WedMayWed2017

སྤེལ་དུས་མཐའ་མ།06:49:09 AM GMT

རྩོམ་གསར།:

༈ ལྷ་ཚོགས་ཚང་གི་ཐེངས་དང་པོའི་འདུ་འཛོམས།

ལྷ་ཚོགས་ཚང་གི་ལྷན་འཛོམས་དང་རྨི་ལམ་ནང་གི་དགོད་སྒྲ་སྙན་མོ།༈ ལྷ་ཚོགས་ཚང་གི་ཐེངས་དང་པོའི་འདུ་འཛོམས་མཛད་སྒོ།{jathumbnail off}

སྣང་བ་ཆུ་བོ་དང་གངས་རི་སེམས་ལ་བཞེངས་པའི་ལྷ་དང་མི་ཡི་རབ་དབྱེ། སྨུག་པའི་ལྡིང་ཁང་དུ་མ་འོངས་པའི་ཆར་བ་ཤག་ཤག་འབབ་ཚུལ། ང་དང་ཁྱོད་ལ་འཁོར་བའི་རྨི་ལམ་གྱི་ཆ་དང་གཞན་དག་བྲིས་པ།

ཀ་མད་སུམ་ཅུའི་རྨུ་ཐག་ལ་འཇུས་ཏེ་མཐོན་པོའི་དབྱིངས་སུ་འཕུར་བའི་ལྷ་ཚོགས།



རི་བོ་དམར་པོ་ཞིག་ཚུར་ལ་བྱོན་ཁར་ཁྱོད་ཚོ་ལ"མ་འོངས"པ་ཟེར་བའི་འཇའ་ཚོན་འདྲ་བའི་མཛེས་པ་ཞིག་ལེགས་སྐྱེས་གནང་ངེས། རི་བོའི་རབ་ཁ་ནི་ཆང་ཕོར་ཞིག་གི་སྒེར་ཚུགས་ཁོ་ན་ཡིན་ཞིང་། འདི་དག་དཀར་སེར་དམར་ལྗང་ཡང་ཡིན་པར་འདུག

ཀྱེ་ལྷ་ཚོགས་ཚང་། ངག་གི་རྒྱལ་མོ་ཟེར་བའི་ལྷ་མོ་ཞིག་གིས་ང་ཚོའི་མགོ་ལ་བྱིལ་བྱིལ་རེ་བཏང་སྟེ་དངོས་གྲུབ་ཀྱི་སྦྲང་ཆར་གནང་བ་ཨེ་ཤེས། ད་དུང་འཛུམ་དམུལ་དམུལ་གྱིས་ཤུ་རེ་བྱོས་དང་མ་འོངས་པར་རེ་བ་ཡོད་ཅེས་སོ།།

ཉི་མ་ལྷ་ས་ཟེར་བའི་ཐག་རིང་ཞིག་ན་ལྷ་སའི་ཇོ་བོ་ཞེས་པའི་བྱིན་རླབས་ཅན་གྱི་ལྷ་སྐུ་ཞིག་ཡོད་མོད་འོན་ཀྱང་ང་ཚོའི་སེམས་པའི་གཏིང་ལ་ཇོ་བོ་ངོ་མ་ཞིག་བཞེངས་པའི་གོ་རིམ་འཚོལ་བ་ཁྱོད་ཚོས་ཨེ་ཚོར།

འཁོར་བའི་གྲུ་ཟུར་ཞིག་ཏུ་ང་ཚོ་ཁ་ཞག་གྱི་ལེེར་ཁུ་ཞག་ལྡེམ་མེར་ལྷ་ཚོགས་ཚང་གི་འབྱུང་འགྱུར་གྱི་ཆེད་དུ་གྲོས་ཁ་བསྡུར་གྱིན་པའི་རྣམ་པ།

གཏིང་ཟབ་པའི་མུན་པ་ལ་མུན་པ་བརྩེགས་ཏེ་རང་ཚུགས་འཛིན་མཁན་དག་ནི་ང་ཚོའི་འཐབ་ཕྱོགས་དང་དགྲ་བོ་ཟེར་བའི་ཁྱི་སྐྱག་དེ་ཡིན་ཡང་། ང་ཚོས་ང་ཚོའི་མ་འོངས་པའི་ཆེད་དུ་འཆི་ཐུབ་བྱ་རྒྱུའི་དམ་བཅའ་ཟེར་བའི་གཏན་ཚིགས་ཤིག་བཀོད་ཡོད།

ལྷ་ཚོགས།

འབའ་གངས་རྒོད།

སྟེས་དབང་གིས་འཛོམས་པའི་ལྷ་ཚོགས་ཚང་གི་ལྷ་མི་སྐོར་ཅིག་
དང་འཕྲད་དུས།
ངའི་སེམས་ལ་སྔར་མེད་ཀྱི་ཚོར་བ་གསར་བ་ཞིག་གི་བསིལ་མངར་
རིམ་གྱིས་སྤྱིན།
ལྷ་ཚོགས་ཚང་ནི སྙན་ངག་གི་རོ་བཅུད་ཧུབ་ཀྱིས་གཞིབས་པའི་མི་ཡུལ་གྱི་ལྷ་མི་སྐོར་ཅིག
ལྷ་ཚོགས་ཚང་ནི ཕྲག་དོག་དང་གདུག་རྩུབ་ཀྱི་མཆེ་སྡེར་གྱི་གཡུལ་ཁ་ལས་ཐར་བའི་དཔའ་རྒོད་ཁག་ཅིག
གསེར་གྱི་གླེགས་བམ་ཁུར་བའི་ལྷ་མི་སྐོར་ཞིག་གིས་ཡི་གེའི་ཐབ་ཚང་དུ་ཚོར་བའི་ཆུ་ཁོལ་གདུ་དོན་སྙན་ངག་གི་བུ་མོ་ཞིག་བག་མར་བསུས་ཏེ་
སྲིད་པའི་སྒལ་གཞུང་འདིར་བདེན་དོན་གྱི་འཁོར་བ་ཞིག་གི་དབུ་འཁྱུད་འབྲི་འདོད་པས་ཡིན།
དེ་བས། མི་རྟག་ལྷ་མོས་བསླུ་བྲིད་ཀྱིས་མི་ཚེ་མཇུག་མ་བསྡུས་བར་དུ་ང་ཚོས་བརྩེ་བའི་ལག་རྡང་སྦྲེལ་ཏེ་འཁོར་བ་དབྱངས་སུ་གྱེར།

༢༠༡༥ ༧ ༢༠

ང་ཚོ་ནི་མགྲོན་པོ་ནང་བཞིན་སྟེས་དབང་གིས་འཛོམས་པ་ཞིག་མ་ཡིན་ལ། སྟོན་མཇུག་གི་སྡོང་ལོ་ལྟར་གློ་རྡེག་ཏུ་འཐོར་འགྲོ་བ་ཞིག་ཀྱང་ཡིན་མི་སྲིད། དེ་བས་ང་ཚོ་ལ་ང་ཚོར་དབང་བའི་རྨི་ལམ་གྱི་དག་ཞིང་ཡོད།

མེ་སེང་།

འཚོ་བའི་ཆུ་བོ་རིམ་གྱིས་བྲུག་སྟེ་སྙན་ངག་གི་བཞུར་རྒྱུན་རིང་དུ་སྐྱོད་དུས། ཚོར་བ་ལ་མངལ་ཆགས་ཏེ་ལྷ་ཚོགས་ཀྱི་རྣམ་ཤེས་འཁྲུངས།
མུ་ནས་ལང་ཚོ་དང་སྒེག་ཉམས་སོགས་འབུས་མགོར་ཚུགས་ཤིང་གོམ་ཁ་དང་གཤོག་རྩལ་ཡང་རྡེབ་ཐེངས་དང་པོ་བསྒྱུར།

_____ ✍ གུ་དཔལ་ཤིས།

ལྷ་ཡུལ་གྱི་ལྷ་མི་མིན་ཡང་མི་ཡུལ་གྱི་ལྷ། རས་ཁ་དམར་བའི་གྲྭ་པ་སྐོརད་ཅིག འཚོ་བ་གུ་ཡངས་པས་དལ་གྱིས་འཛུམ་ཞིང་དལ་གྱིས་དགོད།
ཚིག་ཅིག་གིས་བཤད་ན། ཚིག་འབྲི་བའི། ཚོར་བ་འབྲི་བའི། མི་ཡི་ལྷ་ཚོགས། སེའུ།

ད་ལོའི་ཐོག་མའི་ང་ཚོའི་འདུ་འཛོམས་ཀྱི་སྟེང་ནས་ང་རང་གི་ཁྱོད་ཚོ་ལ་བཤད་འདོད་པ་ནི"ང་ཚོས་ང་ཚོའི་ཆེད་དུ་ང་རྒྱལ་མི་འདྲ་བ་ཞིག་སྐྱེ་དགོས"ཞེས་ལབ་ན་འདོད། མྱི་གསར་བ།


ངག་རིག་གི་ལྷ་ཚོགས།

ཧོར་མེ་ལོང་།

ལྷིང་འཇགས་ཀྱི་རྩ་ཐང་ནས་ཅང་ཤེས་ཀྱི་རྟ་ཕོ་སྒྲོག་ལས་ཤོར་དུས།
རང་དབང་གི་འཚེར་སྐད་སྙན་ཞིང་འཇེབས།
སྙན་ངག་གི་ལྷ་ལམ་ནས་རྟོག་བཏགས་ཀྱི་མི་བུ་རྒྱ་ལས་གྲོལ་དུས།
སྙན་ངག་གི་ངར་སྐད་བདེན་པས་ཕྱུག
དམིགས་འདུན་གཅིག་པའི་གྲུ་ཟུར་གྱི་སུམ་མདོ་དེ་རུ
ཆ་མེད་ཀྱི་མི་ཚོགས་འདུས་དུས།
ངག་རིག་གི་ལྷ་ཚོགས་ཡཱ།
ནམ་ཞིག
བདེན་དོན་གྱི་གྲིབ་གཟུགས་ལ་མི་རྟག་པས་བསུ་བ་མ་སླེབས་ན།
ཉི་ནུབ་ཀྱི་ཆོ་ག་ལ་མཉམ་དུ་ཞུགས་རོགས།


2015/7/20

གློ་སྙིང་གི་ལྷ་ཚོགས་ལགས།

མགོ་ལོག་ཆུ་ཐིགས།

མི་མང་པོ་ཞིག་གིས་འདང་མི་ཁེད་ན་ཐང་།
ཤ་མི་ཉེ་རུས་མི་གཏོགས་པའི་མི་སྐོར་ཞིག་ལ་འདི་ལྟར་དུངས་དོན།
ཡང་ན་ཆ་མེད་རྒྱུས་མེད་ཀྱི་མི་སྐོར་ཞིག་ལ་འདི་ལྟར་འདང་ཆེ་བའམ་དགའ་དྲགས་པ་དེ།
གྲོགས་ཚོ་དྲང་མོར་བཤད་ན།
ང་ཁྱེད་ཚོ་ལ་དགའ་ཞིང་དུངས་དོན་དེ་ངས་ཀྱང་གསལ་བོ་ཞིག་ཤེས་ཀི་མེད།
ཡིན་ནའང་། ང་ཁྱེད་ཚོར་དགའ་བའམ་འདང་ཆེ་བ་དེ་ངས་ཤེས་ཡོད། སྔོན་ནས་ཤེས་ཡོད།

2015.7.20

གྲིབ་གཟུགས་ཤིག་ག་ས་གང་ནས་སྐྱེས་འོང་དེ་ལ་ལར་ནས་རབ་རིབ་དང་མག་མོག་མི་ཟེར་བར་གསལ་ལ་དྭངས་བའི་ཡིག་འབྲི་ནག་པོ་དང་བཞུད་ལམ་དཀར་པོ་ལ་ཟེར།

ཡོང་ཁུངས། ངེད་དྲྭ་བ།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།