ThuJunThu2018

སྤེལ་དུས་མཐའ་མ།09:45:57 AM GMT

རྩོམ་གསར།:

རྩོམ་རིག་གི་ཞིང་ས་གཤིན་པོར་རོལ་མྱོང་ཐུབ་པའི་རེ་སྨོན་ཡོད།

བྱང་ཆུབ་སྒྲོལ་མ།

ད་ལྟའི་ཆ་ལ་རྩོམ་རིག་གམ་རྩོམ་འབྲིའི་ཚེ་སྲོག་ཕྲ་བའི་རྒྱུ་མཚན་བཤད་ན་རྩོམ་ལ་རིན་ཐང་མེད་པར་ཆབ་སྲིད་དང་བརྩེ་དུང་གི་གོ་ས་མཐོན་པོ་བཟུང་ཡོད་པས། བླང་དོར་ཤེས་པའི་མཁས་དབང་དང་རྩོམ་འབྲི་པའི་ལས་ལ་བཀག་རྡོ་དང་ཀློག་མཁན་གྱི་ཞེན་ལོག་ཏུ་གྱུར་བར་སེམས།

འདི་ག་ལྷ་ས་རྩོམ་རིག་མེ་ལོང་རྩོམ་སྒྲིག་ཁང་གིས་བཙན་བྱོལ་བོད་ཀྱི་བུད་མེད་རྩོམ་འབྲི་བ་དང་ཀློག་པ་པོ་རྣམས་སུ་བོད་མོ་རྩོམ་པ་པོའི་སྐོར་ལ་བཅར་འདྲི་ཞུ་བཞིན་པ་ལས་བྱང་ཆུབ་སྒྲོལ་མས་དྲིས་ལན་གནང་བ་གཤམ་གསལ་ཏུ་གཟིགས་པར་གྱིས།

༡༽ ཁྱོད་ལ་རྩོམ་འབྲི་ལས་ཀར་ཞུགས་ནས་ད་ལྟའི་བར་རང་ཉིད་ཀྱི་གསར་རྩོམ་དང་འབྲེལ་བའི་དངོས་བྱུང་སྣང་ཚུལ་ཡ་མཚན་པ་དེ་འདྲ་འཕྲད་མྱོང་ངམ།

ལན། སྔོན་གྱི་ཁ་དཔེར། ཀ་ཁ་ག་ང་མ་ཤེས་དུས།། བཀའ་འགྱུར་ཞལ་ཁ་ཕྱེ་ཡི་ཟེར།། ཞེས་པ་ལྟར་རྩོམ་རིག་གི་མཚན་ཉིད་ཡང་དག་མ་ཟད་གོ་དོན་ཙམ་ཞིག་ཐོས་བསམ་སྒོམ་གསུམ་གྱི་སྒོ་ནས་སད་སྨིན་རྫོགས་གསུམ་གྱི་འབྲས་ལྡན་གྱིས་འཇོག་མི་ཤེས།
རང་ཉིད་གསར་རྩོམ་བྲིས་པའི་རྒྱུད་རིམ་ནང་དཀའ་ཚེགས་ལས་དངོས་འབྱུང་ཡ་མཚན་གྱི་སྣང་ཚུལ་དེ་འདྲར་འཕྲད་དཀའ་འོ།
འོན་ཀྱང་རང་ཉིད་སློབ་གཉེར་བྱེད་བཞིན་པའི་ཁྲོད་དུ་བཀའ་དྲིན་ཅན་གྱི་དགེ་རྒན་རྣམ་པས་ལོ་མང་དཔྱད་བརྗོད་དང་འཆད་འཁྲིད་བྱས་པའི་ཐོབ་བྱ་མ་ལུས་འུ་ཅག་ལ་གནང་བཞིན་པ་འདི་ནི། རི་གསུམ་མགོན་པོའི་རྩེ་ནས་ནོར་བུ་རྙེད་པ་ལྟ་བུའི་བློ་ཡུལ་ལས་འདས་པ་ཞིག་རེད། སྙན་ངག་སློབ་དཔོན་རྣམ་པས་རྩོམ་འབྲིའི་ལམ་བུའི་ཐོག་ཏུ། བསྟོད་བསྔགས་སྦྱིན་མྱོང་ལ་རྩོམ་འབྲིའི་འགྲན་རྩོད་ལམ་ནས་བྱ་དགའ་ཡང་ཐོབ་མྱོང་། འདི་ནི་བདག་ལ་མཚོན་ན་དགའ་འོས་པ་ཞིག་རེད།

༢ ཁྱོད་ཀྱིས་ད་ལྟའི་བོད་ཀྱི་རྩོམ་རིག་ལ་ལྟ་སྟངས་ཅི་འདྲ་བཟུང་ཡོད།

ལན། ཕྲན་གྱིས་བསམ་པར་ད་ལྟའི་བོད་ཀྱི་རྩོམ་རིག་འདི་གང་ལ་གང་འཚམ་གྱིས་ཕུན་སུམ་ཚོགས་པར་སྙམ་ཡོད།
གཞུང་ལུགས་ཀྱི་རྟེན་གཞི་ཡོད་པ་དང་ལུང་རིག་གི་རྒྱབ་ལྗོངས་བྱས་ནའང་འདྲ། མི་རིགས་རང་གི་མི་འབོར་གྱི་གྲངས་ཚད་དང་བསྡུར་ན་བསྟན་བྱའི་རྩོམ་རིག་ཡོད་པ་གང་ཙམ་ཡོད་ཅིང་། མཛད་མཁན་དང་སྒྱུར་མཛད་ཀྱི་མཁས་དབང་ཡང་ཚད་ལྡན་དུ་མ་བྱུང་དང་འབྱུང་བཞིན་ཡོད་པས་དགའ་མོས་ཡོད་ལ་མི་རིགས་ཀྱི་རྨོངས་གཉིད་སད་བྱེད་ཀྱང་ཡིན།
འོན་ཀྱང་ད་ལྟའི་ཆ་ལ་རྩོམ་རིག་གམ་རྩོམ་འབྲིའི་ཚེ་སྲོག་ཕྲ་བའི་རྒྱུ་མཚན་བཤད་ན་རྩོམ་ལ་རིན་ཐང་མེད་པར་ཆབ་སྲིད་དང་བརྩེ་དུང་གི་གོ་ས་མཐོན་པོ་བཟུང་ཡོད་པས། བླང་དོར་ཤེས་པའི་མཁས་དབང་དང་རྩོམ་འབྲི་པའི་ལས་ལ་བཀག་རྡོ་དང་ཀློག་མཁན་གྱི་ཞེན་ལོག་ཏུ་གྱུར་བར་སེམས།

༣ ༽རང་སྐད་དང་གཞན་སྐད་ཐུན་མོང་གི་ངོས་ནས་བལྟས་ན། བོད་ཀྱི་བུད་མེད་ཀྱི་རྩོམ་འབྲིའི་སྤུས་ཚད་ཇི་འདྲ་ཞིག་ཏུ་མཐོང་གི་ཡོད།

ལན། རང་སྐད་དང་གཞན་སྐད་ཐུན་མོང་ངོས་ནས། བོད་ཀྱི་བུད་མེད་རྩོམ་འབྲིའི་སྤུས་ཚད་བོད་རང་ཉིད་ལ་ཆ་མཚོན་ན་གནའ་དེང་ཅི་ཡི་ཆ་ནས་དཔྱད་གཞི་དང་བུད་མེད་ཚོ་ལ་ཡང་རྩོམ་འབྲིའི་ཁ་ལོ་བ་ཡོད་བསྡད་པ་ཞིག་རེད།
དཔེར་ན། བུད་མེད་རྩོམ་པ་པོ་ཆུ་སྐྱེས་སྒྲོལ་མས་«བཞོ་ལུང་»དུས་དེབ་སྟེང་དུ། “འདི་ནི་དེང་རབས་བོད་ཀྱི་བུད་མེད་རྩོམ་པ་པོའི་ལམ་ཚད་དང་རྐང་རྗེས་ཤིག་ནི་ཅིས་ཀྱང་ཡིན། འདི་ནི་དེང་རབས་བུད་མེད་རྩོམ་པ་པོའི་དཔུང་ཁག་ཅིག་འདི་ལྟར་ངོ་སྤྲོད་བྱས་པ་བརྒྱུད་ནས་ད་གཟོད་ང་ཚོར་ཡང་རྐང་རྗེས་ཤིག་ཡོད་”ཅེས་པ་ལས་རྟོགས་ཐུབ།

༤༽གཞིས་བྱེས་གཉིས་ཀྱི་བུད་མེད་རྩོམ་འབྲི་མཁན་རྣམས་ཀྱི་རྩོམ་འབྲིའི་རྨང་གཞི་ལ་མ་འདྲ་བ་ཅི་ཞིག་མཐོང་སོང་།

ལན། དམིགས་བསལ་གྱི་རྩོམ་འབྲིའི་རྨང་གཞི་ཅི་ཡང་མ་མཐོང་སྟེ། དེ་ནི་རང་ཉིད་ཀྱི་ཞིབ་དཔྱད་ཞན་དྲག་པ་དང་ཤེས་བྱའི་ཆུ་ཚད་དམའ་དྲག་པའི་རྐྱེན་གྱིས་རྩོམ་འབྲིའི་རྨང་གཞི་འདི་དང་འདི་འོ་ཞེས་བཤད་ཐུབ་པ་མི་འདུག
མ་འོངས་པར་རྩོམ་རིག་གི་ཞིང་ས་གཤིན་པོ་རོ་མྱོང་ཐུབ་པའི་རེ་སྨོན་གྲངས་མེད་ཡོད། བདག་གིས་དཔེ་མཚོན་ཙམ་ཞུས་ན། གང་ལྷ་མོའི་«དཔྱད་རྩོམ་ཕྱོགས་སྒྲིག»དང་ཚེ་རིང་སྐྱིད་ཀྱི་«བུད་མེད་ཀྱི་མིག་གིས་བུ་མེད་ལ་བལྟ་བ» སྐལ་བཟང་སྒྲོལ་མའི་«མནའ་མ་ལས་ངན་མ།»ལྟ་བུ། བརྗོད་བྱ་ཁ་གསལ་པ་དང་བརྗོད་གཞི་ལ་སོགས་གཏིང་ཟབ་པ། བསྟན་དོན་གྱི་ཁ་ཕྱོགས་སུ་སྤྱི་ཚོགས་ཀྱི་རྒྱབ་ལྗོངས་ཡོད་འདུག

ཡང་ཚེ་རིང་སྐྱིད་ཀྱིས་“བུད་མེད་ལ་ཐོག་མར་དགོས་པ་ནི་རང་གཤིས་དང་གཏན་ཚིགས། སྙིང་སྟོབས་སོགས་ཀྱི་རྩ་བ་ཡག་པོ་ཞིག་འཛུགས་དགོས་པ་དེ་ཡིན་ལ། འདི་ནི་བུད་མེད་ཅིག་གིས་མ་མཐར་ཡང་རང་ཉིད་བརྟན་པོར་བཞེངས་སྐྲུན་བྱེད་པའི་རྩ་བའི་ཆ་རྐྱེན་ལྟ་བུ་ཡིན། འདི་ལྟ་བུའི་གཏན་ཚིགས་དང་སློབ་གསོའི་རྩ་བ་ཡོད་པའི་བུད་མེད་ཅིག སྤྱི་ཚོགས་གང་འདྲ་ཞིག་གི་ནང་དོན་གནད་གང་ལ་འཕྲད་ཀྱང་རང་གི་རྣམ་དཔྱོད་དང་རིག་ལམ་བེད་སྤྱོད་བཏང་སྟེ། གནད་དོན་ཐག་བཅོད་བྱེད་ངེས་པ་ལས་གཡམ་རྒྱུགས་དང་གཞན་གྱི་བཤད་སྒྲོས་ལ་ཉན་མི་སྲིད་པ་རེད”།
འདི་དག་ཚང་བའི་བུད་མེད་རྩོམ་འབྲི་རྨང་གཞི་ལྡན་པ་དང་བུད་མེད་ལ་སྙིང་སྟོབས་སྦྱིན་པའི་ས་བོན་ནམ་གོམ་པ་མདུན་དུ་སྤོ་བའི་ལམ་སྟོན་གྱི་ཁ་ལོ་བ་ཁོ་ནའོ།།

༥༽བོད་ཀྱི་རྩོམ་རིག་ལས་ཁྱོད་རང་ཉིད་ལ་ཆེས་གལ་ཆེ་བའི་ཐོབ་བྱ་ཅི་ཞིག་རེད་དམ།

ལན། བོད་ཀྱི་རྩོམ་རིག་ལས་རང་ཉིད་ལ་ཆེས་གལ་ཆེ་བའི་་ཐོབ་བྱ་ནི་ཤེས་ཡོན་གྱི་བློ་སྒོ་འབྱེད་པའི་ལྡེ་མིག རང་ཉིད་སྤྱི་ཚོགས་ནང་གོམ་པ་སྤོ་བར་ལམ་སྟོན་གྱི་སྒྲོན་མེ་དང་དྲང་བདེན་གྱི་ལམ་ཕྲན་དུ་བསྐྱོད་པའི་ཁ་ལོ་བ་ཞིག་རེད།

༦༽རང་ཉིད་ངོ་སྤྲོད་མདོར་བསྡུས་ཤིག་བྱེད་རོགས།

ལན། ངའི་མིང་ལ་བྱང་ཆུབ་སྒྲོལ་མ། ཕ་ཡུལ་ཁམས་སོག་རྫོང་གི་འབྲོག་ལུང་དཀྱུས་མ་ཞིག་ཏུ་སྐྱེས་ཤིང་། རྟ་ནོར་ལུག་གསུམ་མཉམ་དུ་མི་ལོ་དུ་མར་དགའ་སྡུག་གི་འཚོ་བར་ཉམས་མྱོང་བྱས།
སྤྱི་ལོ་༢༠༠༩ལོར་འཚོ་བའི་ཁ་ཕྱོགས་འགྱུར་ཞིང་སློབ་གཉེར་བ་དཀྱུས་མ་ཞིག་བྱེད་བཞིན་པའོ།།

ཕྱི་ལོ་ ༢༠༡༧ ཟླ་ ༠༧ ཚེས་ ༡༦ ཉིན།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།