ThuAugThu2017

སྤེལ་དུས་མཐའ་མ།05:18:50 AM GMT

རྩོམ་གསར།:

གྱང་མཁན་ཐག་ཤུད།

 གྱང་མཁན་གྱིས་རྩལ་སྟོན་པ།

བོད་ལྗོངས་གཞིས་རྩེ་ས་ཁུལ་ས་སྐྱ་རྫོང་བྲག་མཇུག་ཤང་གི་གྱང་མཁན་ཐག་ཤུད་ནི་དམངས་ཁྲོད་དུ་དར་བའི་རིག་གནས་ཤུལ་བཞག་གི་གྲས་ཤིག་ཡིན་ཞིང༌།

གྱང་མཁན་ཐག་ཤུད་ནི་བོད་བཙན་པོའི་དུས་ནས་དར་ཞིང་ལོ་རྒྱུས་ཅུང་རིང་བའི་དམངས་ཁྲོད་ཀྱི་སྒྱུ་རྩལ་ཞིག་ཡིན་པས་བསམ་ཡས་དགོན་པའི་ལྡེབས་རིས་ལོགས་སུ་ཡང་དབྱུག་འཛེགས་ཀྱི་འཁྲབ་རྩལ་སྣ་ཁ་བཅུ་ལྷག་ཙམ་བྲིས་ཡོད་སྐད།  སྤྱི་ལོའི་དུས་རབས་ ༡༧ པའི་སྐབས་སུ་ཏཱ་ལའི་སྐུ་ཕྲེང་ལྔ་པས་སོག་པོའི་འགོ་པ་གུ་ཤི་ཧན་གྱི་རྒྱབ་སྐྱོར་འོག་གཙང་པ་སྡེ་སྲིད་ཀྱི་སྲིད་དབང་རྩ་གཏོར་བཏང་ནས་དགའ་ལྡན་ཕོ་བྲང་གི་སྲིད་དབང་བཙུགས་རྗེས་གཙང་པ་སྡེ་སྲིད་ཀྱི་མངའ་འབངས་ནས་ལོ་ལྟར་མི་རེ་ལྷ་སར་མངགས་ནས་གྱང་མཁན་ཐག་ཤུད་ཀྱི་ཁྲལ་འཇལ་བར་ཡོང་དགོས་ཀྱི་པ་རེད།

ས་སྐྱ་རྫོང་བྲག་མཇུག་ཤང་གདོང་སྣ་གྲོང་ཚོའི་གྱང་མཁན་ཐག་ཤུད་རྩེད་མཁན་གྲོང་མི་པ་སངས་དང་སྐལ་བཟང་སོགས་ཀྱི་ངོ་སྤྲོད་ལྟར་ན།  ཐག་ཤུད་རྩེད་མཁན་ལ་སྲོག་གི་ཉེན་ཁ་ཆེན་པོ་ཡོད་པ་དང་དོན་དམ་དུའང་འཁྲབ་རྩལ་དེར་ཆད་གཅོད་ཀྱི་རང་བཞིན་ཡང་ལྡན་ཡོད།  ཐེངས་ཤིག་བྲག་མཇུག་ཤང་གདོང་སྣ་གྲོང་ཚོའི་གྱང་མཁན་ཐག་ཤུད་པ་དང་ཁྱུང་པོ་རི་བོ་ཆེའི་ཟློས་གར་ཚོགས་པ་གཉིས་རང་རང་གི་འཁྲབ་སྟོན་དཀའ་ཚད་ཆེ་མིན་ཐད་རྩོད་གླེང་བྱུང་ནས་ཕན་ཚུན་ཕམ་ཁ་མ་འཁུར་བས་མཐར་རྒྱལ་ཕམ་ཐག་གཅོད་བྱེད་ཆེད་ཕྱོགས་གཉིས་ཀས་ཤི་གསོན་གྱི་ཡི་གེ་བཞག་སྟེ་འགྲན་བསྡུར་བས་རྗེས་ཁྱུང་པོ་རི་བོ་ཆེའི་ཟློས་གར་ཚོགས་པས་ཁང་རྩེར་བུ་མོ་གྱང་ཐོག་སྐོར་འཆམ་ཞེས་པའི་འཁྲབ་རྩལ་བདེ་བླག་ངང་འཁྲབ་ཐུབ་པ་བྱུང་བ་དང་གྱང་མཇུག་ཤང་གདོང་སྣ་གྲོང་ཚོའི་མིས་གྱང་མཁན་ཐག་ཤུད་རྩེ་བའི་སྐབས་ཐག་ཤུད་ཀྱི་ཀོ་ལྡན་རལ་བ་དང་ཐག་པར་དུ་བ་འཕྱུར་ནས་རྩེད་ཐབས་བྲལ་བས་ཕམ་ཁ་འཁུར་དགོས་བྱུང༌།  ཐག་ཤུད་ཀྱི་རྩལ་རྩེད་དེ་ནི་ཉེན་ཁ་ཧ་ཅང་ཆེ་བ་ཞིག་ཡིན་སྟབས་རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པས་ཐག་རྩེད་དེ་ཀ་རྩེད་དུ་འགྱུར་ཏེ་ ༡༩༥༩ ལོའི་བར་རྒྱུན་འཛིན་བས།

ཡོང་ཁུངས། བོད་ཀྱི་སློབ་འབྲིང་དྲ་བ།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།