TueJunTue2017

སྤེལ་དུས་མཐའ་མ།04:53:59 AM GMT

རྩོམ་གསར།:

གཅན་ཚ་སྣང་ར་ཡུལ་གྱི་ཆུ་རྐྱལ་སྐོར་བཤད་པ།

འཚོ་བའི་གྲུབ་ཆར་གྱུར་ཅིང་ཐམས་ཅད་འཇུག་སྤྲོ་བའི་ཕོ་རྩེད་ཅིག

ང་ཚོ་སྒང་བ་བོད་པའི་རིག་གནས་ཀྱི་བང་མཛོད་ཁྲོད་ན། ཕོ་རྩལ་སྣ་དགུ་དང་ཕོ་རྩེད་སྣ་དགུ་ཞེས་ཐ་སྙད་མི་འདྲ་བ་གཉིས་བྱུང་འདུག་ལ།

སྔ་མའི་ཁྲོད་ན་ཆུ་རྐྱལ་གྱི་སྒྱུ་རྩལ་མི་འདྲ་བ་དུ་མ་ལ་བརྟེན་ནས་ཆུ་ཀླུང་ཆེན་པོ་བདེ་བླག་ངང་གཅོད་ནུས་པར་རྐྱལ་གྱིས་ཆུ་ཆེན་ཆོད་པ་ཞེས་ལུས་ཀྱི་རྩལ་གསུམ་གྱི་ཡ་གྱལ་དུ་བགྲང་འདུག་ཅིང༌། ཕྱི་མའི་ཁྲོད་ནའང་བང་རྐྱལ་སྦེ་གསུམ་ཞེས་རྐྱལ་ཞེས་པའི་ཐ་སྙད་འདི་དངོས་སུ་ཐོན་འདུག

ཐ་སྙད་གཉིས་ཀ་རྐྱལ་ཡིན་པ་འདྲ་ནའང༌། ཐ་སྙད་ཀྱི་གོ་དོན་ནམ་དེ་ལས་བཏོན་པའི་བླང་བྱ་གཏན་ནས་མི་འདྲ་སྟེ། ཕོ་རྩལ་ཞེས་བརྗོད་དུས་སྟག་ཤར་བ་ཞིག་ལ་འཛོམ་འོས་པའི་རྩལ་སྣ་དང༌། ཕོ་རྩེད་ཅེས་བརྗོད་དུས་སྟག་ཤར་བ་ཞིག་འཇུག་འོས་པའི་རོལ་རྩེད་ཅིག་ཡིན་པ་བསྟན་ཡོད། དེས་ན་ཆུ་ལ་རྐྱལ་རྒྱུ་ནི་གཙང་པོའི་འགྲམ་རྒྱུད་དུ་ཆགས་པའི་གངས་ཅན་སྟག་ཤར་རྣམས་ལ་འཚོ་གནས་ཀྱི་དགོས་མཁོས་བཏོན་པའི་ཕོ་རྩལ་ཞིག་རེད་ལ། འཚོ་བའི་གྲུབ་ཆར་གྱུར་ཅིང་ཐམས་ཅད་འཇུག་སྤྲོ་བའི་ཕོ་རྩེད་ཅིག་ཀྱང་རེད། ཡང་གཅིག་བཤད་ན། ཕོ་རྩེད་དེའི་རྨང་གཞིའི་སྟེང་ནས་ཕོ་རྩལ་དེ་འཛོམས་པ་རེད་ལ། ཕོ་རྩལ་དེ་འཛོམ་པའི་ཆེད་དུ་ཕོ་རྩེད་དེར་ཞུགས་པའང་རེད། དེའི་ཕྱིར་བོད་པའི་རྒྱུད་དུ་འཁྲུངས་ཤིང་གཙང་པོའི་འགྲམ་དུ་སྐྱེས་པའི་ཕོ་ལྟེ་ཐོགས་ཤིག་ཡིན་ཕྱིན། ཆུ་རྐྱལ་བྱེད་རྒྱུ་ནི་ཆེས་སྤྲོ་བ་ལྡན་པའི་བྱ་གཞག་ཅིག་གམ་ཐུན་མོང་གི་དགའ་ཕྱོགས་ཤིག་སྟེ། གཅན་ཚ་སྣང་ར་ས་ཁུལ་མཚོན་ནའང་དེ་ལས་མ་འདས།

གཅན་ཚ་སྣང་ར་ས་ཁུ ༩ པ་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡོད་པ་ནི། ས་བབ་དམའ་ཞིང་ནམ་ཟླ་དྲོ་ལ། རྨ་ཆུ་དང་ཐག་ཉེ་བ་དེ་ཡིན། བོད་པའི་ས་ཁུལ་ལ་ལར་སྟོན་ཟླ་འབྲིང་བོའི་ནང་དུ་ལྷོ་རིའི་རྩེ་ནས་སྐར་མ་རི་བྱི་ཐོ་རེངས་དུས་སུ་མཐོང་བའི་སྐབས་མ་གཏོགས་ཆུ་ལ་འཇུག་པའི་སྲོལ་མེད་ནའང༌། སྣང་རར་མཆོ། ན་ན། གཡུ་འབྲུག་སྔོན་མོས་ལྡིར་སྒྲ་བསྒྲགས་པའམ་ཁུ་བྱུག་གཞོན་ནུས་མགྲིན་གླུ་གྱེར་ཚུན་ནས་ཆུ་ལ་རྐྱལ་ཆོག་པར་བཤད། འདི་ནི་གཙོ་བོ་སྣང་རའི་ཡུལ་གྱི་ཐུན་མོང་མ་ཡིན་པའི་ནམ་ཟླ་དང་ཁོར་ཡུག་གི་ཆ་རྐྱེན་གྱིས་ཐག་བཅད་པ་ཞིག་རེད་ལ། འཚོ་གནས་ཀྱི་དགོས་མཁོས་ཐག་བཅད་པ་ཞིག་ཀྱང་རེད།

ཡོང་ཁུངས། བོད་ཀྱི་སློབ་འབྲིང་དྲ་བ།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།