FriOctFri2018

སྤེལ་དུས་མཐའ་མ།09:45:57 AM GMT

རྩོམ་གསར།:

རྩོམ་གྱི་རྨང་གཞི་ཡག་པོ་ཅན་ཡོད་རུང་ཁ་ཤས་ཤིག་རེད།

མཁར་མོ་སྐྱིད།

རང་སྐད་དང་གཞན་སྐད་ཆ་ནས་བོད་ཀྱི་བུད་མེད་རྣམས་ད་ལྟའི་ཆར་རྒྱལ་ཁབ་གཞན་པའི་བུད་མེད་རྣམས་དང་རྩོམ་འབྲིའི་སྤུས་ཚད་ཀྱི་ཆ་ནས་བསྡུར་ཐབས་མི་འདུག་སྙམ། ཕྱི་རྒྱལ་གྱི་རྩོམ་པ་མོ་དག་བོད་ཀྱི་བུད་མེད་རྣམས་ལས་རྩོམ་རིག་གི་ཆ་ནས་ཅུང་ཚད་ལྡན་རེད། ཡིན་ནའང་བོད་ནང་ན་རྩོམ་པ་མོ་ཚད་ལྡན་འགའ་རེ་འདུག་བསམ།

འདི་ག་ལྷ་ས་རྩོམ་རིག་མེ་ལོང་རྩོམ་སྒྲིག་ཁང་གིས་བཙན་བྱོལ་བོད་ཀྱི་བུད་མེད་རྩོམ་འབྲི་བ་དང་ཀློག་པ་པོ་རྣམས་སུ་བོད་ཀྱི་བུད་མེད་རྩོམ་པ་པོའི་སྐོར་ལ་བཅར་འདྲི་ཞུ་བཞིན་པ་ལས་མཁར་མོ་སྐྱིད་ཀྱིས་དྲིས་ལན་གནང་བ་གཤམ་གསལ་ཏུ་གཟིགས་པར་གྱིས།

༡ ཁྱོད་རང་རྩོམ་འབྲིའི་ལས་ཀར་ཞུགས་ནས་ད་ལྟའི་བར། རང་ཉིད་ཀྱི་གསར་རྩོམ་དང་འབྲེལ་བའི་དངོས་བྱུང་སྣང་ཚུལ་ཡ་མཚན་པ་དེ་འདྲར་འཕྲད་མྱོང་ངམ།

ལན། དེ་འདྲའི་དམིགས་བསལ་ཞིག་བྱུང་མ་སོང་།

༢ ཁྱོད་ཀྱིས་ད་ལྟའི་བོད་ཀྱི་རྩོམ་རིག་ལ་ལྟ་སྟངས་ཅི་འདྲ་བཟུང་ཡོད།

ལན། ད་ལྟ་བོད་ཀྱི་རྩོམ་རིག་ལ་བོད་ནང་དང་བཙན་བྱོལ་ནང་གཉིས་སུ་ཅུང་ཧེ་བག་ཆད་ཀི དེ་ཡང་བོད་ནང་གི་རྩོམ་རིག་ཕྱོགས་གང་ཅིའི་ཐད་ནས་ཅུང་ཡག་པོ་འདུག་ལ། ཡར་རྒྱས་ཆེན་པོ་རེད་བསམ་གྱི་ཡོད། ཡིན་ནའང་དེང་སང་མང་པོ་ཞིག་སྙན་ངག་ལ་དགའ་མཁན་མང་པོ་རེད། དེའི་དགེ་སྐྱོན་ཤེས་མ་སོང་མོད།
འོན་ཀྱང་དེ་བས་ཀྱང་ཕྱིའི་སྒྱུར་རྩོམ་མང་པོ་ཞིག་འདུག དེ་དག་བློ་རྒྱ་དང་མིག་རྒྱ་བསྐྱེད་བྱེད་སོགས་ཀྱི་དགེ་མཚན་ཧ་ཅང་ཆེ་ལ། དེ་ང་རང་ངོས་ནས་ཧ་ཅང་ཡག་པོ་མཐོང་སོང་། བཙན་བྱོལ་ནང་ན་བོད་མོ་རྩོམ་པ་པོ་མང་པོ་ཡོད་རེད། ཡིན་ནའང་བོད་ནང་ལྟ་བུའི་རྩོམ་གྱི་སྡེབ་སྦྱོར་དང་ནང་དོན་གྱི་ཆ། སྒྱུ་རྩལ་སོགས་ང་རང་ངོས་ནས་མི་འདང་ས་མང་པོ་འདུག་སྙམ་ཀི

༣ རང་སྐད་དང་གཞན་སྐད་ཐུན་མོང་གི་ངོས་ནས་བལྟས་ན། བོད་ཀྱི་བུད་མེད་ཀྱི་རྩོམ་འབྲིའི་སྤུས་ཚད་ཇི་འདྲ་ཞིག་ཏུ་མཐོང་གི་ཡོད།

ལན། རང་སྐད་དང་གཞན་སྐད་ཆ་ནས་བོད་ཀྱི་བུད་མེད་རྣམས་ད་ལྟའི་ཆར་རྒྱལ་ཁབ་གཞན་པའི་བུད་མེད་རྣམས་དང་རྩོམ་འབྲིའི་སྤུས་ཚད་ཀྱི་ཆ་ནས་བསྡུར་ཐབས་མི་འདུག་སྙམ། ཕྱི་རྒྱལ་གྱི་བུད་མེད་རྩོམ་པ་པོ་དག་བོད་ཀྱི་བུད་མེད་རྩོམ་པ་པོ་རྣམས་ལས་རྩོམ་རིག་གི་ཆ་ནས་ཅུང་ཚད་ལྡན་རེད། ཡིན་ནའང་བོད་ནང་ན་རྩོམ་པ་མོ་ཚད་ལྡན་འགའ་རེ་འདུག་བསམ།

༤ གཞིས་བྱེས་གཉིས་ཀྱི་བུད་མེད་རྩོམ་འབྲི་མཁན་རྣམས་ཀྱི་རྩོམ་འབྲིའི་རྨང་གཞི་ལ་མ་འདྲ་བ་ཅི་ཞིག་མཐོང་སོང་།

ལན། ང་རང་ངོས་ནས་ཧེ་བག་ཆེན་པོ་མཐོང་གི་ཡོད། བོད་ནང་གི་སྨྱུག་ཐོགས་བུད་མེད་ཚོར་མཚོན་ན་རྩོམ་འབྲིའི་རྨང་གཞི་ཡག་པོ་མཐོང་། བཙན་བྱོལ་ནང་ལ་མཚོན་ན་རྨང་གཞི་ཡག་པོ་ཅན་ཡོད་རུང་ཁ་ཤས་རེད། དེ་མིན་སྤྱི་ཚོགས་ཀྱི་རམ་འདེགས་དང་སེམས་ཤུགས་སྤར་བ། རང་ཉིད་ཀྱིས་འཛེམ་བག་མེད་པར་དཀའ་ལས་བརྒྱབ་པ་ལས་བོད་ནང་དང་བསྡུར་ཐབས་མེད་པར་སྙམ། ནོར་ཡོད་ན་དགོངས་དག

༥ བོད་ཀྱི་རྩོམ་རིག་ལས་ཁྱོད་རང་ཉིད་ལ་ཆེས་གལ་ཆེ་བའི་ཐོབ་བྱ་ཅི་ཞིག་རེད་དམ།

ལན།  རྩོམ་རིག་ལ་སྤྲོ་སྣང་གིས་སྐད་ཡིག་ལ་ཞེན་ཤ་ཇེ་ཆེ་དང་སྐད་ཡིག་དེ་རང་གི་མི་རབས་ཚ་རྒྱུད་ལ་ངེས་པར་ཏུ་སྤེལ་དགོས་བསམ་པའི་འདུ་ཤེས་དེའོ།

༦ རང་ཉིད་ངོ་སྤྲོད་མདོར་བསྡུས་ཤིག་བྱེད་རོགས།

ལན། ངའི་མིང་ལ་མཁར་མོ་སྐྱིད་ཟེར་ཞིང་། ཕ་ཡུལ་ཨ་མདོ་བླ་བྲང་རྒན་གྱ་ནས་ཡིན། ༢༠༠༦ ལོར་རྒྱ་གར་ཏུ་ཡོང་ནས་སུ་ཇཱ་སློབ་གྲུར་འཛུལ་ཏེ་འཛིན་རིམ་བཅུ་བ་མཐར་ཕྱིན། དེ་ནས་སེ་ལ་ཀོའི་བོད་ཁྱིམ་ནས་འཛིན་རིམ་བཅུ་གཉིས་ཚན་རིག་སྡེ་མཚན་ནས་མཐར་ཕྱིན། དེ་རྗེས་གནས་སྟངས་དང་དམིགས་ཡུལ་ལ་འགྱུར་ལྡོག་བྱུང་སྟེ་སློབ་མཚམས་བཞག ད་ལྟ་མདོ་སྨད་ས་རྒྱུན་དང་རང་ངོས་ནས་ཚོང་ཙག་ཙིག་དང་ཡུལ་སྐོར་སྣེ་ཤན་བྱེད་བཞིན་མཆིས།

ཕྱི་ལོ་ ༢༠༡༧ ཟླ ༠༨ ཚེས་ ༡༢ ཉིན།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།