FriOctFri2019

སྤེལ་དུས་མཐའ་མ།09:45:57 AM GMT

རྩོམ་གསར།:

ང་རང་ལྷ་སའི་དགོངས་ཚོགས་སུ་ཡོང་བ་ཐེངས་གསུམ་པ་ཡིན།

གཡང་ཕྱུག་འཚོ།

ཕྱི་ལོ་༢༠༡༧ལོའི་བོད་མེ་བྱ་ལོའི་ལྷ་སའི་ལོ་གསར་དགོངས་ཚོགས་ཆེན་མོའི་སྐབས་དང་བསྟུན་སྟེ། བོད་མདོ་སྨད་ཀྱི་གླུ་མ་གཡང་ཕྱུག་འཚོར་གཙོ་སྐྱོང་བ་ལྷ་མཛེས་ལགས་ཀྱིས་བཅར་འདྲི་བྱས་པ་ཟླ་བ་ཕུར་བུས་ཡིག་ཕབ་བྱས་པ་ཞིག་གཤམ་དུ་བཀོད་ཡོད་པར་གཟིགས་རོགས།
ལྷ་མཛེས། བཀྲ་ཤིས་བདེ་ལེགས།
གཡང་ཕྱུག་འཚོ། བཀྲ་ཤིས་བདེ་ལེགས་ལྷ་ས་ཡི་གྲོགས་པོ་རྣམས་པ་ལོ་སར་བཟང་།


༡། ཁྱེད་རང་ངོས་ནས་ཆ་བཞག་ན་ཐེངས་མ་ག་ཚོད་ལྷ་སའི་ལོ་གསར་ལ་མཉམ་ཞུགས་གནང་ཡོད་དམ།
ལན། ད་ལྟ་ཡིན་ན་ཐེངས་གསུམ་པ་རེད། ཐེངས་དང་པོ་དེ་ཕྱི་ལོ་ཉིས་སྟོང་བཅུ་བཞི་དང་། ཐེངས་གཉིས་པ་ཉིས་སྟོང་བཅོ་ལྔ། ད་ལྟ་མཉམ་ཞུགས་ཐེངས་གསུམ་པ་ཡིན།

༢། ཁྱེད་རང་ལ་མྱོང་ཚོར་གང་འདྲ་བྱུང་སོང་ངམ།
ལན། ལྷ་ས་ཡི་ལོ་གསར་དགོངས་ཚོགས་ཡིན་ན། གྲ་སྒྲིག་ཧ་ཅང་གིས་ཆེན་པོ་ཞིག་དང་མི་ཚོགས་ཀྱང་མང་གི རོལ་ཚོགས་གི་ལེ་ཚན་དང་ཁྲབ་སྟོན་བཅས་རྣམ་པ་སྣ་ཚོགས་ཡོད་གི དཔེར་ན། གླུ་དང་། ཁ་ཤག རྩེད་རིགས་བཅས་ཆེས་མང་གི

༣། ལོ་གསར་མཚན་ཚོགས་ཀྱི་གར་སྟེགས་འདི་ཁྱེད་རང་གི་ངོས་ནས་གལ་ཆེན་པོ་ག་ཚོད་ཙམ་ཡིན་ནམ།
ལན། ངོ་མ་གལ་ཆེན་པོ་རེད། ང་ཚོ་བོད་ཀྱི་ལོ་གསར་དགོངས་ཚོགས་གཅིག་པུ་དེ་རེད། དེར་བརྟེན། ང་རང་ལ་ཧ་ཅང་གིས་རེ་བ་ཡང་ཆེན་པོ་ཡོད་ལ། ཡིན་ད་ཡིན་གྲ་སྒྲིག་ཀྱང་མང་པོ་ཞིག་བྱས་ཡོད་པ་རེད།

༤། ཁྱེད་རང་ལྷ་སར་ཡང་སེ་ཕེབས་ཀྱི་ཡོད་དམ།
ལན། ང་ལྷ་སར་ཐེངས་མང་པོ་ཡོང་གི་ཡོད། ལྷ་ས་དེ་རང་གི་ཕ་ཡུལ་དང་གཅིག་པ་རེད།

༥། ཁྱེད་རང་ལྷ་སར་སླེབས་རྗེས་དགའ་ཤོས་གང་བྱེད་རྒྱུ་དེ་ཡིན།
ལན། དགའ་ཤོས་ཧ་ཅང་མང་གི་གོ ་ཐེངས་དང་པོ་ལྷ་སར་སླེབས་པའི་ཐོག་མར། ཡིན་ན་མིན་ན་བར་བསྐོར་ལ་གཅིག་འགྲོ་དགོས་གི མཆོད་མཇལ་གཅིག་འགྲོ་དགོས་གི དེ་ཕན་ཆད་ནས་ཡིན་ན་ལྷ་ས་གི་བོད་ཐུག་འཐུང་རྒྱུ་ཆེས་དགའ་གི ད་དུང་ལྷ་སའི་གྲོང་ཁྱེར་ནང་བསྐོར་བ་རྒྱག་རྒྱུར་སེམས་ནས་དགའ་བོ་ཡོད།

༦། ཁྱེད་རང་ལ་ཆ་བཞག་ན་རྒྱ་ནག་པེ་ཅིང་དུ་ལས་ཀ་བྱེད་བཞིན་པའི་བོད་རིགས་བུད་མེད་ཅིག་རེད། ལས་ཀ་བྱེད་པའི་རིང་དཀའ་ལས་ཁག་ཤོས་དང་། སྐྱིད་ཤོས་དེ་གང་རེད་དམ།
ལན། པེ་ཅིང་དུ་ཡིན་ན་ཆེས་དཀའ་ལས་ཁག་ཤོས་དེ་ཡིན་ན་མཁའ་དབུགས་ཧ་ཅང་གིས་བཙོག་པ་ཡོད་ནི་རེད། དོན་དག་མེད་པ་དང་། སློབ་སྦྱོང་དང་། སློབ་ཁྲིད་བྱེད་དགོས་མེད་ན་ཁང་པའི་ནང་ནས་སྒོ་ཕྱི་རུ་འགྲོ་རྒྱུ་མེད་ལ། རྒྱུན་ལྡན་ཡིན་ན་ཕ་ཡུལ་ཧ་ཅང་དྲན་གི སྐྱིད་ཤོས་དེ་འཚོ་བའི་མཐུན་རྐྱེན་ཧ་ཅང་གིས་སྟབས་བདེ་ཡིན་ནི་རེད་ལ། གྲོགས་པོ་ཡིན་ན་ཡང་མང་པོ་མང་པོ་ཞིག་སྒྲིག་རྒྱུའི་གོ་སྐབས་ཡོད་གི ད་དུང་བྱ་བ་ཧ་ཅང་མང་བ་ཞིག་ཡོད་གི དེ་ཡིན་ན་ཉིན་མ་གཅིག་ལ་ཆུ་ཚོད་ཉི་ཤུ་རྩ་བཞི་ཡོད་རེད། ངལ་གསོའི་དུས་ཚོད་དྲུག་ནས་བདུན། མང་ཆེ་བ་དུས་ཚོད་བདུན་པ་དང་བརྒྱད་པ་རེད། ཉུང་ཤས་ཤིག་དུས་ཚོད་དྲུག་པར་ཡིན་ན་བར་ནས་སློབ་ཁྲིད་དང་། ཞོར་ལས།  གྲོགས་པོར་ཐུག་འཕྲད་བྱེད་ཀྱི་ཡོད་པ་རེད། དེས་ན་མི་རིགས་རྣམ་པ་སྣ་ཚོགས་དང་། ད་དུང་རྒྱལ་ཁབ་གཞན་དག་གི་མི་རིགས་སུ་འབྲེལ་འདྲེས་བྱས་ནས་ཚོར་སྣང་མང་པོ་ཞིག་བྱུང་རྒྱུ་ཡོད་གི

༧། ད་རེས་ཁྱེད་རང་གིས་སྐབས་འདི་དང་བསྟུན་ནས་གཟིགས་མོ་ལྷན་རྒྱས་ལ་ལོ་གསར་གྱི་འཚམས་འདྲི་ཞིག་གནང་རོགས་གནང་།
ལན། འོ་ཡ། དེས་ན། རྒྱ་ཆེ་བའི་སྤུན་ཟླ་རྣམས་པར་ལོ་གསར་བཟང་། ངས་ཁྱེད་རྣམས་པར་གནམ་ལོ་གསར་པའི་ནང་ལུས་ཁམས་བདེ་ཐང་། བྱ་བ་ལམ་འགྲོ་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུའོ།།

 

བཅར་འདྲི་ཡིག་ངོར་ཕབ་མཁན་ཟླ་བ་ཕུར་བུ།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།