ThuAugThu2017

སྤེལ་དུས་མཐའ་མ།05:18:50 AM GMT

རྩོམ་གསར།:

བོད་ཀྱི་ཀི་རམ་རོལ་རྩེད་སྐོར།

ཀི་རམ་ལྷ་སར་དར་ཁྱབ་བྱུང་བའི་དུས་ཚོད་ནི་དུས་རབས་བཅུ་བཞིའི་དུས་འགོར་ཡིན་པ་ངེས།

ཀི་རམ་ནི་བོད་ཀྱི་གྲོང་ཁྱེར་དང་གྲོང་རྡལ་སོགས་ལ་མིག་སྔར་དར་ཁྱབ་ཤིན་ཏུ་ཆེ་བའི་དམངས་སྲོལ་རང་བཞིན་གྱི་ལུས་རྩལ་རོལ་རྩེད་ཀྱི་བྱེད་སྒོ་འབའ་ཞིག་ཡིན་ཞིང༌།

མི་མང་པོ་ཞིག་གིས་ཀི་རམ་ཞེས་བརྗོད་ན་ལམ་སེང་ཡིད་ལ་དེའི་གཟུགས་དབྱིབས་དང་རྒྱག་སྟངས་སོགས་རགས་ཙམ་ཤེས་མོད། འོན་ཀྱང་ཀི་རམ་ཞེས་པའི་རོལ་རྩེད་དེ་ཡང་སྙིང་བོད་དུ་ཇི་ལྟར་བྱུང་དང་མིང་ཇི་ལྟར་ཐོགས་མིན་གསལ་པོ་ཤེས་མཁན་ཉུང་བས་འདིར་ཀི་རམ་གྱི་འབྱུང་ཚུལ་རགས་ཙམ་བརྗོད་དོ།

བོད་དུ་དར་བའི་ཀི་རམ་གྱི་རོལ་རྩེད་འདི་ཐོག་མར་ལྷ་སར་སྡོད་པའི་ཀ་སྨིར་བས་འཁྱེར་ཡོང་བ་དང་ཀི་རམ་ཞེས་པའི་རོལ་རྩེད་འདིའི་ཐ་སྙད་དེ་རྒྱ་གར་གྱི་ཡུལ་སྐད་ཅིག་ཡིན་པར་གྲགས། དེ་སྔ་སྐུ་ཞབས་ཞོལ་ཁང་དར་རྒྱས་ལགས་ཀྱི་ཆེད་རྩོམ་ཞིག་གི་ནང་ངོ་སྤྲོད་བས་པར་གཞིགས་ན་ཀི་རམ་ལྷ་སར་དར་ཁྱབ་བྱུང་བའི་དུས་ཚོད་ནི་ཧ་ལམ་དུས་རབས་བཅུ་བཞིའི་དུས་འགོར་ཡིན་པ་ངེས་ཤིང༌། ཀི་རམ་འདི་བཞིན་དང་ཐོག་རྒྱ་གར་ནས་བོད་དུ་འཁྱེར་ཡོང་སྟེ་ལྷ་སའི་སྐུ་དྲག་གི་ཁྱིམ་ཚང་དང༌། ཁ་ཆེའི་ཇ་ཁང་དུ་རོལ་རྩེད་བྱེད་པ་ཞིག་ཡིན་པ་དང་དེ་ནས་རིམ་གྱིས་མང་ཚོགས་ཀྱི་ཁྲོད་དུ་དར་ཁྱབ་བྱུང་སྟེ་ལྷ་སའི་ཟ་ཁང་དང་གྲོང་མི་ཕལ་པའི་ཁྱིམ་ཚང་དུའང་སྤྱོད་བཞིན་པར་གྱུར།

གཞན་ཡང་ཀི་རམ་དེར་ལྷ་སའི་དར་གཞོན་མང་པོ་ཞིག་ཧ་ཅང་དགའ་པོ་ཡོད་སྟབས་འབྲེལ་ཡོད་ཕྱོགས་ནས་ཀྱང་ཀི་རམ་དེ་ལུས་རྩལ་བྱེད་སྒོའི་རྣམ་གྲངས་སུ་བཞག་སྟེ་འགྲན་བསྡུར་ཡང་བྱེད་ཀྱི་ཡོད་པ་སྟེ། དེ་ཡང་ལོ་ཤས་གོང་བོད་ལྗོངས་ལུས་རྩལ་ཨུ་ཡོན་ལྷན་ཁང་གིས་མི་སྣ་སྒྲིག་འཛུགས་བས་ཏེ་རོལ་རྩེད་དེའི་འགྲན་བསྡུར་བས་པས་བྱེད་སྒོ་ཧ་ཅང་འཁྲུག་པོ་བྱུང་མྱོང་ཡོད་ལ་དེ་ནས་བཟུང་མི་མང་པོ་ཞིག་གིས་རང་གི་ཀི་རམ་རྒྱག་པའི་ལག་རྩལ་བང་ཆུབ་པར་བྱེད་ཕྱིར་བར་གསེང་བྱུང་ཚད་དུ་ཇ་ཁང་སོགས་ཀྱི་ནང་ཀི་རམ་རྒྱག་པ་མཐོང་རྒྱུ་ཡོད་ལ་ཀི་རམ་རྒྱག་པ་དེ་རོལ་རྩེད་ཀྱི་རྣམ་གྲངས་མང་པོའི་ཁྲོད་ནས་ཡ་རབས་ལྡན་པ་ཞིག་ཏུ་ཡང་ངོས་འཛིན་བྱེད་བཞིན་ཡོད་པ་རེད།

ཀི་རམ་གྱི་གྲུབ་ཆ་ཇི་ལྟར་ཡིན་ནམ།

ཀི་རམ་བཟོ་སྟངས་ལ་ཆ་མཚོན་ན་སྒྲོམ་སྟེགས་སྟར་ཤིང་ལས་གྲུབ་པའི་དབྱིབས་གྲུ་བཞི་ཁ་གང་མ་ཁོད་ཤིན་ཏུ་སྙོམས་ཤིང༌། མཐའ་འཁོར་རིང་ཚད་ལི་རྨིད་སུམ་བརྒྱ་བརྒྱད་ཅུ་གྱ་གཉིས་ཙམ་ཡིན་པ་དང༌། དེའི་ཟུར་བཞིར་ཨི་ཁུང་ལི་རྨིད་གསུམ་དང་ལྡན་པ། མཐའ་འཁོར་ལ་མཁྲེགས་ཤིང་ལས་གྲུབ་པའི་ཞེང་ཚད་ལི་རྨིད་བཞི་དང་ཕྱེད་ཀ་དང་མཐུག་ཚད་ལ་ལི་རྨིད་གཉིས་དང་ཕྱེད་ཀ་ཙམ་ལྡན་པའི་རུ་བཞི། ཟུར་བཞིའི་ཨི་ཁུང་དང་རུ་བཞིའི་འབྲེལ་མཚམས་ཀྱི་གནས་སུ་ཀི་རམ་གྱི་རྡོ་དང་རྒྱག་རྡོ། ཨེན་ཀྲ་འཁོན་ཐོགས་མི་ཡོང་བ་དང་རུ་བཞི་ཁ་མི་འབྲལ་བའི་ཆེད་དུ་རྡ་རུ་ཞེས་མཁྲེགས་ཤིང་གི་འབྲེལ་མཚམས་ཆུང་ངུ་ཞིག་བླུགས་ཡོད་པ་རེད། དེ་ལྟར་སྒྲོམ་སྟེགས་མཁྲེགས་ཤིང་ལས་གྲུབ་དགོས་པའི་རྒྱུ་མཚན་ནི་ཀི་རམ་རོལ་རྩེད་ཀྱི་རྩལ་ནི་ཤིན་ཏུ་ཞིབ་ཚགས་པོ་ཞིག་ཡིན་ཞིང༌། གལ་སྲིད་རུ་བཞི་གསོམ་ཤིང་ལས་བས་པ་ཡིན་ན་ཨད་དང༌། རྐོག་ཤོལ། བརྡབས་བླུགས་སོགས་ཀྱི་རྩལ་འདོན་སྐབས་དམིགས་སར་འཕར་བརྡབས་རྩ་བ་ནས་ཡོང་གི་མེད་པས་ཡིན་པ་རེད།

དེར་བརྟེན་རུ་དང་སྒྲོམ་སོགས་ངེས་པར་དུ་མཁྲེགས་ཤིང་ལས་བྱེད་དགོས་པ་དེ་ཀི་རམ་གྱི་སྒྲོམ་སྟེགས་ལྡེམ་འབུར་མི་ཡོང་ཆེད་རྒྱབ་ངོས་སུ་སྦོམ་ཚད་ལི་རྨིད་གསུམ་བས་པའི་རྒྱུག་པ་འཕྲེད་གཞུང་ལ་བཅུ་གྲངས་གཏོང་གི་ཡོད་ཅིང༌། དེ་ལ་རྒྱབ་ལག་ཅེས་འབོད་ཀྱི་ཡོད། དེ་བཞིན་ཀི་རམ་གྱི་གྲུབ་ཆ་སྤྱིར་ལེགས་པར་གྲུབ་རྗེས་སུ་སྒྲོམ་སྟེགས་ངོས་དང་མཐའ་འཁོར་གྱི་རུ་བཞི། ཨི་ཁུང་བཅས་རྐོ་སག་གིས་ལེགས་པར་བརྡར་ནས་འཇམ་ཤ་དོད་པོ་ཡོང་བ་བྱེད་པ་དང༌། དེ་ནས་མཐའ་བཞིའི་རུ་ལས་ལི་རྨིད་བཅུའི་བར་ཐག་ཙམ་གྱི་སྒྲོམ་སྟེགས་ཐོག་རྒྱ་ཁྱོན་ལི་རྨིད་གསུམ་ཟིན་པའི་ཐིག་གཉིས་སྣག་ཚ་ནག་པོས་གཞོགས་གཡས་གཡོན་གོང་འོག་བཞི་ཀར་བྲིས་པ་དང༌།ཐིག་དེ་གཉིས་ལ་སྟེང་ཐིག་འོག་ཐིག་གམ་ལག་འོག་གི་ཐིག་ཅེས་འབོད་ཀྱི་ཡོད།

ཀི་རམ་རྩེད་སྟངས།

ཀི་རམ་གྱི་རོལ་རྩེད་རོལ་སྟངས་ལ་ཆ་མཚོན་ན་སྤྱིར་བཏང་བས་ན་སྐྱེ་བོ་གཉིས་དང་ཡང་ན་སྐྱེ་བོ་བཞི་ཁ་གཏད་དུ་བས་ནས་རྩེད་སྲོལ་ཡོད། རྩེད་ལུགས་ནི་ཕྱོགས་ཕན་ཚུན་གཉིས་པོས་རྡོ་དཀར་ནག་དབྱེ་ནས་སོ་སོའི་དཀར་པོའམ་ནག་པོ་ཨི་ཁུང་ནང་དུ་བླུགས་ནས་རྒྱག་སྐོར་གཅིག་པུར་མགྱོགས་དལ་ལ་གཞིགས་ནས་རྒྱལ་ཕམ་ཤན་འབྱེད་དང་དེ་ནས་གྱེམ་ཞེས་རྡོ་གྲངས་ཉི་ཤུ་རྩ་དགུ་ཕྱོགས་ཕན་ཚུན་སུར་སྔོན་དུ་ཐོབ་ན་རྒྱལ་ཕམ་དབྱེ་བ་བཅས་རོལ་སྲོལ་གཉིས་ཡོད། རྡོ་བླུགས་མགྱོགས་ལོས་ཡིན་ནའང་འདྲ། ཡང་ན་གྱེམ་གྱི་རོལ་སྟངས་ཡིན་ནའང་འདྲ། རྡོ་དམར་པོ་ནི་ཕྱོགས་ཕན་ཚུན་གཉིས་ཀའི་སྤྱི་པའི་རྡོ་ཡིན་པ་དང༌། རྡོ་དཀར་པོའི་བདག་པོ་དེ་སྔོན་དུ་རོལ་ཆོག་པའི་དབང་ཆ་ཡོད་པས་དེས་ཐོག་མར་སྒྲོམ་སྟེགས་ཀྱི་སྒོར་ཐིག་ལྟེ་བའི་ནང་དུ་རྡོ་དམར་པོ་བཞག་པ་དེ་ནས་རྡོ་དཀར་པོ་རྣམས་རང་ཕྱོགས་སུ་འཐེན་བདེ་ཕྱིར་ཁ་དབྲག་དབྱིབས་སུ་ཁ་ཚུར་བསྐོར་ནས་བཞག་པ་དང་དེའི་བར་མཚམས་སུ་རྡོ་ནག་པོ་རྣམས་བསྲེས་ནས་འཇོག་གི་ཡོད། དེ་ལྟར་གོང་གི་གོ་རིམ་ལྟར་དང་ཐོག་རྡོ་དཀར་པོའི་ཕྱོགས་ནས་སྔོན་ལ་རྒྱག་པ་དང༌།དེ་ནས་རྡོ་ནག་པོའི་ཕྱོགས་ནས་མུ་མཐུད་དེ་རེས་མོས་ཀྱིས་རོལ་གྱི་ཡོད།

ཡོང་ཁུངས། བོད་ཀྱི་སློབ་འབྲིང་དྲ་བ།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།