ThuNovThu2018

སྤེལ་དུས་མཐའ་མ།09:45:57 AM GMT

རྩོམ་གསར།:

སོང་ཙང་ངས་སྤུས་ཚད་བཤད་ཐུབ་ཀྱི་མི་ དུག

རིན་ཆེན་སྒྲོལ་མ།

སོང་ཙང་ངས་སྤུས་ཚད་བཤད་ཐུབ་ཀྱི་མི་འདུག འོན་ཀྱང་རང་སྐད་ཐོག་ནས་བཤད་ན་ཆབ་སྲིད་ཀྱི་དཀའ་ངལ་འོག་བོད་ཀྱི་རྩོམ་རིག་གིས་བསམ་བློ་དང་སྐྱེ་བ་སྔ་ཕྱིའི་ལྟ་བ། ཀུན་སྤྱོད། དགག་གཞག་སོགས་རིགས་གནས་འགའ་ལས་གླེང་ཐུབ་ཀྱི་མེད་པས། བོད་ཀྱི་རྩོམ་རིག་གི་ཁྱབ་རྒྱ་ཧ་ཅང་ཆུང་། དེ་བཞིན་བོད་ཀྱི་བུད་མེད་ཀྱི་རྩོམ་འབྲིའི་བརྗོད་བྱའི་ཆ་ནས་སྤུས་ཚད་ཧ་ཅང་ཞན་གི། གང་ལྟར་བོད་ཀྱི་བུད་མེད་ཁྲོད་རྩོམ་འབྲིའི་སྤུས་ཚད་ཚད་ལྡན་ཡོད་པ་མང་པོ་མེད་ལ། ཡོད་པ་དག་ལའང་བརྩམ་ཆོས་མང་པོ་མི་འདུག

འདི་ག་ལྷ་ས་རྩོམ་རིག་མེ་ལོང་རྩོམ་སྒྲིག་ཁང་གིས་བཙན་བྱོལ་བོད་ཀྱི་བུད་མེད་རྩོམ་འབྲི་བ་དང་ཀློག་པ་པོ་རྣམས་སུ་བོད་མོ་རྩོམ་པ་པོའི་སྐོར་ལ་བཅར་འདྲི་ཞུ་བཞིན་པ་ལས་རིན་ཆེན་སྒྲོལ་མ་ཡིས་དྲིས་ལན་གནང་བ་གཤམ་གསལ་ཏུ་གཟིགས་པར་གྱིས།

༡ ཁྱོད་རང་རྩོམ་འབྲིའི་ལས་ཀར་ཞུགས་ནས་ད་ལྟའི་བར། རང་ཉིད་ཀྱི་གསར་རྩོམ་དང་འབྲེལ་བའི་དངོས་བྱུང་སྣང་ཚུལ་ཡ་མཚན་པ་དེ་འདྲ་་འཕྲད་མྱོང་ངམ།

ལན། ངས་ཆེས་ཐོག་མར་༼ ང་ཆས་འགྲོ་༽ ཞེས་བའི་རྩོམ་ཅིག་སྲོལ་རྒྱུན་སྙན་ངག་གི་ལུས་སུ་བྲིས་པ་ཡིན། རྩོམ་དེ་གསར་རྩོམ་རྩོམ་རིག་ཚག་པར་ཅིག་གི་ངོས་སུ་བཀོད་ཐུབ་པ་བྱུང་། སྐབས་དེར་ང་ལོ་ན་ཆུང་བས་རྩོམ་གྱི་བརྗོད་བྱ་དང་རྗོད་བྱེད་གཉིས་ལ་བྱིས་སེམས་ཀྱི་རྟོགས་འཆར་མངོན་འདུག་ལ། ཤོ་ལོ་ཀའི་ཚིག་གྲངས་མཉམ་པ་ཙམ་ལས་སྡེབ་སྦྱོར་ལ་སྙན་ཆ་ཅི་ཡང་མི་འདུག སྐབས་དེར་ངའི་གཅེན་མོ་དང་ཉེ་འཁོར་གྱི་མི་རྣམས་ཀྱིས་ངའི་རྩོམ་ཐུང་དེར་བསྟོད་བསྔགས་དང་ང་ལ་མུ་མཐུད་དུ་རྩོམ་ཡིག་འབྲི་དགོས་བའི་སྐུལ་མ་གང་མང་བཏང་། དེ་ནས་བཟུང་ང་རང་རང་ཉིད་ལ་ཡིད་ཆེས་དང་རྩོམ་རིག་ལ་དགའ་བར་གྱུར། ངས་འདི་ལྟར་ཞིབ་ལྟ་ཞིག་བྱས་ན་ང་ལ་སྙིང་ཉེ་བའི་མི་མང་པོ་མེད་མོད། ཡོད་པ་དག་ནི་ངའི་མི་ཚེ་འདིའི་རྒྱབ་རི་དང་འགྲོ་ལམ་གྱི་ལག་རྟེན་རེད་འདུག ཁོང་ཚོ་ཡོད་པས་ད་བཟོད་ང་ཅི་ཙམ་ཕམ་ཀྱང་ཡང་བསྐྱར་ཡར་ལངས་ཐུབ་པ་བྱུང་།

༢ ཁྱོད་ཀྱིས་ད་ལྟའི་བོད་ཀྱི་རྩོམ་རིག་ལ་ལྟ་སྟངས་ཅི་འདྲ་ཡོད་དམ།

ལན། བོད་ཀྱི་རྩོམ་རིག་ཀྱང་མི་རིགས་གཞན་གྱི་རྩོམ་རིག་ལྟར་མི་རིགས་རིག་གནས་ལ་ཁ་ཕྱོགས་ཡོད་ལ། སྤྱི་ཚོགས་ཀྱི་འཚོ་བའི་སྣེ་ཁྲིད་བྱེད་ཀྱི་ཡོད། འོན་ཀྱང་བོད་རང་ལ་རྒྱ་ཁབ་ཅིག་མེད་པའི་རྐྱེན་གྱིས་བོད་ཀྱི་རྩོམ་རིག་གིས་མི་རིགས་རིག་གནས་གང་མང་ཞིག་གླེང་ཐུབ་ཀྱི་མེད། དཔེར་ན་ད་ལྟ་བར་ཆབ་སྲིད་རིག་པའི་དཔྱད་བརྗོད་ཀྱི་རྩོམ་ཡིག འཕྲོད་བསྟེན་རིག་པའི་ལག་ལེན་གྱི་རྩོམ་ཡིག བཟོ་ལས་རིག་པའི་ཞིབ་འཇུག་གི་རྩོམ་ཡིག དཔལ་འབྱོར་རིག་པའི་འཕེལ་ཚད་དང་ཞིབ་འཇུག་གི་རྩོམ་ཡིག་སོགས་ཀྱི་རྩོམ་ཡིག་མང་པོ་མཐོང་རྒྱུ་མི་འདུག དེ་ནི་བོད་སྐད་ཐོག་རིག་གནས་དེ་དག་ལ་སྦྱོང་བརྡར་དང་ནུས་པ་འདོན་པའི་གོ་སྐབས་མེད་པའམ་ཡང་ན་གཞིས་བཞུགས་རྩོམ་པ་པོར་སྨྲར་བརྗོད་རང་དབང་མེད་སོང་པ་ཡིན་པ་ལས། བོད་ཀྱི་རྩོམ་རིག་གི་རྗོད་བྱེད་དང་སྡེབ་སྦྱོར་གྱི་ཕོངས་པ་མ་རེད་སྙམ།

༣ རང་སྐད་དང་གཞན་སྐད་ཐུན་མོང་གི་ངོས་ནས་བལྟས་ན། བོད་ཀྱི་བུད་མེད་ཀྱི་རྩོམ་འབྲིའི་སྤུས་ཚད་ཇི་འདྲ་ཞིག་ཏུ་མཐོང་གི་ཡོད་དམ།

ལན། གཞན་སྐད་ཐོག་ངས་བོད་ཀྱི་བུད་མེད་ཀྱི་རྩོམ་ཉུང་ཤས་ལས་ཀློག་མ་མྱོང་། རྩོམ་དེ་དག་ཀྱང་གསར་རྩོམ་ཁོ་ནར་ཞུགས་མཁན་དག་གི་རྩོམ་ཡིག་རེད། སོང་ཙང་ངས་སྤུས་ཚད་བཤད་ཐུབ་ཀྱི་མི་འདུག འོན་ཀྱང་རང་སྐད་ཐོག་ནས་བཤད་ན་ཆབ་སྲིད་ཀྱི་དཀའ་ངལ་འོག་བོད་ཀྱི་རྩོམ་རིག་གིས་བསམ་བློ་དང་སྐྱེ་བ་སྔ་ཕྱིའི་ལྟ་བ། ཀུན་སྤྱོད། དགག་གཞག་སོགས་རིགས་གནས་འགའ་ལས་གླེང་ཐུབ་ཀྱི་མེད་པས། བོད་ཀྱི་རྩོམ་རིག་གི་ཁྱབ་རྒྱ་ཧ་ཅང་ཆུང་། དེ་བཞིན་བོད་ཀྱི་བུད་མེད་ཀྱི་རྩོམ་འབྲིའི་བརྗོད་བྱའི་ཆ་ནས་སྤུས་ཚད་ཧ་ཅང་ཞན་གི། གང་ལྟར་བོད་ཀྱི་བུད་མེད་ཁྲོད་རྩོམ་འབྲིའི་སྤུས་ཚད་ཚད་ལྡན་ཡོད་པ་མང་པོ་མེད་ལ། ཡོད་པ་དག་ལའང་བརྩམ་ཆོས་མང་པོ་མི་འདུག

༤ གཞིས་བྱེས་གཉིས་ཀྱི་བུད་མེད་རྩོམ་འབྲི་མཁན་རྣམས་ཀྱི་རྩོམ་འབྲིའི་རྨང་གཞི་ལ་མ་འདྲ་བ་ཅི་ཞིག་མཐོང་སོང་ངམ།

ལན། གཞིས་བཞུགས་བུད་མེད་ཀྱི་རྩོམ་འབྲིའི་རྨང་གཞི་བྱེས་བཞུགས་བུད་མེད་ལས་ཅུང་བརྟན་ལ་བཟང་པ་འདུག ཁོང་ཚོས་འདམས་པའི་རྩོམ་གྱི་བརྗོད་བྱ་ལོ་མ་ཆུ་ཁ་ནས་གཡེང་པ་ལྟ་བུ་མ་ཡིན་པར། ཉ་མོ་ཆུ་ནང་དུ་ནུབ་པ་བཞིན། བརྗོད་བྱ་གཏིང་ཟབ་ལ། གང་གླེང་བའང་གོ་རིམ་ལྡན། ད་དུང་སྡེབ་སྦྱོར་གྱི་སྙན་ཆ་ཡོད་གི བྱེས་བཞུགས་བུད་མེད་གང་ཞིག་བོད་དཔེ་ཀློག་རྒྱུ་གོམས་པའམ་སུམ་རྟགས་སྙན་ངག་སོགས་ཀྱི་རྨང་གཞི་ངེས་ཅན་ཡོད་པ་དག་གཞིས་བཞུགས་བུད་མེད་རྩོམ་པ་པོ་ཚོ་དང་བསྡུར་འོས་ཀྱང་། བྱེས་བཞུགས་བུད་མེད་ཀྱི་རྩོམ་ཡིག་མང་ཆེ་བའི་རྩོམ་ཡིག་གི་བརྗོད་བྱ་ཁ་གསལ་པ་མང་དྲག་འདུག་ལ། རྗོད་བྱེད་དང་སྡེབ་སྦྱོར་ཀྱང་ཉིན་རེའི་འཚོ་བའི་ནང་གི་སྐད་ཆ་དང་ཐག་ཧ་ཅང་ཉེ་བས། རྩོམ་ཡིག་གི་སྙན་ཆ་དེ་ཙམ་མི་ཐོན་གི།

༥ བོད་ཀྱི་རྩོམ་རིག་ལས་ཁྱོད་རང་ཉིད་ལ་ཆེས་གལ་ཆེ་བའི་ཐོབ་བྱ་ཅི་ཞིག་རེད་དམ།

ལན། ཆོས་ཉིད་དང་ཀུན་སྤྱོད་རིག་པར་གོ་རྟོགས་ཅུང་ཙམ་བརྙེད་པ་དེ་ཡིན།

༦ རང་ཉིད་ངོ་སྤྲོད་མདོར་བསྡུས་ཤིག་བྱེད་རོགས།

ལན། ངའི་མིང་ལ་རིན་ཆེན་སྒྲོལ་མ་ཟེར། སྤྱི་ལོ་ཉིས་སྟོང་གཅིག་ལོར་རྒྱ་གར་དུ་འབྱོར། སུ་ཇ་བོད་ཁྱིམ་སློབ་གྲྭ་ནས་འཛིན་རིམ་དགུ་པ་བར་སློབ་སྦྱོང་བྱས་པ་ཡིན། ན་ཚའི་དབང་གིས་སློབ་གྲྭ་ནས་ཕྱིར་ཐོན་ནས་རྡ་ས་ནས་ནད་གསོ་བྱས། རྗེས་སུ་བྷེལ་ལྗམ་དུ་ཡོང་ནས་འདི་རུ་གནས་བསྡོད་བྱས་ཡོད། བྷེལ་ལྗམ་ནས་སྒྲི་ཆི་སྐད་ཡིག་ཐོག་ནད་གཡོག་གི་སློབ་སྦྱོང་བྱས་ནས་ད་ལྟ་ལས་རིག་དེ་གཉེར་བཞིན་ཡོད།

ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༠༡ ཉིན།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།