MonSepMon2017

སྤེལ་དུས་མཐའ་མ།11:04:15 AM GMT

རྩོམ་གསར།:

ང་ནི་རང་ཉིད་ཀྱི་བདེ་སྡུག་ལ་རྡོག་རོལ་དང་སྣང་ཆུང་གཏོང་མཁན་དེ་མིན།

པདྨ་ཆོས་སྒྲོན།

རང་ཉིད་ལ་མཚོན་ན། དེ་ནི་ལོ་ཚོད་ཀྱི་དབང་གིས་གཅིག་པུ་མ་ཡིན་པར། སོ་སོ་དང་དེར་འབྲེལ་གྱི་ཚོར་བ། སྤྱི་ཚོགས་སོགས་ནི་རྩོམ་གྱི་ནང་དོན་ལྟ་བུ་དང་། ལྷག་པར་སོ་སོའི་བདེ་སྡུག་དྲང་མོ་འབྲི་རྒྱུ་དང་བཤད་རྒྱུ་ནི། གལ་སྲིད་རྩོམ་ཟེར་བ་དེ་འདྲ་ཞིག་ཡིན་ན།

འདི་ག་ལྷ་ས་རྩོམ་རིག་མེ་ལོང་རྩོམ་སྒྲིག་ཁང་གིས་བཙན་བྱོལ་བོད་ཀྱི་བུད་མེད་རྩོམ་འབྲི་བ་རྣམས་སུ་བོད་ཀྱི་རྩོམ་རིག་སྐོར་ལ་བཅར་འདྲི་ཞུ་བཞིན་པ་ལས་པདྨ་ཆོས་སྒྲོན་གྱིས་དྲིས་ལན་གནང་བ་གཤམ་གསལ་ཏུ་གཟིགས་པར་གྱིས།

༡ ཁྱོད་རང་རྩོམ་འབྲིའི་ལས་ཀར་ཞུགས་ནས་ད་ལྟའི་བར། རང་ཉིད་ཀྱི་གསར་རྩོམ་དང་འབྲེལ་བའི་དངོས་བྱུང་སྣང་ཚུལ་ཡ་མཚན་པ་དེ་འདྲར་འཕྲད་མྱོང་ངམ།
ལན།  ཤ་དར་ཁྲག་དར་གྱི་དུས་སྐབས་དེར་རྩོམ་བྲིས་པ་ནི་དགའ་མོས་ཤིག་དང་། དགའ་མོས་ལ་གྲུབ་འབྲས་ཅུང་ཙམ་བྱུང་ནས། རང་ཉིད་གྲགས་འདོད་དང་། ཅུང་ཟད་སྐད་གྲགས་འདྲ་ཞིག་སོང་ན། རང་སྣང་དག་པའམ་ང་ཅིག་ཡིན་སེམས་པའི་སྣང་བ་ཞིག་བྱུང་གི་ཡོད་པ་རེད། དེ་ལས་བརྒལ་བའི་དམིགས་ཡུལ་ཞིག་མེད་པ་ལྟ་བུ། ཡིན་ནའང་། ཕྱི་རྒྱལ་གྱི་གྲགས་ཅན་རྩོམ་ཡིག་ཁག་ཀློག་གིན་རང་ཉིད་ཀྱི་རྩོམ་ཡིན་ཟེར་བ་ཁག་སྐབས་རེར་ཅི་ཡང་མིན་པ་དང་། སྐབས་རེར་རེ་བ་འདྲ་ཞིག་མཐོང་ནས། རང་ཉིད་ཀྱི་བསམ་བློ་དང་རྩོམ་གྱི་སྤུས་ཚད། རྩོམ་གྱི་ཁ་ཕྱོགས་དང་དམིགས་འབེན་སོགས་ཡར་རྒྱས་གཏོང་སེམས་ཤིག་ཤུགས་ཀྱིས་བྱུང་བ་རེད། དེར་འབད་བརྩོན་འདྲའང་བྱས་པ་ཡིན། ཡིན་ནའང་། ཁྱིམ་ཚང་དང་བུ་ཕྲུག་གཙོས་ཕྱི་ནང་གི་རྐྱེན་གང་མང་ཞིག་གིས། ངའི་ཡར་རྒྱས་ལ་མཚམས་ཆད་པའམ་རང་འཇགས་བསྡད་པ།   རྒྱ་སྐད་དུ་原地踏步བྱས་ནས་བསྡད་པ།  ང་ལ་མཚོན་ན། འདི་ནི་དངོས་བྱུང་སྣང་ཚུལ་ཡིན་ངེས་་་་

༢ ཁྱོད་ཀྱིས་ད་ལྟའི་བོད་ཀྱི་རྩོམ་རིག་ལ་ལྟ་སྟངས་ཅི་འདྲ་བཟུང་ཡོད།
ལན།  ད་སྔ་གང་ཡིན་ནའང་། ངས་བོད་ཀྱི་རྩོམ་རིག་གི་གཞུང་ལུགས་སྦྱངས་པ་དང་། བལྟས་ནས་རང་ཉིད་རྩོམ་ཡིག་ཟེར་བའི་ལམ་ཀ་འདི་ལ་ཞུགས་པ་ཞིག་མིན་ཙང་། སྙན་ངག་མེ་ལོང་མ་སོགས་རྩོམ་གཞུང་ཁག་ནི་སློབ་མའི་སྐབས་ཀྱི་མི་འདོད་པའི་ནང་ལས་ཞིག་ལས། རྩོམ་ལུགས་ལ་གཏིང་ཚུགས་པའི་སློབ་སྦྱོང་བྱས་མ་མྱོང་། སློབ་མའི་དུས་སྐབས་དེར་མེ་ལོང་མའི་སྒྲིག་གཞི་དེ་དག་བསྐྱོར་ཡོང་སྐབས། སེམས་སུ་དཀའ་སྣང་ཞིག་ཤར་ཡོང་མཁན་ཞིག་ཡིན་ན། སྐབས་དེར་ངས་དགེ་རྒན་ལ། རྒན་ལགས། མེ་ལོང་མ་ནི་མགོ་མཇུག་ཚང་མར། ཟླ་བ་དང་མཛེས་མ། མེ་ཏོག་མ་གཏོགས་བཤད་རྒྱུ་མེད་པ་ག་རེ་རེད་ཅེས་དྲིས་མྱོང་ཡོད། ཏག་ཏག་སྐབས་དེར་དེ་འདྲའི་སེམས་ཁམས་ཤིག་བསྐྲུན་འདུག  མདོར་ན། ང་རྩོམ་ལ་དབྱིངས་ཡོང་ས་དེ་རྩོམ་གཞུང་མིན་པར། གློག་བརྙན་དང་འཁྲབ་གཞུང་། བརྩམས་སྒྲུང་། སྒེར་གྱི་དངོས་བྱུང་ལོ་རྒྱུས་སོགས་བརྒྱུད་ནས་བྱུང་བ་ཞིག་ཆགས་ཡོད་པ་རེད།

༣ རང་སྐད་དང་གཞན་སྐད་ཐུན་མོང་གི་ངོས་ནས་བལྟས་ན། བོད་ཀྱི་བུད་མེད་ཀྱི་རྩོམ་འབྲིའི་སྤུས་ཚད་ཇི་འདྲ་ཞིག་ཏུ་མཐོང་གི་ཡོད།
ལན།  རང་སྐད་དུ་སྙན་ངག་འབྲི་མཁན་བོད་ནང་གི། ཁ་བའི་ལྷ་མོ། བདེ་སྐྱིད་སྒྲོལ་མ། ལྷ་སའི་བརྩམས་སྒྲུང་འབྲི་མཁན་ཚེ་རིང་དབྱངས་སྐྱིད་སོགས་རེ་ཟུང་ཞིག་མ་གཏོགས།  བུད་མེད་རྩོམ་པ་པོའི་རྩོམ་ལུས་ཀྱི་སྤུས་ཚད་ལ་ངས་ཅུང་བཤད་མི་ཐུབ་མོད། བསམ་བློའི་ཞན་ཆའམ། ལྟ་གྲུབ་གདེང་ངེས་ཤིག་མིན་པའི་སྣང་བ་ཤུགས་ཆེན་པོ་དུས་རྒྱུན་བྱུང་། དེའི་གྲས་སུ་ང་རང་ཉིད་ཀྱང་འདུ་ནི་རེད།  དེ་མིན། དཔྱད་རྩོམ་དང་། བརྩམས་སྒྲུང་དང་། དགག་རྩོམ་སོགས་འབྲི་ཐུབ་མཁན་ཡང་ཉུང་ཉུང་རེད།  གཞན་སྐད་ལབ་ན་འདྲ། དབྱིན་ཡིག་ནང་དུ་རྩོམ་འབྲི་མཁན་ཕྱི་བསྡོད་བུད་མེད་ཁ་ཤས་ཡོད་པ་རེད། དེ་ཚོར་ཡང་བོད་རང་གི་རིག་གཞུང་གི་ངོས་འཛིན་དང་གོ་རྟོགས་མེད་པའི་དཀའ་ངལ་དང་སྟོང་ཆ་ཞིག་ཤོར་འདུག

འོ་རེད། སྡོམ་པ་ཚེ་རིང་དབང་མོ་ཟེར་བའི་ཁོང་གི་སྙན་ངག་ལ་ཐུན་མོང་གི་ཁྱད་གཤིས་ཡོད་སྐད་འདུག ངས་གོ་བ་ལོན་ཐབས་འབད་བརྩོན་བྱས་མྱོང་། ཡིན་ནའང་།  ཚིག་གྲུབ་རེ་རེ་ཡི་ནང་དོན་ལོག་ག་ལོག་གའམ། ཁོང་གིས་གློག་འཁྱུགས་པ་ལྟར། མིའི་ཚོར་བ་ནི་སྐར་ཆ་རེ་རེར་འགྱུར་གྱི་ཡོད་པར་བསྟན་གྱི་འདུག་སེམས་པའི་སྣང་བ་ཞིག་སྤྲད་སོང་།  ཚིག་གྲུབ་སྔ་མའི་དོན་མ་བསྡུས་པའི་རྗེས་ན། བརྗོད་དོན་བརྗེ་མ་ཐེབས་འགྲོ་ཡི་འདུག  གང་ལྟར་མ་འདྲ་བ་ཞིག་འདུག་མ་གཏོགས། ཞིབ་ཆ་ངས་ཀྱང་བཤད་མི་ཤེས་པར་གྱུར་འགྲོ།

རང་ཉིད་ལ་མཚོན་ན། དེ་ནི་ལོ་ཚོད་ཀྱི་དབང་གིས་གཅིག་པུ་མ་ཡིན་པར། སོ་སོ་དང་དེར་འབྲེལ་གྱི་ཚོར་བ། སྤྱི་ཚོགས་སོགས་ནི་རྩོམ་གྱི་ནང་དོན་ལྟ་བུ་དང་། ལྷག་པར་སོ་སོའི་བདེ་སྡུག་དྲང་མོ་འབྲི་རྒྱུ་དང་བཤད་རྒྱུ་ནི། གལ་སྲིད་རྩོམ་ཟེར་བ་དེ་འདྲ་ཞིག་ཡིན་ན། ངའི་རྩོམ་དེ་ལྟ་བུ་ཞིག་ཆགས་ཡོད། འབྲི་རྩོམ་དེ་ང་ལ་ཡོད་པའི་ངོས་འཛིན་དང་ཧམ་པའང་ཡོད་ཟེར་ཆོག་པ་ཞུ།
མདོར་ན། ང་ནི་རང་ཉིད་ཀྱི་བདེ་སྡུག་ལ་རྡོག་རོལ་དང་སྣང་ཆུང་གཏོང་མཁན་དེ་མིན།

༤ གཞིས་བྱེས་གཉིས་ཀྱི་བུད་མེད་རྩོམ་འབྲི་མཁན་རྣམས་ཀྱི་རྩོམ་འབྲིའི་རྨང་གཞི་ལ་མ་འདྲ་བ་ཅི་ཞིག་མཐོང་སོང་།
ལན། རྩོམ་འབྲིའི་རྨང་གཞིའམ། བོད་ཡིག་ནང་དུ་རྩོམ་འབྲི་མཁན་གང་མང་ཞིག་ནི་ང་ལྟ་བུ། རྩོམ་རིག་གི་སློབ་སྦྱོང་གི་བརྒྱུད་རིམ་ངེས་ཅན་བརྒྱུད་པ་དེ་འདྲ་མ་ཡིན་པར། དགའ་ཕྱོགས་ཙམ་པོའི་དབང་གིས་རྩོམ་འབྲི་ཁུལ་བྱེད་མཁན་ཤས་ཆེ་བ་འདུག ཡིན་ནའང་། རྒྱ་ཡིག་དང་དབྱིན་ཡིག་ནང་རྩོམ་འབྲི་མཁན་དང་།  འབག་དང་འཇིམ་བཟོ་བ། རི་བོ་སོགས་ཁོང་ཚོའི་རིགས་མང་ཆེ་ཤོས་སློབ་སྦྱོང་བརྒྱུད་རིམ་ངེས་ཅན་ཡོད་མཁན་རྐྱང་རེད་འདུག རྨང་གཞི་བརྟན་མིན་བཤད་ན། དེ་འདྲ་རེད། ཡིན་ནའང་། རྩོམ་ནི་བརྒྱུད་རིམ་ཁོ་ནས་ཡག་སྡུག་ཐག་ཆོད་པ་ཞིག་ལ་ངས་ངོས་འཛིན་ཞུ་ཡི་མེད།

༥ བོད་ཀྱི་རྩོམ་རིག་ལས་ཁྱོད་རང་ཉིད་ལ་ཆེས་གལ་ཆེ་བའི་ཐོབ་བྱ་ཅི་ཞིག་རེད་དམ།
ལན། འདྲི་བ་འདིའི་ལན་ངས་སེམས་ནས་ཤེས་པ་འདྲ་བོ་དང་འབྲི་དུས་མི་ཤེས་པ་ལྟ་བུ། གང་ལྟར་ཏག་ཏག་ངས་མི་ཤེས་ཀི

༦ རང་ཉིད་ངོ་སྤྲོད་མདོར་བསྡུས་ཤིག་བྱེད་རོགས།
ལན།  ངའི་མིང་པདྨ་ཆོས་སྒྲོན་ཟེར་ལ།  སྐྱེས་ཕུལ་མ་མདོ་གཙོས་མཛོད་དགེ་ནས་ཡིན། བོད་ནས་སློབ་གྲྭ་ཆུང་འབྲིང་འགྲིམ་རྗེས། ༡༩༩༨ལོར་རྒྱ་གར་དུ་བྲོས་བྲོལ་དུ་ཡོང་བ་ཡིན། དེ་ནས་སློབ་གྲྭ་ཁ་ཤས་ཤིག་ལ་སློབ་མཐར་ཕྱིན་ནས་ལག་ཁྱེར་ལེན་ཐུབ་པ་བྱུང་བ་རེད། ད་ལྟའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་འཕེལ་རྒྱས་ལྟེ་གནས་ཁང་དུ་ཉམས་ཞིབ་ཀྱི་ལས་ཀ་བྱེད་ཀྱིན་ཡོད་པའི་ཁུལ་རེད། དེ་ཙམ་ཡིན།

༢༠༡༧ཟླ་༠༣ཚེས་༡༧ཉིན།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།