MonJulMon2018

སྤེལ་དུས་མཐའ་མ།09:45:57 AM GMT

རྩོམ་གསར།:

རྩོམ་རིག་ནི་ནམ་ལྟོག་གི་ཟས་དང་ནམ་འཁྱག་གི་གོས་ལྟ་བུ་རེད།

གཡུ་ཆུང་།

སྤྱིར་རྩོམ་ཡིག་གི་མ་ཁུངས་ནི་རང་རང་གི་ཁོར་ཡུག་ལས་བྱུང་དགོས་ལ། དེ་ལ་ཡོད་པའི་བྱ་དངོས་དང་སྐད་ཆའི་སྒྱུ་རྩལ་ཡང་བརྩམས་ཆོས་ཀྱི་གྲུབ་ཆ་ངོ་མ་ཞིག་ཡིན་ཚེ། ང་རང་གིས་ཁྱད་པར་ཆེན་པོ་མཐོང་བཞིན་ཡོད།

འདི་ག་ལྷ་ས་རྩོམ་རིག་མེ་ལོང་རྩོམ་སྒྲིག་ཁང་གིས་བཙན་བྱོལ་བོད་ཀྱི་བུད་མེད་རྩོམ་འབྲི་བ་དང་ཀློག་པ་པོ་རྣམས་སུ་བོད་མོ་རྩོམ་པ་པོའི་སྐོར་ལ་བཅར་འདྲི་ཞུ་བཞིན་པ་ལས་དབྱིངས་ཕྱུག་ལྷ་མོས་དྲིས་ལན་གནང་བ་གཤམ་གསལ་ཏུ་གཟིགས་པར་གྱིས།

༡ ཁྱོད་རང་རྩོམ་འབྲིའི་ལས་ཀར་ཞུགས་ནས་ད་ལྟའི་བར། རང་ཉིད་ཀྱི་གསར་རྩོམ་དང་འབྲེལ་བའི་དངོས་བྱུང་སྣང་ཚུལ་ཡ་མཚན་པ་དེ་འདྲར་འཕྲད་མྱོང་ངམ།

ལན། རང་ཉིད་ལ་ཆ་མཚོན་ན་འཕྲད་མྱོང་ཟེར་ན་མི་ཆོག་རྒྱུ་མེད་སྙམ། གང་ལགས་ཞེ་ན། རང་ཉིད་གསར་རྩོམ་ལ་ཞུགས་པ་དང་སྐད་འཕྲིན་དར་བ་དུས་མཉམ་ཡིན། མ་ཟད་ངས་བཀླགས་པའི་བརྩམས་ཆོས་ཕལ་མོ་ཆེ་འཕྲིན་གྲོགས་ཚོས་བྲིས་པ་ཤ་སྟག་རེད། དེ་དག་གི་ཤུགས་རྐྱེན་འོག་ནས་རང་ཉིད་ཀྱིས་རྩོམ་འབྲི་བར་འབད་འབུང་བྱས་པས་རང་གིས་ཀྱང་རྩོམ་འབྲི་བའི་ཐབས་ལམ་དུ་མ་ཞིག་འབྲི་ཐུབ་པ་བྱུང་ལ། དེ་ལས་ཡ་མཚན་པ་ཞིག་ནི། སྐབས་ལ་ལར་བསམ་གཞིག་དང་ཨུ་ཚུགས་གང་ཡང་མ་དགོས་པར་གང་འབྲི་འདོད་པ་ལས་ལྷག་པ་ཞིག་འབྲི་ཐུབ་ཀྱི་འདུག་ལ། ཡང་མཚམས་རེར་བསམ་གཞིག་དང་ཨུ་ཚུགས་ཀྱིས་བྲིས་ཀྱང་རྒྱུན་མི་འཁྱོངས་པར་འགག་འགྲོ་བ་ཞིག་ཡོང་གི་འདུག་སྟེ། མི་ལ་ལའི་བཤད་སྲོལ་ལ་ཚོར་བ་མེད་ན་འབྲི་མི་ཐུབ་ཟེར་ཡང་ཚོར་བ་ཙམ་གྱིས་ཕན་པ་ཞིག་རེད་མི་འདུག

༢ ཁྱོད་ཀྱིས་ད་ལྟའི་བོད་ཀྱི་རྩོམ་རིག་ལ་ལྟ་སྟངས་ཅི་འདྲ་བཟུང་ཡོད།

ལན།  རང་ཉིད་ལ་ཐོབ་པའི་མྱོང་རོལ་གྱི་ཁོར་ཡུག་ཆུང་ཆུང་འདི་ལས་ཅུང་ཟད་དཔག་ན། རྣམ་དཔྱོད་ལྡན་པའི་མི་བུ་ཚོས་གསར་རྩོམ་བགྱིས་དང་བགྱིད་བཞིན་པའི་མཛེས་རྩལ་གྱི་གྲུབ་དོན་རྣམས་ལ་བསྔགས་བརྗོད་དང་དགའ་སྤོབས་ཀྱིས་མེ་ཏོག་གཏོར་འོས་པ་མ་ཟད། སྤྱི་ཡོངས་ནས་བལྟས་ནའང་བོད་ཀྱི་རྩོམ་རིག་ནི་གཟི་བརྗིད་དུ་མཐོང་བཞིན་ཡོད། འོན་ཀྱང་མཚམས་རེ་ལད་ཟློས་ཀྱི་རྣམ་པ་འགའ་མངོན་སུམ་དུ་མཐོང་ཡོང་དུས་རང་བཞིན་གྱིས་ཉོབ་སྣང་ཞིག་ཀྱང་སྐྱེས་བཞིན་འདུག

༣ ༽རང་སྐད་དང་གཞན་སྐད་ཐུན་མོང་གི་ངོས་ནས་བལྟས་ན། བོད་ཀྱི་བུད་མེད་ཀྱི་རྩོམ་འབྲིའི་སྤུས་ཚད་ཇི་འདྲ་ཞིག་ཏུ་མཐོང་གི་ཡོད།

ལན།  རང་ཉིད་ཀྱིས་གཞན་སྐད་ལ་ཚད་གཟུང་བའི་ནུས་པ་སྤུ་རྩེ་ཙམ་ཞིག་མེད་མོད། རང་སྐད་ཐོག་ནས་དཔེ་དེབ་རེ་ཟུང་བཀླགས་པ་ལ་བརྟེན་ནས་བཤད་ན། ད་ལྟའི་ཆར་རང་རེའི་བོད་ཀྱི་བུད་མེད་རྩོམ་པ་པོ་མང་ནས་མང་དུ་ཕྱིན་ཡོད་ལ། རྩོམ་སྤུས་ཀྱང་ཇེ་ལེགས་སུ་འགྲོ་བཞིན་ཡོད་དུས། དེ་བཞིན་གནས་ཚད་ཀྱང་གང་འཚམ་གྱིས་ཡག་པོ་ཞིག་མཐོང་གི་འདུག

༤༽གཞིས་བྱེས་གཉིས་ཀྱི་བུད་མེད་རྩོམ་འབྲི་མཁན་རྣམས་ཀྱི་རྩོམ་འབྲིའི་རྨང་གཞི་ལ་མ་འདྲ་བ་ཅི་ཞིག་མཐོང་སོང་།

ལན།  སྤྱིར་རྩོམ་ཡིག་གི་མ་ཁུངས་ནི་རང་རང་གི་ཁོར་ཡུག་ལས་བྱུང་དགོས་ལ། དེ་ལ་ཡོད་པའི་བྱ་དངོས་དང་སྐད་ཆའི་སྒྱུ་རྩལ་ཡང་བརྩམས་ཆོས་ཀྱི་གྲུབ་ཆ་ངོ་མ་ཞིག་ཡིན་ཚེ། ང་རང་གིས་ཁྱད་པར་ཆེན་པོ་མཐོང་བཞིན་ཡོད། རྒྱུ་མཚན་ནི་བཙན་བྱོལ་ནས་གཞི་རིམ་གྱི་འཛིན་གྲྭ་བཅུ་གཉིས་ཐོན་པའི་སློབ་མ་ཞིག་ལ་བོད་རང་ལ་འཚར་ལོངས་བྱུང་བའི་ཕྱུགས་རྫི་སྣབས་འཛར་ཞིག་དང་བསྡུར་ན། ཐ་སྙད་དང་ཡུལ་སྲོལ་གོམས་གཤིས་གང་གི་ཆ་ནས་ཀྱང་བཙན་བྱོལ་གྱི་ཕྲུ་གུ་རྣམས་ཞན་ཆ་ཆེ་བ་མཐོང་གི་འདུག

༥༽བོད་ཀྱི་རྩོམ་རིག་ལས་ཁྱོད་རང་ཉིད་ལ་ཆེས་གལ་ཆེ་བའི་ཐོབ་བྱ་ཅི་ཞིག་རེད་དམ།

ལན།  བདག་རང་ཉིད་ལ་མཚོན་ན་བོད་ཀྱི་རྩོམ་རིག་ནི་ནམ་ལྟོག་གི་ཟས་དང་ནམ་འཁྱག་གི་གོས་ཞེས་པའི་དཔེ་ལྟར་དགའ་སྐྱོ་གང་གི་དུས་སུ་མི་མཁོ་བའི་དུས་མེད་པ་ནི། མཚམས་རེར་བདག་ལ་སྤྲོ་བ་སྟེར་མྱོང་ལ། ཡང་སྐབས་རེར་འགྲོ་བ་མིའི་རིགས་ཀྱི་སེམས་ཁམས་ལའང་རམ་འདེགས་བྱེད་མཁན་ཞིག་ཏུ་གདའ་བས་དུས་ཐོག་ཆར་པ་ཟེར་ནའང་མི་ཆོག་རྒྱུ་མེད་སྙམ།

༦༽རང་ཉིད་ངོ་སྤྲོད་མདོར་བསྡུས་ཤིག་བྱེད་རོགས།

ལན། གུས་མོའི་མིང་ལ་དབྱིངས་ཕྱུག་ལྷ་མོ་དང་། དྲྭ་མིང་ལ་དཔའ་ཤོད། སྐྱེ་ཡུལ་ནི་ཁམས་ཚ་བ་སྒང་གི་འབྲོག་ཁྱིམ་ཞིག་སྟེ། རང་ཉིད་སློབ་གྲྭར་འགྲིམས་ནས་ད་ལྟའི་ཆར་མི་ལོ་ཧྲིལ་པོ་ལྔ་སོང་ཟིན་པའི་སློབ་མ་ཞིག་ཡིན་པ་དང་། ངའི་དགའ་ཕྱོགས་ནི་རང་སྐད་དག་མ་ལ་ཡི་རངས་ཞུ་རྒྱུ་བཅས་ངོ་སྤྲོད་མདོར་བསྡུས་ཡིན།

ཕྱི་ལོ་ ༢༠༡༧ ཟླ་ ༠༧ ཚེས་ ༡༣ ཉིན།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།