TueFebTue2017

སྤེལ་དུས་མཐའ་མ།08:34:18 AM GMT

རྩོམ་གསར།:

ཁྲུས་ལ་རོལ་བའི་ཉིན་ཞག (ཞར་བཀོད་བདུན།)

ངག་སྒོ་འདིའི་ཕ་རོལ་ན། རྨ་བྱའི་སྒྲོ་ཐུར་ཡིན་འདྲའི་གྲིབ་མ་ཞིག

༈ མུན་པ།

ཞག་སྒྲོན་ཞིག་ཟད་ལ་ཉེ་དུས
མི་ཚོགས་ནི་ཆུ་བོ་དང་འདྲ་བར    རླབས་སྒྲ་དང་བཞུར་སྒྲ་ཐག་ཐག
གང་ཞིག་གི་ཕ་རོལ་ཏུ་ཐར་ཆགས་སུ་བཞུར

མུན་པ་ནི
ང་ཚོས་གནས་མལ་ཞིག་ལ་རྩི་ཞོར
བག་ལྷོད་དང་བདེ་བདེའི་ངང་ནས་སུ་ཞིག་གི་རེ་བ་འགྲུབ་ས་ཡིན
༢༠༡༥།༠༨།༢༡

༈ ཕ་རོལ་ན།

ངག་སྒོ་འདིའི་ཕ་རོལ་ན     
རྨ་བྱའི་སྒྲོ་ཐུར་ཡིན་འདྲའི་གྲིབ་མ་ཞིག   
རབ་རིབ་པོའི་ངང་ནས་ཉེ་སར་བཅར

ཉེ་ས་ནས་མི་མངོན་པའི་ཁྱོད་རང
སྔོན་ནས་ད་བར་དུ སུས་ཀྱང་ཤེས་མྱོང་མེད
དེ་ནི་སྒྲོ་ཐུར་ལ་མདངས་མེད་པའི་ཁ་གནོན་དུ་གྱུར།
༢༠༡༥།༠༨།༠༧

༈ གྲོལ་བ།

ཆར་བ་འབབ་འཚམས་ནས
འཇའ་ཡིས་མེ་ལྕེ་འཕྱུར   ཚ་བ་དེས
ཁོ་བོའི་འདས་མ་ད་གསུམ་བསྲེགས་པར་བྱས
༢༠༡༥།༠༨།༡༥

༈ ཏག་ཏག་སྐབས་དེར

འཇུགས་རུང་གི་མིག་ཟུང་ལས
བདག་གི་འབྱུང་འགྱུར་མཐོང་ལ
སྐབས་དེར    ང་ནི་རབ་ཏུ་ཕྲ་བའི་རྒྱུ་སྐུད་ཅིག་སྟེ
གཙང་བོ་དེའི་འགྲམ་ན་གདུང་བ་དཀྲོལ་བཞིན་ཡོད

གཙང་བོའི་ཁྲོད་ན་འབར་བའི་མེ་ལྕེ་དེས
དུས་ཚོད་ཀྱི་ཐག་སྒྲ་དག་རེ་རེ་བཞིན་རྩི་ཞོར
རང་ཉིད་གསང་བའི་ཁྲོད་དུ་ཡོད་པ་ངོས་མ་ཟིན
༢༠༡༥།༠༨།༡༨

༈འཇའ་ཚོན་ནང་གི་ང་ཚོ།

གཙང་བོ་དལ་གྱིས་བཞུར་དུས
ང་ཚོ་ལ་ཡོད་པ་ནི་མཚན་སྨག་རྐྱང་རྐྱང་ཡིན
འབུ་མེ་ཁྱེར་དེས་ང་དང་ཁྱོད་ལ་ཉི་ཟླའི་འོད་ཁྱིམ་བསྟན་མྱོང

ནགས་ཚལ་ལ་རྐང་རྗེས་དཔར་བས
རླུང་འཚུབ་དང་གྲང་ངར་ཤུགས་ཀྱིས་ལྡང་ངེས

དེ་དུས་ང་ཚོ    མེ་ལོང་ལས་བུད་དེ    མཚོ་འཇིངས་ལ་བྱིང་དགོས
མཚོན་ཆའི་ཐང་ལའང་བཙན་གྱིས་བགྲོད་དགོས
༢༠༡༥།༠༨།༡༧

* མཆན།   ནང་གྲོགས་གཉིས་ལ་མགོ་ལོག་ཆུ་ཐིགས་ཀྱིས་ཕུལ།

༈ ཁྱོད་ཁོ་ན།

___(Oslc ལ།)

མེ་ཏོག་དག་ཁ་གད་དུས
སྦྲང་མ་ཞིག་གཟེབ་ནས་ཐར
གཤོག་ཡ་རྨས་ཕོག་པའི་སྦྲང་མ་དེ  འཕུར་འཕུར་བའི་མཐའ་མར
ཆུ་བོ་ཞིག་གི་འགྲམ་ནས་གནས་མལ་བཅས

རི་མོ་ཞིག་འབྲི་མགོ་རྩོམ་དུས       ཁྱོད་ཁོ་ན
ཚོན་མདངས་ལ་སིམ་པའི་ལང་ཚོ་དེ་ཡིན་ལ
ཤོག་ངོས་སུ་དོད་པའི་རྒྱབ་གཟུགས་དེ་ཡང་ཡིན་ངེས
༢༠༡༥།༠༨།༢༠

༈ ཁ་གཏད་ཀྱི་ནམ་མཁའ།

སྐར་མ་དེས
ཁ་གཏད་དུ་ཡོད་པའི་ནམ་མཁའ་ནས   
ཟེགས་མ་ལམ་ལམ་གཏོར   ལྷིང་ལྷིང་འཚེར་བའི་ཟེགས་མ་དག་ལས
རེ་སྒུག་དང་སྐྱོ་བའི་ཉམས་འགྱུར་མཐོང
༢༠༡༥།༠༨།༢༣

ཡོང་ཁུངས། ངེད་དྲྭ་བ།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།