TueMayTue2018

སྤེལ་དུས་མཐའ་མ།09:45:57 AM GMT

རྩོམ་གསར།:

གཞིས་བྱེས་གཉིས་ཁོར་ཡུག་དང་སྤྱི་ཚོགས་མ་འདྲ་བ་གཉིས་སུ་ཡོད།

གཟུངས་མོ་སྐྱིད།

བྱེས་ཀྱི་བུད་མེད་ཚོར་མཚོན་ན་སྤྱི་ཚོགས་དང་ཁོར་ཡུག་གཞན་ཞིག་ཏུ་འཚོ་སྡོད་བྱེད་བཞིན་ཡོད་པས་ཁོ་མོ་ཚོར་དེའི་ལུགས་ཀྱི་འཚོ་ཐབས་དང་ཤུགས་རྐྱེན་འོག་ནས་རྩོམ་འབྲིའི་རྒྱུ་ཆའམ་བརྗོད་བྱ་སོགས་བོད་ནང་དང་བསྡུར་ན་ཅུང་སྣ་མང་ཅན་དང་འབུར་ཏུ་ཐོན་ཡོད་པ་འདྲ།

འདི་ག་ལྷ་ས་རྩོམ་རིག་མེ་ལོང་རྩོམ་སྒྲིག་ཁང་གིས་བཙན་བྱོལ་བོད་ཀྱི་བུད་མེད་རྩོམ་འབྲི་བ་དང་ཀློག་པ་པོ་རྣམས་སུ་བོད་མོ་རྩོམ་པ་པོའི་སྐོར་ལ་བཅར་འདྲི་ཞུ་བཞིན་པ་ལས་གཟུངས་མོ་སྐྱིད་ཀྱིས་དྲིས་ལན་གནང་བ་གཤམ་གསལ་ཏུ་གཟིགས་པར་གྱིས།

༡ ཁྱོད་རང་རྩོམ་འབྲིའི་ལས་ཀར་ཞུགས་ནས་ད་ལྟའི་བར། རང་ཉིད་ཀྱི་གསར་རྩོམ་དང་འབྲེལ་བའི་དངོས་བྱུང་སྣང་ཚུལ་ཡ་མཚན་པ་དེ་འདྲར་འཕྲད་མྱོང་ངམ།

ལན། དམིགས་བསལ་སྣང་ཚུལ་ཡ་མཚན་པ་དེ་འདྲ་འཕྲད་མྱོང་མེད། ཡིན་ནའང་ང་རང་ཆུང་དུས་སུ་བརྩམས་སྒྲུང་ལྟ་ཀློག་བྱེད་རྒྱུར་ཧ་ཅང་དགའ་མཁན་ཞིག་ཡིན་ལ། མ་འོངས་པར་རང་ཉིད་བརྩམས་སྒྲུང་འབྲི་མཁན་ཞིག་ཏུ་འགྱུར་བར་རྨི་ལམ་ཡང་མང་པོ་བཏང་མྱོང་། ཡིན་ཡང་རྒྱུ་རྐྱེན་གང་ཞིག་ཡིན་པ་མ་ཤེས་མོད། ད་ལྟ་སྙན་ངག་ལ་སྤྲོ་བ་ཡོད་མཁན་ཞིག་ལས་ཆུང་དུས་ཀྱི་རྨི་ལམ་ཕྱོགས་ལ་གོམ་པའི་སྣེ་ཙམ་ཡང་འཇུག་མ་ཐུབ་པ་དེ་ནི་མཚམས་མཚམས་སུ་བསམ་བློ་གཏོང་དུས་ངོ་མ་འདང་མི་དཔོག་པ་ཞིག་རེད།

༢ ཁྱོད་ཀྱིས་ད་ལྟའི་བོད་ཀྱི་རྩོམ་རིག་ལ་ལྟ་སྟངས་ཅི་འདྲ་བཟུང་ཡོད།

ལན། ཧཧཧ སྙན་ངག་ཡིན་ལ་མིན་པའི་ཚིག་ཉོག་ཐར་ཐོར་འབྲི་མཁན་ཞིག་གིས་བོད་ཀྱི་རྩོམ་རིག་གླེང་འདོད་པ་ནི་ཧ་ཅང་གླེན་རྟགས་ཚ་བོ་ཤིག་གམ་ཧམ་བཤད་ཆེན་པོ་ཞིག་ཏུ་འདོད། དེ་ལས་ཀྱང་ཁ་གསལ་ནས་བཤད་ན་དྲི་བ་འདི་ཆེ་དྲགས་ནས་ངའི་ཀླད་པའི་ནང་དུ་མུན་པ་བསྐྱིལ་ཡོང་བས། འདྲི་མཁན་ལ་དགོངས་དག་ཞུ།

༣ ༽རང་སྐད་དང་གཞན་སྐད་ཐུན་མོང་གི་ངོས་ནས་བལྟས་ན། བོད་ཀྱི་བུད་མེད་ཀྱི་རྩོམ་འབྲིའི་སྤུས་ཚད་ཇི་འདྲ་ཞིག་ཏུ་མཐོང་གི་ཡོད།

ལན། དྲང་མོར་བཤད་ན་ངས་བོད་ཀྱི་བུད་མེད་ཀྱི་རྩོམ་འབྲིའི་སྤུས་ཚད་འདི་འདྲ་རེད་ཅེས་བཤད་ཤེས་ཀྱིན་མི་འདུག   ནམ་རྒྱུན་གཞན་གྱི་རྩོམ་ཡིག་ལ་རོལ་མྱོང་བྱེད་པ་ལས་རྩོམ་འབྲིའི་སྤུས་ཚད་ཅེས་པར་ཆེད་དུ་སྣང་འཇོག་བྱས་ནས་དེ་ལ་ཡག་ཉེས་ཀྱི་ཆ་གླེང་མྱོང་མེད། མ་གཞི་ནས་འཇིག་རྟེན་གྱི་བྱ་དངོས་ཡོད་ཚད་གོ་རིམ་ངེས་ཅན་ཞིག་གི་ཁྲོད་ནས་རིམ་གྱིས་ཡར་རྒྱས་ལ་འགྲོ་བཞིན་ཡོད་པ་ལྟར། མཐའ་གཅིག་ཏུ་བོད་ཀྱི་བུད་མེད་གཙོས་གཞན་གྱི་རྩོམ་འབྲིའི་སྤུས་ཚད་ལ་སྡོམ་ཚིག་འཇོག་རྒྱུ་དེ་ཧ་ཅང་ཁག་པོ་རེད་བསམ། ཡིན་ཡང་བོད་སྤྱི་ཚོགས་ཧྲིལ་བོའི་གནས་བབ་དང་བསྡུར་ནས་བཤད་ན་བོད་ཀྱི་བུད་མེད་ཚོ་ཕྱོགས་གང་ཐད་ནས་རྗེས་ལུས་སུ་ལྷག་པའི་རྣམ་པ་གང་ཡང་མཐོང་གིན་མི་འདུག

༤༽གཞིས་བྱེས་གཉིས་ཀྱི་བུད་མེད་རྩོམ་འབྲི་མཁན་རྣམས་ཀྱི་རྩོམ་འབྲིའི་རྨང་གཞི་ལ་མ་འདྲ་བ་ཅི་ཞིག་མཐོང་སོང་།

ལན། དྲི་བ་འདི་ལྟ་བུར་མང་པོ་ཞིག་གིས་ཡག་ཉེས་ཀྱི་ཆ་གླེང་ཡོང་གིན་འདུག ཡིན་ཡང་ང་ལ་མཚོན་ན་དེ་ནི་གནས་བབ་མ་འདྲ་བ་གཉིས་ནས་གླེང་ན་ཅུང་འོས་པར་འདོད་དེ།  དཔེར་ན། གཞིས་བྱེས་གཉིས་ཀ་ཁོར་ཡུག་དང་སྤྱི་ཚོགས་མ་འདྲ་བ་གཉིས་སུ་ཡོད་པས། རྩོམ་འབྲིའི་རྨང་གཞི་ལའང་གནས་བབ་མི་འདྲ་བ་གཉིས་ནས་ལྟ་དགོས། གཞིས་ཀྱི་བུད་མེད་ཚོ་བྱེས་དང་བསྡུར་ན་ཚིག་གི་མཚོན་ཐབས་དང་དོན་གྱི་བརྗོད་པ་གང་ཡིན་ཀྱང་མི་རིགས་རང་གི་ཡུལ་གཤིས་དང་གོམས་སྲོལ་གྱི་གསེང་ནས་སྔོན་ཏུ་ཐོན་གྱིན་ཡོད།  དེའང་མདོར་དེད་ན་ཁོ་མོ་ཚོ་བོད་རང་གི་ཁོར་ཡུག་དང་འཚོ་བ་ལ་འབྲེལ་འདྲིས་ཆེ་པའམ་བར་ཐག་ཉེ་བས་ལོས་ཡིན། དེ་བཞིན་དུ་བྱེས་ཀྱི་བུད་མེད་ཚོར་མཚོན་ན་སྤྱི་ཚོགས་དང་ཁོར་ཡུག་གཞན་ཞིག་ཏུ་འཚོ་སྡོད་བྱེད་བཞིན་ཡོད་པས་ཁོ་མོ་ཚོར་དེའི་ལུགས་ཀྱི་འཚོ་ཐབས་དང་ཤུགས་རྐྱེན་འོག་ནས་རྩོམ་འབྲིའི་རྒྱུ་ཆའམ་བརྗོད་བྱ་སོགས་བོད་ནང་དང་བསྡུར་ན་ཅུང་སྣ་མང་ཅན་དང་འབུར་ཏུ་ཐོན་ཡོད་འདྲ།

༥༽བོད་ཀྱི་རྩོམ་རིག་ལས་ཁྱོད་རང་ཉིད་ལ་ཆེས་གལ་ཆེ་བའི་ཐོབ་བྱ་ཅི་ཞིག་རེད་དམ།

ལན། མཚམས་མཚམས་སུ་སྐྱོ་གདུང་དང་སུན་སྣང་གི་སྐབས་སུ་ནང་སེམས་ཀྱི་ཚོར་བ་མ་ལུས་ཡི་གེའི་གཟུགས་སུ་ཕབ་པར་བྱས་ཚེ་གཞི་ནས་སེམས་པ་ལྷོད་པོར་ཆགས་འགྲོ་བས། ངས་འབྲི་བཞིན་པ་འདི་དག་རྩོམ་རིག་ཁྱབ་ཁོངས་ཀྱི་སྙན་ངག་ཞེས་པ་དེ་ཡིན་པའི་དབང་དུ་བཏང་ན་སྙན་ངག་ནི་ང་རང་གི་ཕྱི་ནང་གསང་གསུམ་རྗེན་པར་སྟོན་ཆོག་པའི་བློས་ཐུབ་ཀྱི་གྲོགས་པོ་ཞིག་ལ་ངོས་འཛིན་ཞུས་ཆོག་ལ་ཁྱོད་ཀྱི་དྲི་བ་འདིའི་ལན་དུའང་འཕྲོད་པར་ཞུ།

༦ རང་ཉིད་ངོ་སྤྲོད་མདོར་བསྡུས་ཤིག་བྱེད་རོགས།

ལན། ངའི་མིང་ལ་གཟུངས་མོ་སྐྱིད་ཟེར། ཕ་ཡུལ་མདོ་སྨད་མང་རྫོང་ནས་ཡིན། ད་ལྟ་ཧྥ་རན་སིར་གནས་སྡོད་བྱེད་མུས་ཡིན། མཐར་འདྲི་མཁན་གྱིས་དྲི་བ་འདིའི་ལན་འདེབས་ལ་ལོ་ཕྱི་ནང་གཉིས་ཀྱི་དུས་ཚོད་བྱིན་པར་ཆེད་དུ་བཀའ་དྲིན་ཆེ་ཞུ།  ཧེ་ཧེ་་་་

 

ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༡༧ ཉིན།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།