་རྒུད་པའི་ཁ་ཕྱོགས་ཤིག་ཡིན་པ་དང་། ལམ་ཁ་གང་ཞིག་ལ་བསྙེག་བཞིན་པ་དེ་ནིཁ་ཚོན་གཅོད་དཀའ་བ་ཞིག་རེད།

༣ རང་སྐད་དང་གཞན་སྐད་ཐུན་མོང་གི་ངོས་ནས་བལྟས་ན། བོད་ཀྱི་བུད་མེད་ཀྱི་རྩོམ་འབྲིའི་སྤུས་ཚད་ཇི་འདྲ་ཞིག་ཏུ་མཐོང་གི་ཡོད།
ལན། རང་སྐད་དང་གཞན་སྐད་གང་གི་ངོས་ནས་བལྟས་ན་བོད་ཀྱི་བུད་མེད་རྩོམ་པ་པོའི་གྲངས་ཧ་ཅང་ཉུང་ཉུང་ཡིན་པ་དང་།   སྤུས་ཚད་ཀྱི་ཕྱོགས་ནས་དེ་འདྲའི་འབུར་དུ་ཐོན་བཞིན་པ་ནི་ཧ་ཅང་ཉུང་ཙམ་རེད་འདུག   ལྷག་ཏུ་བོད་རང་གི་སྐད་ཡིག་གཞི་རྩར་བཟུང་བའི་བུད་མེད་རྩོམ་འབྲི་བ་ཚོར་མཚོན་ན་བརྩམས་ཆོས་ཀྱི་གྲངས་ཀ་དང་སྤུས་ཀ་གང་ནས་ཡིན་ཡང་སྟོང་ཆ་ཞིག་ཡོད་པའི་སྣང་བ་ཤར་ནས་ཡོད།   ཕྱོགས་གཅིག་ནས་བུད་མེད་རྩོམ་འབྲི་བ་མང་པོ་ཞིག་ནི་རྩོམ་རིག་རང་གི་སྒང་ལ་ཆེད་དམིགས་ལས་གཉེར་བྱེད་ཀྱིན་མེད་པར་ཞོར་ལས་ཙམ་ཞིག་གི་ངོས་ནས་འབྲི་བཞིན་ཡོད་པས་ཡིན་སྲིད།   ཡིན་ཡང་།  ད་ལྟ་བོད་ཕྱི་ནང་གཉིས་ན་བུད་མེད་རྩོམ་འབྲི་བ་ཉིན་རེ་བཞིན་མང་པོ་ཞིག་བྱུང་བཞིན་པ་ལྟར་མི་རིང་བར་སྟོང་ཆ་འདི་ཕྱོགས་ཡོངས་ནས་སེལ་འགྲོ་བ་ཞིག་རེད་འདོད་ཡོད། 

༤ གཞིས་བྱེས་གཉིས་ཀྱི་བུད་མེད་རྩོམ་མཁན་རྣམས་ཀྱི་རྩོམ་འབྲིའི་རྨང་གཞི་ལ་མ་འདྲ་བ་ཅི་ཞིག་མཐོང་སོང་།
ལན། བོད་ཕྱི་ནང་གཉིས་ཀྱི་བུད་མེད་རྩོམ་འབྲི་མཁན་རྣམས་ཀྱི་རྩོམ་འབྲིའི་རྨང་གཞི་ལ་མ་འདྲ་བ་དམིགས་གསལ་ཞིག་མཐོང་མ་སོང་། ཡིན་ཡང་བོད་དུ་ཡོད་པའི་བུད་མེད་རྩོམ་འབྲི་མཁན་ཚོ་དང་ཕྱི་རྒྱལ་ཡུལ་དུ་ཡོད་པའི་བུད་མེད་རྩོམ་འབྲི་མཁན་ཚོའི་ཚར་ལོངས་དང་ཡུལ་སྲོལ་གོམས་གཤིས་བཅས་ལ་མི་འདྲ་བའི་ཆ་ཡོད་པས།  རྩོམ་གྱི་བརྗོད་གཞི་དང་བསམ་བློའི་ཁ་ཕྱོགས་སོགས་ལ་ཁྱད་པར་ཏན་ཏན་ཡོད་ཀྱི་རེད།  སྤྱིའི་ཆ་ནས་ཁྱད་པར་ཆེན་པོ་མེད་པ་འདྲ། 

༥ བོད་ཀྱི་རྩོམ་རིག་ལས་ཁྱེད་རང་ལ་ཆེས་གལ་ཆེ་བའི་ཐོབ་བྱ་ཅི་ཞིག་རེད་དམ།
ལན། བོད་ཀྱི་རྩོམ་རིག་ལས་ང་ལ་ཆེས་གལ་ཆེ་བའི་ཐོབ་བྱ་ནི་ད་བར་རིག་གནས་གཞན་དག་སྦྱངས་པ་ལས་ལྷག་ཅིག བོད་ཀྱི་རྩོམ་རིག་ལ་སྦྱང་བ་ཅུང་ཙམ་བྱས་པ་ལས་དེས་ཕྱིན་སོང་། རྩོམ་རིག་སྦྱོང་བའི་རྒྱུན་རིམ་ཁྲོད་ནས་ང་ལ་མི་རིགས་ཀྱི་རིག་གནས་དང་སེམས་ཁམས་འདུ་ཤེས།  འཚོ་བའི་མཛེས་འཛིན་དང་མཐའ་ན་མི་རིགས་གང་དེའི་ལོ་རྒྱུས་སོགས་ལ་ལྟ་ཚུལ་མ་འདྲ་བ་ཞིག་སྐྱེས་སོང་།  དོན་དེས་ང་ལ་རང་གི་མི་རིགས་དང་མི་རིགས་གང་དེའི་རིག་གནས་སེམས་ཁམས་དང་འཚོ་གནས་སོགས་ལ་ཁ་ཐག་ཉེ་རུ་དང་དུང་བ་ཇེ་ཟབ་ལྟ་བུ་ཞིག་བྱུང་སོང་། 

༦ རང་ཉིད་ངོ་སྤྲོད་མདོར་བསྡུས་ཤིག་བྱེད་རོགས།
ལན། ངའི་དངོས་མིང་ལ་ཡེ་ཤེས་ལྷ་མོ་དང་སྨྱུག་མིང་ལ་ཁ་བའི་ལྷ་མོ་ཡིན།   ༢༠༠༦ ལོར་རྒྱ་གར་དུ་འབྱོར་ནས་སུ་ཇཱ་བོད་ཁྱིམ་ནས་འཛིན་གྲྭ་བཅུ་བ་མཐར་ཕྱིན་པ་ཡིན།  ད་ལྟ་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ་བོད་ཀྱི་སྐད་ཡིག་རྩོམ་རིག་སྐོར་ལ་ཆེད་སྦྱོང་བྱེད་ཀྱི་ཡོད།   ད་ལོ་རིག་གནས་རབ་འབྱམས་ལོ་རིམ་གསུམ་པ་ཡིན།

ལྷ་ས་རྩོམ་རིག་མེ་ལོང་ཚང་གིས་བཅར་འདྲི་བྱས་པར་ཐུགས་རྗེ་ཆེ།

ཕྱི་ལོ་༢༠༡༧ཟླ་༠༢ཚེས་༠༤ཉིན།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།