SatOctSat2019

སྤེལ་དུས་མཐའ་མ།09:45:57 AM GMT

རྩོམ་གསར།:

ལྷ་ཚོགས་ཚང་གི་རང་མོས་སྙན་ངག

རྨི་ལམ་འཐུ་བའི་གཞོན་སྡེ།

བྱུ་རུ་ཆག་འཕྲོ།

___མགོ་ལོག་ཆུ་ཐིགས་ཀྱིས།

མེས་པོ་ཚོས་བོར་སོང་བའི་བྱུ་རུའི་ལྷག་མ་དེ  
ཐལ་རྡུལ་གྱི་གུད་ན
བརྩེ་བ་རུམ་གང་བོ་དེ་འབོར་བར་དོགས་ནས
ཐ་ན་འགུལ་ཙམ་ཡང་མི་ཕོད་པར་སྡུག་ལ་འབྱར་འདུག

དེ་ཚོས་བཞག་པ་ནི
དམུས་ལོང་གི་སོ་སྐྱེས་ཤིག་སྟེ
འཇིགས་རུང་གི་ཟམ་ཆེན་འདི་བརྒལ་ཐུབ་མིན་སུ་ཡིས་ཤེས

རླུང་འཚུབ་དང་ཐལ་རྡུལ་རྒོད་པའི་བྱེ་ཐང་དེ་ནས
ངས་རྙེད་པ་ནི     བྱུ་རུ་ཆག་རོ་ཞིག་སྟེ
སུ་ལའང་མ་མཁོ་བའི་ལད་སོང་གི་བྱུ་རུ་ཞིག་ཡིན་ལ
དེ་ནི     སུ་ཡིས་ཀྱང་མ་རྙེད་པའི་མེས་པོ་ཚོའི་བྱུ་རུའང་དེ་ཡིན
2015.4.21

དབྱར་དུས་དྲན་སྟངས་ཤིག

 

___སེའུ།

རླུང་རྡུལ་འདྲེས་པའི་དཔྱིད་ཀ་ཞིག་ལ
ལྗང་མྱུག་རེ་ག་ས་གང་ནས་འབུས་བྱུང
ཉག་གའི་རྩྭ་ལྡུམ་རེ་ལྗང་གུར་གྱུར་དུས
ཚོར་བ་གསར་བ་ཞིག་གི་འགོར་འཇུས་པ་ཡིན

ཆར་འབྲུ་རྡོག་རེ་བབས་དྲག་པས་ཁ་བར་གྱུར
ཉི་འབྲུ་རེ་ས་རུ་ཟགས་པས
ཁ་བ་རྡོག་རེ་བཞུས་ཤིང་མཐར་ས་རུ་ཟག་འགྲོ
ཞིང་ཁའི་ཨ་ཁུ་ཚོས་རེ་བ་གསར་བ་ཞིག་ལ
སྒུག་འདུག་པ་རེད

ངས་འདང་ཞིག་རྒྱག་པ་ན
ང་ལ་སྦྲང་བུ་ཞིག་དགོས་པ་འདྲ
སྦྲང་བུ་འཁོར་སའི་མེ་ཏོག་ཅིག་ཀྱང་དགོས་པ་འདྲ
དེ་ནི་ངས་དབྱར་ཁ་ཞིག་ལ་རེ་བ་ཡིན

ངས་སྙན་ངག་ཅིག་འབྲི་བར་བྱ་རྒྱུ་ན
ཚོར་བ་ནི་ལུ་གུ་བཞིན་དུ་ལྡང་འོང
དེ་དུས་སྙན་ངག་ནི་བུ་མོ་ཞིག་ལ་ཤིན་ཏུ་འདྲ་བར་སྣང
ཧ་ཅང་འཕྱོར་སྒེག་ཆེ་བའི་བུ་མོ་གཞོན་མ་ཞིག་དང་
འདྲ་བར་སྣང
འདོད་པའི་གཟུགས་ཀྱིས་ངའི་གམ་དུ་ཡང་དུ་གཅར་འོང
༢༠༡༥   ༤   ༢༠  མཚན་མོར།

ང་རྒྱལ་སྐྱེས་པ།

___མྱི་གསར་བ།

གྲིབ་མ་འཐུང་བའི་སྔ་གཞུག་དག་ཏུ
ལང་ཚོ་ཟེར་བའི་ནད་ཡམས་ཤིག
གཞོན་པ་ཚོའི་རྨི་ལམ་དང་འདྲེས་སོང   
ཁ་དོག་མི་འདྲ་བའི་འཇའ་ཚོན་ཚོམས་གཅིག
ང་ཅག་སོ་སོའི་སྙུ་གུ་ལ་ཕོག་པར་སྙམ་ཞིང
དོན་དམ་པར་དེ་ནི་ང་རྒྱལ་གྱི་རལ་བ་བསིགས་པས་ལན་པ་རེད

གཡའ་དག་པའི་ནམ་མཁའི་དབྱིངས་ནས
ཁངས་ཆར་འདྲེས་མའི་རླུང་པོ་ལྡང་ཚེ
སྒྱུ་འཕྲུལ་གྱིས་བཞེངས་བའི་རྡོ་བའི་ཕོ་བྲང་དག་ཏུ
ལྷ་ཚོགས་བྱེ་བ་འབུམ་གྱིས་སྐྱེ་རྒ་ན་འཆི་ལུང་དུ་སྟོན་ཞིང
ཁྲག་གི་གཏམ་རྒྱུད་ག་ཚོད་ཅིག་རྨི་ལམ་གྱི་གསང་དུ་སྦས་ཡོད

ཕ་ཡུལ་གྱི་ཆུང་གྲོགས་འགའ་རེ་དོ་ཞག་ནར་སོན་འདུག
ཁྱོད་ཚོ་མུན་པའི་ཁང་པ་དག་དང་གཏན་ཏུ་གྱེས་པར་ཤོག
2015/4/21

སྤྲིན།

___ཐོ་ཡོར།༼དཀར་མཛེས།༽

ན་བུན་གསལ་ལ་མི་གསལ་བ་ཞིག་གིས
ང་ཡི་ཉེ་འགྲམ་གྱི་སྨག་ནག་པའི་མི་ཟུང་གི་སེར་བུ་རླན་པར་བྱས
རླན་གཤེར་གྱི་ཡལ་ག་རྣམས་ཀྱིས་ཆུ་ཡི་མེ་ལོང་བཀང 
སེམས་པ་སྟོང་བར་བྱས   
མིག་ཆུ་བཙགས་པའི་ཁ་བ་བབས
འདི་དག་གླེང་ཚར་དུས   
ངས་བར་སྣང་དུ་གསང་ཨང་གསར་བ་ཞིག་མཐོང
ཁྱེད་ཀྱི་སྐྲ་ལོ་ལྟར་འཇམ་པའི་སྤྲིན་པ་རྣམས་ཀྱིས་སྒོ་མོ་བརྒྱབ
ང་ཡི་སྒེའུ་ཁུང་དུ་གློག་འོད་རྒས་འདུག  
ཉི་ཟེར་དུ་ཁྲུས་བྱེད་པའི་རྨྱ་བྱ་དག་སྔ་མོ་ནས་རང་རང་སར་འཕུར་རོགས
སྨག་ནག་པའི་རྫིང་བུ་རུ་འཕུར་བའི་ཕྱེ་ལེབ་ལགས
མིག་རྡེབ་ཙམ་ལ་སྤྲུལ་བའི་སྐྱེ་བ་རེ་རེའི
མི་ཁོམ་པའི་སེམས་པ་འཁྲུད་རོགས
2014.12.29

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།