FriOctFri2019

སྤེལ་དུས་མཐའ་མ།09:45:57 AM GMT

རྩོམ་གསར།:

སྟོད་ཐུང་ལྗང་ཁུ་ཅན་གྱི་སྙན་ངག་པ།

སྟོད་ཐུང་ལྗང་ཁུ་ཅན་གྱི་སྙན་ངག་པ།

བྱ་རྒོད་ཀྱིས་བསྐོར་བའི་དུར་ཁྲོད་ནས་སྟོད་ཐུང་ལྗང་ཁུ་ཅན་གྱི་སྙན་ངག་པ་དེས་ཀེང་རུས་ཤིག་རྙེད་རྗེས། ཁོ་ལ་ཚངས་དབྱངས་རྒྱ་མཚོའི་སྐོར་གྱི་གླེང་མོལ་ཕྲན་བུ་ཞིག་བགྱིས།

རྡོ་ལེབ་ངོས་སུ་ཁྲག་གིས་བྲིས་པའི་ཁ་ཆེམས་དེ་ནི་དབུས་གཙང་གི་དམངས་ཁྲོད་ལ་གཞས་ཤིག་གི་ཚིག་འབྲུ་རེད། ཆུང་མའི་སྨད་གཡོག་སྟེང་གི་མེ་ཏོག་དམར་བོ་ཅན་གྱི་རི་མོ་དེ་བྱ་རྒོད་མང་བོས་རུབ་པའི་བེམ་པོ་དེ་ཉིད་འདྲ། ཉི་མ་ཡར་འཕགས་པ་དང་མེ་ལོང་དུ་བུ་མོ་ཆུང་ཆུང་ཞིག་གིས་ཕོ་སྒོ་མེད་པའི་སྐྱེས་པ་སྨ་ར་ཅན་ཞིག་རྨིས་ཀྱིན་འདུག

རྐང་རྗེན་དུ་བརྒྱུག་ནས་ན་ཁུད་ཀྱི་ཕྱེ་མ་ལེབ་བདའ་ཞོར་དུ་གཅེར་བུར་ཚེར་མའི་ཕུང་བོར་རེག་ཚེ། དུར་ཁྲོད་དུ་ཡོད་པའི་སྟོད་ཐུང་ལྗང་ཁུ་ཅན་གྱི་སྙན་ངག་པས་རྗེ་ཙོང་ཁ་བའི་སྙན་ངག་མང་བོ་ཤར་མར་གྱེར་བྱུང༌། སློབ་ཆུང་གི་བསླབ་གཞི་རུ་འཁོད་པའི་གྲངས་རིག་ནི་རྡོ་ལེབ་སྟེང་གི་ཁ་ཆེམས་ཡི་གེ་དང་འདྲ་བར་དགེ་རྒན་ཚོས་ཀྱང་ཀློག་མི་ཤེས་པས་སྤྱོད་ཁང་དུ་སོང་ནས་ཚགས་པར་ཀློག རྒྱ་ཕིབས་ཀྱི་གསེར་འོད་ལས་ཚངས་དབྱངས་རྒྱ་མཚོ་མཐོང་སྲིད་ཀྱང་བུད་མེད་མང་བོའི་སྣམ་བུ་འཐག་པ་ནི་སྐད་གྲགས་ཆོད་པའི་ས་གདན་ཁ་དོག་སེར་བོ་ཅན་ཞིག་གོ།

དུར་ཁྲོད་ནས་ཕྱིར་ལོག་ཁར་སྟོད་ཐུང་ལྗང་ཁུ་ཅན་གྱི་སྙན་ངག་པ་དེ་ལ་རང་གི་གློ་ཁུག་ལས་ཐ་མག་འགའ་བླངས་ཏེ་སྦྱིན། ཁོས་ཐ་མག་འཐེན་ཞོར་དུ་ཚངས་དབྱངས་རྒྱ་མཚོ་ཟེར་བའི་སྤྲང་བོ་དེ་མདོ་སྨད་མཚོ་སྔོན་པའི་ཕྱོགས་སུ་བཞུད་མྱོང་ཟེར། རྡུལ་འཚུབ་ཁྲོད་དུ་བྱ་རྒོད་དག་རེས་འབབ་རེས་འཕུར་བྱེད་བཞིན་འདུག ལོ་ན་ཤིན་ཏུ་ཆུང་བའི་བྱིས་པས་འབྲི་དེབ་ཏུ་དབྱངས་གསལ་སོ་བཞི་བྲིས་ཏེ་རང་གི་ཨ་མར་བྱིན། ཨ་མས་བྱིས་པས་བྲིས་པའི་དབྱངས་གསལ་གྱི་ཡི་གེ་རླུང་ལ་སྦུར། ཆར་བའི་ཁྲོད་དུ་སྐྱེས་པ་གཡུལ་ནས་ཤི་བའི་བུ་མོ་ཞིག་ཟམ་པའི་སྟེང་དུ་འགྲེང་སྟེ་ཆར་གདུགས་ལ་མེ་བསྒོས།

ཉི་འོད་ཀྱི་ཀློང་དུ་བྱ་རྒོད་དག་སྟོད་ཀྱི་གངས་རིའི་ཕྱོགས་སུ་འཕུར། དུར་ཁྲོད་གཞན་ཞིག་ཏུ་འབྱོར་རྗེས་ལྭ་བ་ནག་པོ་ཅན་གྱི་སྒྱུ་མ་མཁན་གྱིས་མེ་ལོང་ལ་བལྟས་ཏེ་སྐྲ་ཚུགས་བརྗེས།ལྷམ་གྱི་ནང་ནས་ཕུག་རོན་འགའ་འཕུར་བ་དང་ཕོར་བའི་ནང་དུ་ཁྲག་གིས་བྲིས་པའི་ཁ་ཆེམས་ཡི་གེ་བབས། སྟོད་ཐུང་ལྗང་ཁུ་ཅན་གྱི་སྙན་ངག་པས་“ཚངས་དབྱངས་རྒྱ་མཚོ་ནི་ངེས་པ་དོན་གྱི་སྙན་ངག་པ་ཞིག་རེད་”ཟེར།དེའི་མུར་ཡར་ཀླུང་ཕྱོགས་ནས་དམངས་ཁྲོད་ཀྱི་ལ་གཞས་ཤིག་རྣ་བའི་བུ་གར་འཛུལ་ཡོང༌།

ཡོངས་ཁུངས་དགེ་འདུན་ཆོས་འཕེལ་རྩོམ་རིག་དྲ་བ།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།