ThuNovThu2018

སྤེལ་དུས་མཐའ་མ།09:45:57 AM GMT

རྩོམ་གསར།:

ཕྱི་རབས་པ་རྣམས་ལ་ཕན་པ་ཁོ་ན་གཙོ་བོ་བཟུང་གི་ཡོད།

བསྐལ་བཟང་ལྷ་མོ།

ཁོ་མོའི་ཚེ་གཅིག་རིང་གི་སྤྱི་ཚོགས་ཀྱི་མྱོང་བརྒྱུད་དང་། རང་གི་ལས་དབང་ཀྱིས་དྲངས་པའི་འཚོ་བ་ལ་བསམ་ན་རྩོམ་རིག་ནི་སྐྱིད་སྡུག་གང་གི་ཚེ་ལ་ཡང་རང་ལ་མེད་དུ་མི་རུང་བའི་དབུགས་དྲོན་དང་། ཡིད་དུ་འོང་བའི་སེམས་ཀྱི་ལྡུམ་ར་ཞིག ཡིད་བརྟན་འཕེལ་བའི་ཕོ་ཉ་ཏེ། སེམས་ཀྱི་གནས་ལུགས་ཇི་མ་ཇི་བཞིན་ཕ་རོལ་ཏུ་འཇོ་ཐུབ་པའི་མགྲིན་ཚབ་པ་ཡང་ཡིན།

 

འདི་ག་ལྷ་ས་རྩོམ་རིག་མེ་ལོང་རྩོམ་སྒྲིག་ཁང་གིས་བཙན་བྱོལ་བོད་ཀྱི་བུད་མེད་རྩོམ་འབྲི་བ་དང་ཀློག་པ་པོ་རྣམས་སུ་བོད་མོ་རྩོམ་པ་པོའི་སྐོར་ལ་བཅར་འདྲི་ཞུ་བཞིན་པ་ལས་སྐལ་བཟང་ལྷ་མོ་ཡིས་དྲིས་ལན་གནང་བ་གཤམ་གསལ་ཏུ་གཟིགས་པར་གྱིས།

༡ ཁྱོད་རང་རྩོམ་འབྲིའི་ལས་ཀར་ཞུགས་ནས་ད་ལྟའི་བར། རང་ཉིད་ཀྱི་གསར་རྩོམ་དང་འབྲེལ་བའི་དངོས་བྱུང་སྣང་ཚུལ་ཡ་མཚན་པ་དེ་འདྲར་འཕྲད་མྱོང་ངམ།


ལན། རྩོམ་ཞིག་བྲི་བའི་ཚེ་སྐབས་རེ་ཚོར་སྣང་བརྗོད་དུ་མེད་པའམ་སླར་ཡང་ཚོར་བ་དེ་ལྟར་འབྱུང་མི་སྲིད་པ་ལྟ་བུ་ཞིག་ལས་དངོས་བྱུང་སྣང་ཚུལ་ཡ་མཚན་ཅན་གཞན་གང་ཡང་བྱུང་མ་མྱོང་།


༢ ཁྱོད་ཀྱིས་ད་ལྟའི་བོད་ཀྱི་རྩོམ་རིག་ལ་ལྟ་སྟངས་ཅི་འདྲ་བཟུང་ཡོད།


ལན། བོད་ཀྱི་རྩོམ་རིག་རིག་གཞུང་འཕེལ་རིམ་ནང་ཁྱད་ཆོས་ཇི་ཡོད་རང་ཉིད་ཐོས་རྒྱ་ཆུང་བས་
ལྟ་སྟངས་འདི་ཡིན་ཞེས་ནམ་མཁའ་སྦར་ཁེབས་ག་ལ་ཐུབ་ཀྱང་། ཁོ་མོ་སྲོལ་རྒྱུན་རྩོམ་རིག་ལ་དག་
སྣང་བརྟན་པོ་ཡོད་མཁན་ཞིག་ཡིན། དེས་ན་ངས་དེང་དུས་ཀྱི་རྩོམ་ལུགས་གསར་པ་རྣམས་ལ་ཁྱད་
ཆོས་མེད་པ་ག་ལ་སྲིད་མོད། སྲོལ་རྒྱུན་གྱི་དཔོག་པར་དཀའ་བའི་ཁྱད་ཆོས་ཀྱི་དོ་ཟླར་བྲལ་བས་རང་སྒེར་ངོས་ནས་དོ་སྣང་དེ་ཙམ་བྱེད་ཀྱི་མེད། ཡིན་མོད་དེང་དུས་མི་རིགས་དུ་མ་འདུས་ཤིང་མཉམ་གནས་བྱས་པའི་ཕྱིའི་ཡུལ་གྲུ་ཁག་ཏུ་རིག་གནས་མང་པོ་ཆུ་ཕྲན་རྒྱ་མཚོར་འདུས་པ་བཞིན་དུ་གྱུར་པས་ན། མི་རིགས་གང་འདྲ་ཞིག་ཡིན་རུང་སོ་སོའི་སྲོལ་རྒྱུན་རྩོམ་རིག་ལས་བརྒལ་ནས་འགྱུར་ལྡོག་ངང་གིས་འགྲོ་བཞིན་ཡོད། ཁོ་མོ་རང་ལ་ཆ་བཞག་ནའང་རྩོལ་བ་མི་དགོས་པར་རྩོམ་རིག་གི་བརྗོད་བྱ། བརྗོད་བྱེད་རྩོམ་སྟངས་སོགས་ལ་རིམ་པར་འགྱུར་བ་ཐེབས་པ་མཐོང་། དེ་ལྟར་ལགས་ཀྱང་རྒྱུན་དུ་རྩོམ་འབྲིའི་སྐབས་སུ་སྲོལ་རྒྱུན་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་
མིན་ལ་གཙོ་བོར་བཟུང་པ་དང་ཞར་དུ་གཞན་གྱིས་གོ་བདེ་བ་དང་བློར་འཇུག་པ། ཕྱི་རབས་པ་རྣམས་ལ་ཕན་པ་ཁོ་ན་གཙོ་བོ་བཟུང་གི་ཡོད།


༣ རང་སྐད་དང་གཞན་སྐད་ཐུན་མོང་གི་ངོས་ནས་བལྟས་ན། བོད་ཀྱི་བུད་མེད་ཀྱི་རྩོམ་འབྲིའི་སྤུས་ཚད་ཇི་འདྲ་ཞིག་ཏུ་མཐོང་གི་ཡོད།


ལན། རྒྱལ་ཁབ་ཡོད་མིན་ལ་མ་ལྟོས་པར་མི་རིགས་ཤིག་འཚོ་གནས་སུ་མཆིས་པ་དེས་རྩོམ་རིག་གམ་རིག་གཞུང་གི་གནས་པ་ཡོད་པར་ངེས་ཤིང་། རྩོམ་པ་པོ་ཕོ་མོ་སུ་འདྲ་ཞིག་ཡིན་ཕྱིན་རང་ཉིད་ཀྱི་མཐོང་ཐོས་བསམ་ཚུལ་ཁོ་ན་ཡིག་ཐོག་ཏུ་ཕབ་པ་ཙམ་གྱིས་མི་ཆོག་པར་མི་རིགས་དང་། སྤྱི་ཚོགས་ཀྱི་ཁྱད་ཆོས། དུས་རབས་ཀྱི་ཉམས་འགྱུར་ལྡན་མིན་དེས་རྩོམ་པ་པོ་དེའི་རྩོམ་གྱི་སྤུས་ཚད་ཤེས་ཐུབ་པ་མ་ཟད་རིན་ཐང་ཡང་ཤེས་ཐུབ།
གོང་དུ་ཞུས་པ་བཞིན་ངའི་མཐོང་རྒྱ་ཧ་ཅང་གི་ཆུང་ཆུང་ཡིན་པས་ངས་འདི་དང་འདི་ཞེས་ཁ་ཚོན་ག་ལ་ཆོད། ཡིན་མོད་དུས་རབས་འདིར་བོད་ཀྱི་བུད་མེད་རྩོམ་པ་པོ་མང་པོ་ཞིག་གི་བརྩམས་ཆོས་
མཐོང་ཚེ་ཁོ་མོ་ཤིན་ཏུ་ཡི་རངས་པར་གྱུར་ཏེ་སྤྲོ་བ་འཕེལ་བ་དང། རྩོམ་འབྲིའི་སྤུས་ཚད་ཀྱང་ཡར་ངོའི་ཟླ་བའི་དཔལ་ལ་འགྲན་པར་ཡིད་ཆེས་ཡོད་པ་མ་ཟད་མཛའ་མཐུན་གཅུགས་པའི་འཚམས་འདྲི་གྲངས་མེད་ཡོད།


༤ གཞིས་བྱེས་གཉིས་ཀྱི་བུད་མེད་རྩོམ་འབྲི་མཁན་རྣམས་ཀྱི་རྩོམ་འབྲིའི་རྨང་གཞི་ལ་མ་འདྲ་བ་ཅི་ཞིག་མཐོང་སོང་།

ལན། རྒྱལ་ཁབ་ཤོར་ཟིན་པའི་མི་རིགས་མང་དག་ཡོད་པ་ལས་ང་ཚོའི་མི་རིགས་ལ་མཚོན་ན་རང་གི་ཆོས་དང་རིག་གཞུང་གང་སྤྱིར་ཉིན་རེ་བཞིན་ཇེ་ལེགས་དང་ཇེ་རྒྱས་སུ་འགྲོ་བཞིན་པའི་དུས་ཚོད་ཅིག་ལ་སླེབས་ཡོད་པ་དང་། བོད་ཕྱི་ནང་གི་བུད་མེད་རྣམས་ཀྱི་མཁྱེན་ཡོན་ཅན་དེ་སྔར་ལས་ལྡབ་འགྱུར་གྱིས་མང་རུ་ཕྱིན་ཡོད། ངའི་སྒེའི་ཁུང་ཆུང་ཆུང་ནས་བལྟས་ཏེ་མཐོང་བ་ལྟར་ན། རྩོམ་འབྲིའི་རྨང་གཞིའི་ཆུ་ཚད་ནི་གཞིས་བཞུགས་པ་རྣམས་ཕུན་སུམ་ཚོགས་པར་མཐོང་། དཔེར་ན་དེང་རབས་བོད་ཀྱི་བུད་མེད་རྩོམ་པ་པོའི་སྙན་རྩོམ་གཅེས་བཏུས་བཞོ་ལུང་ལྟ་བུ་ལ་མཚོན་ན། རྩོམ་གྱི་མཚན་བྱང་འགོད་སྟངས་ཁོ་ནས་མི་རིགས་ཀྱི་རིག་གནས་དང་ཁྱད་ཆོས་ལ་ཁྱད་པར་དབྱེ་ཐུབ་པ་ནི་བོད་བཞུགས་འབྲུག་མོ་སྐྱིད་ཀྱི་སྙན་རྩོམ་དང་། གཅན་ཚ་བདེ་སྐྱིད་སྒྲོལ་མའི་རྩོམ་གྱི་མཚན་བྱང་ལྟ་བུས་སྲོལ་རྒྱུན་གྱི་ཉམས་འགྱུར་ལྡན་པ་དང་། བརྗོད་བྱའི་དོན་ཟབ་པ། བརྩམས་ཆོས་རྣམས་ལ་བོད་ཀྱི་ཐུན་མིན་ཆོས་ཚིག་གི་སྦྱོར་བས་ཕྱུག་པས་ཡིད་སྨོན་གྱི་གནས་སུ་རུང་།


༥ བོད་ཀྱི་རྩོམ་རིག་ལས་ཁྱོད་རང་ཉིད་ལ་ཆེས་གལ་ཆེ་བའི་འཐོབ་བྱ་ཅི་ཞིག་རེད་དམ།


ལན། ཁོ་མོའི་ཚེ་གཅིག་རིང་གི་སྤྱི་ཚོགས་ཀྱི་མྱོང་བརྒྱུད་དང་། རང་གི་ལས་དབང་ཀྱིས་དྲངས་པའི་འཚོ་བ་ལ་བསམ་ན་རྩོམ་རིག་ནི་སྐྱིད་སྡུག་གང་གི་ཚེ་ལ་ཡང་རང་ལ་མེད་དུ་མི་རུང་བའི་དབུགས་དྲོན་དང་། ཡིད་དུ་འོང་བའི་སེམས་ཀྱི་ལྡུམ་ར་ཞིག ཡིད་བརྟན་འཕེལ་བའི་ཕོ་ཉ་ཏེ། སེམས་ཀྱི་གནས་ལུགས་ཇི་མ་ཇི་བཞིན་ཕ་རོལ་ཏུ་འཇོ་ཐུབ་པའི་མགྲིན་ཚབ་པ་ཡང་ཡིན། རྩོམ་རིག་གིས་ཡིད་དུ་མི་འོང་བ་ཡང་ཡིད་དུ་འོང་བར་བྱེད་ཅིང་།
མི་རབས་རྗེས་མ་རྣམས་ལ་བཞག་པའི་སྤྱི་ནོར་ཞིག་ཀྱང་ལགས་པར་ཡིད་ཆེས་བྱེད་ཀྱི་ཡོད།


༦ རང་ཉིད་ངོ་སྤྲོད་མདོར་བསྡུས་ཤིག་བྱེད་རོགས།


ལན། བསྐལ་བཟང་ལྷ་མོ། ད་ལྟ་ཨ་རིའི་གྲོང་ཁྱེར་སྦོ་སེ་ཊོན་དུ་ཧར་ཝར་སློབ་ཆེན་གྱི་ཆ་ཤས་དང་མཁས་དབང་འཇིན་སི་མི་ཐ་སམ་འཇམ་དབྱངས་རྣམ་རྒྱལ་ལགས་ཀྱི་སྒེར་བདག་ནང་བསྟན་དཔེ་ཚོགས་ལྟེ་གནས་ཁང་དུ་དཔེ་མཛོད་དོ་དམ་པ་ཡིན།
སྐྱེས་ཡུལ་ནི་བོད་ལྗོངས་ལྷོ་ཁ་རྡོ་རྗེ་བྲག་གི་ཡས་འདབས་ནས་ཡིན་པ་དང་དུས་ཕྱིས་རྒྱ་གར་ལ་ཡོང་ནས་ལོ་མང་ནང་ཆོས་སློབ་གཉེར་བ་བྱས་ཤིང་། ཕྱི་ལོ་ ༡༩༩༨ ལོར་ཨ་རིར་གནས་སྤོ་བྱས།
དེ་ནས་བཟུང་དཔེ་མཛོད་ཁང་དེར་མུ་འཐུད་ལས་ཀ་བྱ་མུས་ཡིན།

བརྩམས་ཆོས་སུ་།
ཕྱི་ལོ་ ༢༠༠༠ ལོར་ཨ་མྱེས་རྨ་ཆེན་ནས་པར་འགྲེམས་བྱས་པའི་<<དྲང་སྲོང་བསྟི་གནས་ཀྱི་རྨི་ལམ་ཡུན་གཅིག>>ཅེས་པ་དང་། <<དགེ་བའི་བཤེས་གཉེན་ཆེན་ཆེན་པོ་ཡེ་ཤེས་སྟོབས་ལྡན་གྱི་རྣམ་ཐར་མཐོང་བས་དོན་ཡོད།>>
དེ་བཞིན་བསོད་རྒྱལ་རིན་པོ་ཆེའི་ཕྱག་དེབ་<<ན་དགའ་འཆི་བྲོད།>>ཅེས་པ་དབྱིན་ཡིག་ནས་བོད་བསྒྱུར་གྱི་ལས་འཆར་ནང་ལོ་མང་ལས་ཀ་བྱས་ཡོད།

ཕྱི་ལོ་ ༢༠༡༧ ཟླ་ ༡༠ ཚེས་ ༢༨ ཉིན།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།