FriOctFri2019

སྤེལ་དུས་མཐའ་མ།09:45:57 AM GMT

རྩོམ་གསར།:

སྟོན་གྱི་བསམ་གཞིག་དང་ངའི་སེམས་ངལ།

རླུང་གིས་བསྒུལ་ཞིང་ཤུགས་ཀྱིས་དེད་པའི་སྡོང་ལོ།

རྨི་ལམ་ཉུང་བའི་སྟོན་མཇུག་འདིར། ཕ་བོང་ཞིག་གིས་མནན་པ་ལྟ་བུའི་སྡུག་བསྔལ་དང་རྦ་རླབས་ཤིག་གིས་དེད་པ་འདྲ་བའི་སྐྲག་དངངས་ཀྱི་ཁྲོད་དུ་གཉིད་སྐྱིད་པོ་ཞིག་ཁུག་ཐབས་མ་བྱུང༌། འོས་འགན་ཞིག་མ་གྲུབ་པ་ལྟ་བུའི་སེམས་ཚོར་དང་དོན་ཆེན་ཞིག་སྒྲུབ་དགོས་པ་འདྲ་བའི་སེམས་ངལ་གྱི་དབྱིངས་སུ་གོམ་པ་ཞིག་སྤོ་ཐབས་མི་འདུག

སྡོང་བོའི་ལོ་མ་སེར་བོར་གྱུར་ཞིང་ལོ་མ་སེར་བོ་ས་རུ་ལྷུང་ཚུལ་གྱིས་ན་ཟུག་ལྟ་བུའི་སྡུག་བསྔལ་དང་སྡུག་བསྔལ་འདྲ་བའི་ན་ཟུག་བསྐྱེད་ཅིང་མཚར་སྡུག་གི་རྨི་ལམ་གཡོ་བར་བྱས།

རླུང་གིས་བསྒུལ་ཞིང་ཤུགས་ཀྱིས་དེད་པའི་སྡོང་ལོ་དག་ཁ་ཕྱོགས་བོར་བའི་འཕྱོན་མ་བཞིན་རྨི་ལམ་གྱི་ཟབ་སར་ལྷུང༌། རྨི་ལམ་སྡོང་ལོ་དང་འདྲ་བར་སྡོང་ལོ་རྨི་ལམ་དང་མཚུངས་པར་གནམ་དུ་འཕུར་ཞིང་ས་རུ་ལྷུང་ཐེངས་མང་བས་མལ་ཁྲི་ཡང་ཡང་བསྒུལ་བྱུང༌།

གློ་བུར་དུ་ཅི་ཞིག་བྱུང་བ་བཞིན་མཛའ་མོ་ལ་འཁྱུད་པའི་ལག་པ་ལྷོད་པར་གྱུར་ལ་སུ་ཞིག་སླེབས་དོགས་ཀྱིས་ངང་སྒུག་གི་སེམས་པ་མཐོ་རུ་བཏེགས། སྒུག་སྒུག་པའི་མཐའ་མའི་བལྟས་བལྟས་པའི་རྗེས་མར་སྒེའུ་ཁུང་ལས་སྡོང་ལོ་ཆུན་པོ་ཞིག་ནང་དུ་འཕུར་འོང་ཞིང་ང་རང་སྡོང་ལོ་དང་མཉམ་དུ་ངེས་མེད་ཀྱི་འཕུར་ལམ་དུ་ཞུགས། སྐབས་རེར་བུད་མེད་ཅིག་ལ་སྤྱོད་པ་ལྟ་བུའི་བདེ་སྣང་གིས་བཟི་ཞིང་འཇིག་རྟེན་སྣང་སྲིད་ཟིལ་གྱིས་མནན་འདྲའི་ཁེངས་དྲེགས་ཀྱིས་མྱོས།
ལན་རེར་སྙན་ངག་ཅིག་མ་གྲུབ་པ་ལྟ་བུའི་སྡུག་བསྔལ་གྱིས་བཙིར་ཞིང་འཚོལ་གྱིན་པའི་དངོས་པོ་གང་ཞིག་མ་རྙེད་པ་འདྲ་བའི་ཡི་ཆད་ཀྱིས་དཀྲིས་འོངས།

ཚ་གདུགས་དང་གྲང་ངར་གྱི་བར་གསེང་དུ་བཙན་གྱིས་འཚང་བའི་སྟོན་གྱི་དུས་ཚིགས་འདི་ཡི་ཆད་དང་རེ་བ་ལྷན་དུ་འཁུར་བའི་རྒད་པོ་ཞིག་གི་སེམས་ངལ་ལྷག་མའི་ཚུལ་གྱིས་དོན་ལྔ་སྣོད་དྲུག་ཡོངས་སུ་དཀྲུགས་བྱུང༌། ཆར་བ་ནས་ཁ་བར་བརྒལ་འདོད་ཀྱི་རེ་འདུན་ཡོད་ཚད་ཁ་བ་ནས་ཆར་བར་ལྡོག་སྟངས་བཞིན་དགའ་སྐྱོ་འདྲེས་མའི་ངལ་དུབ་ཀྱིས་མནར་གཅོད་ཡང་ཡང་བཏང༌། དབྱར་དུས་སུ་ཐོན་མ་ཐུབ་ཅིང་དགུན་དུས་སུ་འོང་མ་འདོད་པའི་སྟོན་དུས་ཀྱི་བ་མོ་ཁ་རུ་ཕུད་མ་ཐུབ་ལ་ཁོག་ཏུ་ཤོང་མ་ནུས་པའི་སྡུག་བསྔལ་གྱི་ཕྱེད་ཀ་རེད་ཨང༌། དྲོད་ཐིགས་ཤིག་གི་འཛུམ་མདངས་མ་རྙེད་ལ་གྲང་ངར་ཞིག་གི་ཁོང་ཁྲོ་ཡང་མ་ཐོབ་པའི་ཁེར་རྐྱང་གི་སེམས་པ་དག་སྟོན་དུས་ལ་གོད་ཆག་བྱུང་རྗེས་ཀྱི་མཚོན་རྟགས་ཁ་ཤས་རེད་ཨང༌།

ལས་བསྐལ་ཞིག་གི་ཆེད་དུ་སྐྱེས་པའི་ནག་ཉེས་ཀྱི་མེ་ཏོག་གམ་ཡང་ན་བཙན་གྱིས་ཁྲིད་འོངས་པའི་བཙོན་མ་ཞིག་གི་སེམས་ཁམས་ཡིན།ཕྱི་རོལ་ན་བྲེལ་བྲེལ་གྱིས་བརྒྱུགས་པའི་མྱུར་སྐྱོབ་རླངས་འཁོར་ཞིག་གི་དུང་བརྡ་གྲགས་ཚུལ་ཡང་ཡིན།

ཡོངས་ཁུངས་དགེ་འདུན་ཆོས་འཕེལ་རྩོམ་རིག་དྲ་བ།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།