FriOctFri2019

སྤེལ་དུས་མཐའ་མ།09:45:57 AM GMT

རྩོམ་གསར།:

ཡོ་འབོག་ཤིང་གིས་རུས་མཛེར་ལ་ཕན་ཐོགས།

རུས་མཛེར་ལ་ཕན་པའི་ཤིང་ཡོ་འབོག

སྨན་པ་ཚེ་རིང་དོན་འགྲུབ་ཀྱིས་རུས་མཛེར་ལ་སྲོལ་རྒྱུན་བཅོས་ཐབས་ཡོད་པའི་སྐོར་གྱི་དྲིས་ལན་མདོར་བསྡུས་ཁ་གསལ་ཞིག་གནང་སོང་ལ། འོན་ཀྱང་ཤིང་ཡོ་འབོག་གི་བཅོས་ཐབས་འདི་ནི་མན་ངག་དང་ཁྲིད་རྒྱུན་མེད་ན་མི་དཀྱུས་མ་ཞིག་གིས་བེད་སྤྱོད་གཏོང་མི་རུང་བར་གསུངས་སོང་།

༡༽ཐོག་མར་ཁྱོད་རང་ངོ་སྤྲོད་མདོར་བསྡུས་ཤིག་བྱེད་རོགས།
ལན། གུས་པའི་མིང་ལ་ཚེ་རིང་དོན་འགྲུབ་ཟེར་ཞིང་། ད་ལྟ་མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་རྩེ་ཁོག་རྫོངས་དམེ་ཤུལ་གྲོང་བརྡལ་གྱི་ཀོའུ་སྡེ་བའི་ནང་དུ་བོད་སྨན་གྱི་སྨན་ཕྲུག་ཅིག་གི་ལས་ཀ་སྒེར་གཉེར་བྱེད་ཀྱིན་ཡོད།

༢༽ ནད་རིགས་རུས་མཛེར་ནི་ཅི་ལྟར་འབྱུང་གི་ཡོད་པ་རེད།
ལན། རུས་མཛེར་འདི་ཕལ་ཆེ་བ་བརླན་ས་ནས་འདུག་དྲགས་པ་དང་ཡང་ན་དལ་དྲགས་པའི་རྒྱུ་རྐྱེན་གྱི་དབང་གིས་བྱུང་བ་ཞིག་རེད།

༣༽ རུས་མཛེར་གྱི་སྔོན་འགོག་ཐབས་ལམ་ལ་ལག་ལེན་བྱེད་ཚུལ་སྐོར་ནས་གསལ་བཤད་མདོར་བསྡུས་ཤིག
ལན། རུས་མཛེར་སྔོན་འགོག་ལ་བརླན་ས་ནས་མི་འདུག་རྒྱུ་དང་དྲག་ཤུལ་གྱི་ལས་ཀ་མི་ལས་། འདུག་མི་དྲག་པ། རྩོལ་དལ་རན་པར་བཟོ་བ་བཅས་ཀྱིས་སྔོན་འགོག་བྱེད་ཐུབ།

༤༽ རུས་མཛེར་གྱི་སྲོལ་རྒྱུན་བཅོས་ཐབས་སྐོར་གསལ་བཤད་མདོར་བསྡུས་ཤིག
ལན། སྲོལ་རྒྱུན་བཅོས་ཐབས་ཡག་ཤེས་དེ་ཕྱགས་འཚལ་བ་དང་བསྐོར་བ་བྱེད་པ་འདི་ལས་ཡག་ཤེས་ཤིག་མེད།

༥༽ རུས་མཛེར་རིགས་སུ་ཕན་པའི་སྲོལ་རྒྱུན་བཅོས་ཐབས་ཀྱི་ཤིང་ཐུར་དེའི་མིང་ལ་ཅི་ཟེར་བ་དང་། དེའི་རྒྱུ་ཆ་དང་ག་དུས་ཤིག་ལ་སྤྱི་ཚོགས་སུ་དར་བ་རེད་དམ།
ལན། ཤིང་འདིས་མིང་ལ་ཡོ་འབོག་འམ་ཡུལ་སྐད་དུ་ཤིང་ཐོད་ཀར་ཟེར་ཀྱིན་འདུག       སྨན་འདི་རྒྱུད་གཞུང་ནའང་ཡོད་པ་རེད།    འོན་ཀྱང་ལག་ལེན་མ་བྱོས་པར་ད་ལྟའི་བར་དུ་ལྷག་སོང་བ་དང་། དགེ་རྒན་ཁོང་གིས་ཕྱགས་ལས་གནང་ནས་ལོ་ངོ་༢༠ཙམ་འགོར་འདུག

༦༽ ཁྱོད་རང་གིས་བཅོས་ཐབས་འདི་ལག་བསྟར་བྱེད་སྐབས་ནད་པ་ག་ཚོད་ལ་ཕན་ཐོག་བྱུང་སོང་།
ལན། ལག་ལེན་བྱོས་ནས་ཕལ་ཆེར་ནད་པ་ལྔ་བཅུ་དྲུག་བཅུ་ཙམ་དྲག་སྐྱེད་བྱུང་ཡོད།

༧༽ བཅོས་ཐབས་འདིས་རུས་མཛེར་མ་གཏོགས་ནད་རིགས་གཞན་ལ་ཕན་གྱི་ཡོད་དམ།
ལན། གཞན་ནད་རིགས་མཁལ་འགྲིམས་ནད་ལ་ཕན་པ་ཆེན་པོ་འདུག

༨༽ བཅོས་ཐབས་འདི་ནི་མི་དཀྱུས་མ་ཞིག་གིས་ལག་བསྟར་བྱས་ན་ལས་སླ་བོ་ཡོད་དམ།
ལན། འདི་ལ་ལུང་དང་ཁྲིད་དགོས་པའི་སྨན་པ་མ་གཏོགས་མི་དཀྱུས་མའི་བཀོད་མི་རུང་།

མཐར་དྲི་བ་འདི་དག་ལ་ལན་མདོར་མདུས་རེ་མ་གཏོགས་བཏབ་མེད་པས་སྐྱོན་ཆ་ཤོར་ཡོད་སྲིད་པས་དགོངས་དག་ཞུ།

 

ཕྱི་ལོ་ ༢༠༡༧ ཟླ་ ༡༠ ཚེས་ ༡༣ཉིན།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།