FriOctFri2019

སྤེལ་དུས་མཐའ་མ།09:45:57 AM GMT

རྩོམ་གསར།:

བོད་ཀྱི་གཞས་མ་ཨ་ལན་ཟླ་བ་སྒྲོལ་མའི་ངོ་སྤྲོད་མདོར་བསྡུས།

ཨ་ལན་ཟླ་བ་སྒྲོལ་མ།

ཨ་ལན་ཟླ་བ་སྒྲོལ་མ་ནི་རྒྱལ་ཁབ་ཕྱི་ནང་ན་མིང་དུ་གྲགས་པའི་བོད་རིགས་གླུ་མ་ཨ་ལན་ཟླ་བ་སྒྲོལ་མ་ནི1987ལོའི་ཟླ7པའི་ཚེས25ཉིན་སི་ཁྲིན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རོང་བྲག་རྫོང་བྲག་སྟེང་ཡུལ་ཚོར་སྐྱེས། མོ་ནི་སྒོས་སུ་ཉི་ཧོང་གི་གླུ་གར་སྟེགས་བུ་ལས་མིང་གྲགས་སུ་ཁྱབ་པའི་བོད་རིགས་གླུ་མ་ཞིག་ཡིན་ལ། ད་ལྟ་ཕྱིར་རྒྱལ་ནང་དུ་ལོག་སྟེ་སྔར་བཞིན་གླུ་གཞས་དང་བརྙན་གཟུགས་སོགས་ཀྱི་ཐད་ནས་འཕེལ་རྒྱས་སུ་གཏོང་བཞིན་ཡོད། མོ་ནི་སྐད་ངག་འཛོམས་པ་མ་ཟད་སྐྱེས་གཟུགས་ལེགས་ཤིང་བཞིན་རས་ལྟ་ན་སྡུག་པ་ཞིག་ཡིན།

2006ལོའི་ཟླ9བར། ཁོ་མོ་སྐབས་དགུ་བའི་ཧྲང་ཧེ་ཡ་གླིང་རོལ་མོའི་དུས་ཆེན་ཀྲུང་གོའི་ནང་ལོག་གླུ་བ་གསར་བ་ལེགས་འདེམ་འགྲན་བསྡུར་དུ་ཞུགས་ཏེ་སྤྱིའི་སྐར་གྲངས་ལ་སྐར་མ0.005ཡི་བར་ཆད་ཀྱིས་ཨང་གཉིས་པ་བླངས། ལོ་དེར་རང་ཉིད་ཀྱི་གླུ་གཞས་སྒྱུ་རྩལ་དང་ལྟ་ན་སྡུག་པའི་བཞིན་གཟུགས་སོགས་ལས་སློབ་མཐར་མ་ཕྱིན་གོང་ནས་ཉི་ཧོང་གི་ཨེ་ཧོ་བརྙན་འཁོར་ཀུང་ཟིས་བློར་བབས་ཏེ་མོས་ཀྱང་ཀུང་ཟི་དེ་དང་ཆིངས་ཡིག་བཞག དེ་ཡང་ཀྲུང་གོ་དང་ཨ་རི། དབྱིན་ཇི་སོགས་རྒྱལ་ཁབ་ཏུ་ཨེ་ཧོ་བརྙན་འཁོར་ཀུང་ཟིའི་ཡན་ལག་ཁང་བཙུགས་ཡོད་ནའང༌། ཨ་ལན་ཟླ་བ་སྒྲོལ་མ་ནི་ཨེ་ཧོ་བརྙན་འཁོར་སྤྱི་ཁྱབ་ཀུང་ཟིས་ཐད་ཀར་ཆིངས་ཡིག་བཞག་པ་དང་ཉི་ཧོང་སྐད་ཀྱི་བརྙན་འཁོར་འགྲེམ་སྤེལ་བྱས་པའི་ཀྲུང་གོའི་གླུ་མ་ཐོག་མའི་བོད་རིགས་བུ་མོ་ཞིག་ཡིན།

2007ལོའི་ཟླ11པའི་ཚེས21ཉིན་ཉི་ཧོང་དུ་ཐོག་མའི་རྐྱང་གཞས་ཤིག་ཕུལ་བ་ལས་གོམ་པ་དང་པོ་དངོས་སུ་སྤོ་མགོ་བརྩམས་ཤིང༌། 2009ལོར་མོའི་ཆེད་བསྒྲིགས་དགུ་བ་སྤེལ་ཏེ་ཉི་ཧོངOriconཡི་ཉིན་རེའི་ཚོང་ཚད་ལས་ཨང་དང་པོ་དང༌། གཟའ་རེའི་ཚོང་ཚད་ལས་ཨང་གཉིས་པ་བླངས་པར་བརྟེན། Oriconརུ་ཚད་མཐོར་ཚུད་པའི་ཀྲུང་གོའི་བོད་རིགས་གླུ་མ་ཞིག་ཏུ་གྱུར།
དེའི་རྗེས་ནས་ཉི་ཧོང་དུ་བསྟུད་མར་གླུ་གཞས་དང་ཆེད་བསྒྲིགས་གང་མང་སྤེལ་མྱོང་བ་དང༌།  ཧྥ་རན་སི་དང༌། ཨོ་སི་ཁྲུ་ལི་ཡ། ཐེ་ལན། ཨེ་ཅིབ། དབྱི་ཐ་ལི། སེང་ཀ་ཕོར། ཡོ་ནན། ཨ་རི་སོགས་རྒྱལ་ཁབ་གང་མང་དུ་བསྐྱོད་དེ་གླུ་གཞས་འཁྲབ་སྟོན་བྱས། མོའི་མཚན་སྙན་རྒྱས་པའི་སྟབས་ཀྱིས་གློག་བརྙན་གང་མང་གི་བརྗོད་དོན་གླུ་གཞས་ཀྱང་བླངས་མྱོང་ལ། འཛམ་གླིང་མི་རིགས་སོ་སོའི་མང་ཚོགས་ལས་མོའི་གླུ་གཞས་ལ་དགའ་བསུ་བྱེད་མཁན་ཤིན་ཏུ་མང་པོ་ཡོད་ཅིང་མོའི་སྙན་གྲགས་ཀྱི་བ་དན་རབ་ཏུ་གཡོ་བཞིན་ཡོད།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།