FriOctFri2019

སྤེལ་དུས་མཐའ་མ།09:45:57 AM GMT

རྩོམ་གསར།:

གཉན་པོ་གཡུ་རྩེའི་བུ་རྒྱུད་གླུ་བ་ཤེར་བསྟན་ངོ་སྤྲོད།

མགོ་ལོག་གླུ་བ་ཤེར་བསྟན།

གཉན་པོ་གཡུ་རྩེའི་བུ་རྒྱུད་དུ་གྲགས་པའི་མགོ་ལོག་གླུ་བ་ཤེར་བསྟན་ལགས་ནི་མགོ་ལོག་གཅིག་སྒྲིལ(གཉན་པོ་གཡུ་རྩེ)རྫོང་སྨིན་ཐང་ཡུལ་ཚོའི་འབྲོག་ཁྱིམ་ཕལ་བ་ཞིག་ཏུ(༡༩༨༡)ལོར་སྐྱེས།

ཆུང་དུས་ནས་གླུ་དང་རོལ་མོ་སོགས་ལ་ཐུན་མིན་གྱི་དུངས་ཞེན་ཟབ་མོ་མཆིས། ལོ་ན་བདུན་ཙམ་ནས་བཟུང་སྟེ་དཔེ་ཁུག་ལེབ་ལེབ་ཞིག་ཕྲག་ཏུ་གཟར་ཞིང་འབྲི་དེབ་འབྲི་སྨྱུག་སོགས་གྲོགས་སུ་བསྟེན་ནས་སྨིན་ཐང་ཡུལ་ཚོའི་བཅའ་སྡོད་སློབ་ཆུང་འགྲིམ་མགོ་བརྩམས། སློབ་གྲྭ་འགྲིམ་པའི་ཞོར་དུ་བྱམས་ལྡན་ཨ་མས་མཛུབ་ཁྲིད་ཀྱི་འོག་ནས་བོད་ཀྱི་པི་ཝང་རྡུང་ལེན་སྦྱང་མགོ་བཟུང་སྟེ་རྡུང་ལེན་ཕྱོགས་སུ་གོམ་པ་སྤོས། ཕྱིས་སུ་རྒན་རྡོ་རེ་ལགས་ཀྱི་མདུན་ནས་སྦྱང་བ་བྱས་ཏེ་བོད་ཀྱི་པི་ཝང་རྡུང་ལེན་ལེགས་པར་སྦྱངས་ནས་སྒྲ་སྙན་རྡུང་ལེན་གྱི་རྨང་གཞི་སྲ་བརྟན་དུ་བཏང༌།

ལོ་ངོ་བཅུ་གཉིས་སྟེང་མདོ་ཁམས་ཡུལ་གྱི་སྐབས་དང་པོའི་དམངས་གླུ་དང་རྡུང་ལེན་འགྲན་ཚོགས་ཁྲོད་དུ་རྡུང་ལེན་གྱི་བྱ་དགའ་ཨང་དང་པོ་ཐོབ༌།དེ་ནས་བཟུང་སློབ་གྲྭ་ཆུང་འབྲིང་གི་སློབ་ཞོར་དུ་རྡུང་ལེན་སྒྲ་ཐག་འགའ་འགྲེམ་སྤེལ་བྱས་པ་ལ་རྒྱ་ཆེའི་ཉན་མཁན་གྱིས་དགའ་བསུ་མི་དམན་པ་ཐོབ།སྤྱི་ལོ(༢༠༠༡)ལོར་མཚོ་སྔོན་ཞིང་ཆེན་མི་རིགས་སློབ་ཆེན་ནས་སློབ་མཐར་ཕྱིན་ཏེ་ཕྱིར་ཕ་ཡུལ་དུ་འབྱོར་རྗེས་རང་རྟོགས་སྒོས་གཟི་ཚ་སྡེ་དགུ་རུ་ཕྱིན་ནས་ལོ་ངོ་གཅིག་གི་དུས་ཡུན་བེད་སྤྱད་དེ་བོད་ཀྱི་གླུ་དང་གར་ལ་དངོས་སྦྱང་མི་དམན་པ་བྱས། སྤྱི་ལོ(༢༠༠༥)ལོར་གླུ་དབྱངས་ཆེད་སྒྲིག་ཐོག་མ་སྟེ།<ལས་འབྲས་ཀྱི་ཁ་དན>ཞེས་པ་མི་ཡུལ་ལ་སྐྱེས་སུ་ཕུལ།

སྤྱི་ལོ(༢༠༠༦)ལོར་ཨ་རི་རྒྱལ་ཁབ་ལ་ཕྱིན་ཏེ་རྒྱལ་ཁོངས་དེ་གའི་རིགས་གཅིག་སྤུན་ཟླ་སྤྱི་ལ་འཚམས་འདྲི་དང་གླུ་ངག་གཙང་མས་མཆོད་པ་ཕུལ། སྤྱི་ལོ(༢༠༠༨)ལོའི་ཟླ(༨)པར་རྩ་འཛུགས་རིམ་པས་བྱ་བའི་བསྐོ་བཞག་བྱས་པ་ལྟར་ཕ་ཡུལ་གཅིག་སྒྲིལ(གཉན་པོ་གཡུ་རྩེ)རྫོང་བོད་ཡིག་སློབ་འབྲིང་དུ་དངོས་སུ་དགེ་རྒན་གྱི་ལས་གནས་ལ་ཞུགས། ལས་ཞོར་དུ་སློབ་འབྲིང་ནང་ཁུལ་དུ་ཆེས་ཐོག་མའི་རིག་རྩལ་ཚོགས་ཆུང་ཞིག་བཙུགས་ཤིང་ད་ལྟ་ཡང་རྒྱུན་སྐྱོང་མུས་སུ་མཆིས། སྤྱི་ལོ(༢༠༠༨)ལོར་པེ་ཅིན་དེང་རབས་རོལ་དབྱངས་སློབ་གླིང་དུ་ཕྱིན་ནས་ལོ་གཉིས་ཀྱི་དུས་ཡུན་ལ་བོད་ཀྱི་རོལ་དབྱངས་ཐད་ཡིད་ཚིམ་པ་མེད་པར་སློབ་གཉེར་བྱས།

དེ་མིན་ཉེ་ཆར་གྱི<ཕ་སྐད་ཀྱི་རང་མདངས>དང་<མཐུན་སྒྲིལ་གྱི་རང་སྒྲ>སོགས་སྔ་རྗེས་སུ་སྒྲ་ཐག་དང་ཟེར་སྡེར་ལྔ་བཅུ་ལྷག་སྤེལ་མྱོང༌། ད་ལྟ་ཁོས་མགོ་ལོག་གཅིག་སྒྲིལ(གཡུ་རྩེ་རྫོང་)རིག་གནས་སྡེ་ཁག་ཏུ་ལས་ཞུགས་བྱེད་བཞིན་ཡོད་པ་དང༌། གངས་ལྗོངས་ཤེས་རིག་ཡར་སྐུལ་ཚོགས་པའི་རྒྱུན་ལས་པའི་འགན་ཡང་ཁུར་མུས་ལགས། མཇུག་མཐར་གཉན་པོ་གཡུ་རྩེའི་བུ་རྒྱུད་ལགས་ཀྱིས་བཤད་རྒྱུར(ཁོས་མ་འོངས་པར་མུ་མཐུད་དུ་བོད་རང་གི་ཕ་སྐད་དང་ཕ་ཡིག་གཙོ་སྙིང་དུ་བཟུང་བའི་ཐོག་ནས་མི་རིགས་མཐུན་སྒྲིལ་ཡར་རྒྱས་ལ་ཤུགས་སྣོན་ལས་རིགས་ཀྱི་ཕྱོགས་སུ་གོམ་གང་མཐུན་སྤོས་བྱེད་རྒྱུ་དང༌། མིའི་རིགས་ལ་རང་ནུས་གང་ཡོད་ཀྱིས་སྲི་ཞུ་བྱེད་པར་བརྩོན་རྒྱུ་ཡིན)ཟེར་བ་དེའོ།     །

ཡོང་ཁུངས་ཀྲུང་གོ་བོད་ཀྱི་དྲ་བའི་རོས་མོ།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།