SatNovSat2017

སྤེལ་དུས་མཐའ་མ།10:45:42 AM GMT

རྩོམ་གསར།:

ངས་བོད་ཀྱི་རྩོམ་རིག་ལ་ལྟ་སྟངས་ཧ་ཅང་ཡག་པོ་འཛིན་གྱི་ཡོད།

ཚེ་རིང་ལྷ་མོ།

བོད་ཀྱི་རྩོམ་རིག་ལས་ང་རང་གི་ཐོབ་བྱ་གལ་ཆེ་ཤོས་དེ་ནི་རང་སྐད་གྱི་ཐོག་ནས་རྩོམ་ཡིག་འབྲི་རྒྱུ་དང་། རང་སྐད་རྒྱུད་འཛིན་བྱས་ཏེ་རྩོམ་པ་པོ་གཞན་ལ་ཀུན་སློང་བཟང་པོ་ཞིག་སྤྲད་རྒྱུ་དེ་ངའི་ཐོབ་བྱ་གལ་ཆེ་ཤོས་ཡིན།

འདི་ག་ལྷ་ས་རྩོམ་རིག་མེ་ལོང་རྩོམ་སྒྲིག་ཁང་གིས་བཙན་བྱོལ་བོད་ཀྱི་བུད་མེད་རྩོམ་འབྲི་བ་རྣམས་སུ་བོད་ཀྱི་རྩོམ་རིག་སྐོར་ལ་བཅར་འདྲི་ཞུ་བཞིན་པ་ལས་ཚེི་རིང་ལྷ་མོས་དྲིས་ལན་གནང་བ་གཤམ་གསལ་ཏུ་གཟིགས་པར་གྱིས།

༡ ཁྱོད་རང་རྩོམ་འབྲིའི་ལས་ཀར་ཞུགས་ནས་ད་ལྟའི་བར། རང་ཉིད་ཀྱི་གསར་རྩོམ་དང་འབྲེལ་བའི་དངོས་བྱུང་སྣང་ཚུལ་ཡ་མཚན་པ་དེ་འདྲར་འཕྲད་མྱོང་ངམ།

ལན། ང་རང་ལ་མཚོན་ན་ད་ལྟའི་བར་རྩོམ་ལས་སུ་ཞུགས་མ་མྱོང་མོད། ང་རང་གིས་དུས་ཚོད་དང་བསྟུན་ནས་རང་རྩོམ་དེ་འདྲ་ལས་ཀའི་ཞོར་དུ་འབྲི་ཡི་ཡོད། ཉིན་ཞིག་ང་ནི་གནས་ཚུལ་ཧ་ཅང་བརྗོད་པར་དཀའ་བ་ཞིག་ཏུ་འཕྲད་སོང་། དེ་ནི་ང་ལ་རང་དབང་མེད་ཅིང་། གྲང་ངར་དང་རླུང་འཚུབ། ཁ་བ་ལྷབ་ལྷུབ་ཏུ་གཡོ་བའི་ཉིན་དེ་ནས་བཟུང་། ངའི་མི་ཚེ་ཡི་བདེ་སྐྱིད་དེ་འཁྱགས་རོམ་དུ་གྱུར། ངའི་སྙིང་ལ་ཆགས་པའི་འཁྱགས་རོམ་དེ་ཉི་མ་དང་སུ་གང་གིས་ཀྱང་བཞུ་མི་ཐུབ་ལ། སྐྱིད་ལ་སྡུག་པའི་ལོ་ཟླ་མི་ཡུལ་ལུང་པར་འདས་དགོས་བྱུང་། ཞེས་པ་ཞིག་ངས་ཚོར་བ་སྣོན་པོའི་ངང་བྲིས་པ་ཡིན།

༢ ཁྱོད་ཀྱིས་ད་ལྟའི་བོད་ཀྱི་རྩོམ་རིག་ལ་ལྟ་སྟངས་ཅི་འདྲ་བཟུང་ཡོད།

ལན། ངས་བོད་ཀྱི་རྩོམ་རིག་ལ་ལྟ་སྟངས་ཧ་ཅང་ཡག་པོ་འཛིན་གྱི་ཡོད།

༣ རང་སྐད་དང་གཞན་སྐད་ཐུན་མོང་གི་ངོས་ནས་བལྟས་ན། བོད་ཀྱི་བུད་མེད་ཀྱི་རྩོམ་འབྲིའི་སྤུས་ཚད་ཇི་འདྲ་ཞིག་ཏུ་མཐོང་གི་ཡོད།

ལན། ང་རང་ཚོས་བོད་ཀྱི་བུད་མེད་ཚོའི་རྩོམ་འབྲིའི་སྤུས་ཚད་སྐོར་ལ་བཤད་ན། དང་པོ་རྩོམ་འབྲི་སྐབས་སེམས་ཀྱི་ཚོར་སྣང་ཤུགས་ཆེན་པོ་ཞིག་གི་སྒོ་ནས་འབྲི་ཐུབ་དགོས། ཚོར་སྣང་བྱུང་བའི་སོ་སོའི་བྲིས་རྩོམ་དེ་ནི། མི་གཞན་གྱིས་ཀློག་སྐབས་སུ་ཚོར་བ་རྣོན་པོ་སྤྲད་ཐུབ་པ་ཡིན་ན། དེ་ནས་རང་གཞན་གྱི་རྩོམ་བྲིས་སྤུས་ཚད་གང་འདྲ་ཞིག་ཏུ་སླེབས་ཡོད་མེད་ཤན་འབྱེད་ཐུབ།

༤ གཞིས་བྱེས་གཉིས་ཀྱི་བུད་མེད་རྩོམ་འབྲི་མཁན་རྣམས་ཀྱི་རྩོམ་འབྲིའི་རྨང་གཞི་ལ་མ་འདྲ་བ་ཅི་ཞིག་མཐོང་སོང་།

ལན།  ང་རང་གི་མཐོང་ཚུལ་དུ། རྒྱ་གར་རུ་བོད་ཀྱི་བུད་མེད་རྩོམ་འབྲི་མཁན་ཧ་ཅང་ཉུང་ཉུང་ཡིན་པ་མ་ཟད། བོད་ཡིག་གི་རྨིང་གཞི་ཧ་ཅང་སྐྱོ་པོ་མཐོང་སོང་། བོད་ནང་དུ་ཡོད་པའི་བོད་ཀྱི་བུད་མེད་ཚོར་བོད་ཡིག་གི་རྨང་གཞི་ཡག་པོ་ཡོད་ནའང་། རྩོམ་ཡིག་འབྲི་བ་ཉུང་བའི་རྐྱེན་གྱིས་རྩོམ་འབྲི་བའི་རྨང་གཞི་འབྲིང་ཙམ་རེད།

༥ བོད་ཀྱི་རྩོམ་རིག་ལས་ཁྱོད་རང་ཉིད་ལ་ཆེས་གལ་ཆེ་བའི་ཐོབ་བྱ་ཅི་ཞིག་རེད་དམ།

ལན། བོད་ཀྱི་རྩོམ་རིག་ལས་ང་རང་གི་ཐོབ་བྱ་གལ་ཆེ་ཤོས་དེ་ནི་རང་སྐད་གྱི་ཐོག་ནས་རྩོམ་ཡིག་འབྲི་རྒྱུ་དང་། རང་སྐད་རྒྱུད་འཛིན་བྱས་ཏེ་རྩོམ་པ་པོ་གཞན་ལ་ཀུན་སློང་བཟང་པོ་ཞིག་སྤྲད་རྒྱུ་དེ་ངའི་ཐོབ་བྱ་གལ་ཆེ་ཤོས་ཡིན།

༦ རང་ཉིད་ངོ་སྤྲོད་མདོར་བསྡུས་ཤིག་བྱེད་རོགས།

ལན། ངའི་མིང་ལ་ཚེ་རིང་ལྷ་མོ། ཕ་ཡུལ་ལྷ་ས། རྒྱ་གར་ལ་༢༠༠༣ལོར་འབྱོར་ཞིང་། ཤེས་རབ་དགའ་ཚལ་སློབ་གླིང་ནས་༢༠༠༧ལོར་སློབ་མཐར་ཕྱིན། ད་ལྟ་བྱང་ཨ་རིའི་ས་གནས་Wisconsinནང་དུ་བསྡད་ཡོད།
ཁྱེད་རྣམས་ཀྱིས་བཅའ་འདྲི་གནང་བར་བཀའ་དྲིན་ཆེ།

ཕྱི་ལོ་ ༢༠༡༧ ཟླ་ ༠༧ ཚེས་ ༢༠ ཉིན།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།