FriOctFri2019

སྤེལ་དུས་མཐའ་མ།09:45:57 AM GMT

རྩོམ་གསར།:

རྒྱལ་སྤྱིའི་གླུ་གར་སྟེགས་བུ་ན་བརྗིད་ཉམས་ཀྱིས་འགྱིངས་པའི་བོད་ཀྱི་གླུ་བ་གཅིག་པུ་རྡོ་རྗེ་ཚེ་རིང༌།

རྡོ་རྗེ་ཚེ་རིང་གི་གླུ་ལེན་སྟངས་ནི་བོད་ན་སྔ་ན་མེད་པའི་ཕྱི་གླིང་གི་ལེན་སྟངས་ཤིག

རྡོ་རྗེ་ཚེ་རིང་ནི་ཕ་ཡུལ་བླ་བྲང་གི་ཡིན་ཞིང༌། ཁོ་ནི་རྒྱལ་སྤྱིའི་གླུ་གར་སྟེགས་བུ་ན་བརྗིད་ཉམས་ཀྱིས་འགྱིངས་པའི་བོད་ཀྱི་གླུ་བ་གཅིག་པུ་ཡིན་ལ།

ཁོའི་གླུ་ལེན་སྟངས་ནི་བོད་ན་སྔ་ན་མེད་པའི་ཕྱི་གླིང་གི་ལེན་སྟངས་ཤིག་སྟེ་སྐད་མཐོ་ལ་བསྐྱེད་ཆེ་བའི་རྔམ་བརྗིད་ཀྱི་ལེན་སྟངས་ཏེ་ཕྱི་སྐད་དུ་ཨོ་ཕུ་རཱ་(美声唱法)ཟེར་བའི་འཇམ་པའི་ལེན་སྟངས་དེ་ཡིན། དེ་བས་ཕྱི་ནང་གི་སྨྱན་བྱེད་སྡེ་ཁག་མང་བོ་ཞིག་གིས་ཁོ་ནི་བོད་ཀྱི་ཕ་བཱ་ལོ་རྡི་རེད་ཅེས་པའི་མཚན་སྙན་གནང་ཡོད། ད་ལྟ་བོད་ལྗོངས་སློབ་གྲྭ་ཆེན་མོའི་སྒྱུ་རྩལ་སློབ་གླིང་གི་སློབ་དཔོན་ཆེན་མོ་དང་རབ་འབྱམས་པའི་མཛུབ་སྟོན་དགེ་རྒན་གྱི་འགན་བཞེས་ཡོད།

༡༩༨༧ལོར་ནུབ་བྱང་མི་རིགས་སློབ་ཆེན་ནས་སློབ་མཐར་ཕྱིན་ཏེ་བོད་ལྗོངས་སློབ་གྲྭ་ཆེན་མོ་རུ་དགེ་རྒན་གྱི་བྱ་བ་གཉེར། ༡༩༩༢ལོ་ནས༡༩༩༣ལོའི་བར་ཀྲུང་དབྱང་བརྙན་འཕྲིན་ཁང་གིས་བསྒྲུབས་པའི་ན་གཞོན་གླུ་བའི་འགྲན་བསྡུར་ཁྲོད་ཁོས་ཆེད་ལས་འཇམ་པའི་ལེན་ཚུལ་གྱི་ཨང་གསུམ་པའི་བྱ་དགའ་བླངས། ༡༩༩༤ལོར་མཁའ་དམག་ཆབ་སྲིད་གླུ་གར་ཚོགས་པར་ཞུགས་པ་དང༌། དེ་ནས་བྱ་བ་སྒྲུབ་སྐབས་གླུ་ལེན་སློབ་གསོའི་དགེ་རྒན་ཆེན་མོ་ཅང་དབྱིན་དགེ་རྒན་དུ་བསྟེན་ཏེ་གླུ་ལེན་སྒྱུ་རྩལ་ལ་ལོ་གསུམ་རིང་སློབ་གཉེར་དཔྱིས་ཕྱིན་པ་གནང༌།

༡༩༩༧ལོར་དགེ་རྒན་གྱིས་མཚམས་སྦྱོར་བྱས་པ་ལྟར་ཧྥ་རན་སིའི་མཱ་སེ་གྲོང་ཁྱེར་དུ་སྤེལ་གྱིན་པའི་སྐབས་དྲུག་པའི་རྒྱལ་སྤྱིའི་གླུ་ལེན་འགྲན་བསྡུར་ལ་ཞུགས། སྐབས་དེའི་འགྲན་བསྡུར་ལ་བསྡོམས་པས་རྒྱལ་ཁབ་བཅུ་གསུམ་གྱི་གླུ་ལེན་ཆུ་ཚད་ཧ་ཅང་མཐོ་བའི་འགྲན་ཞུགས་མི་སྣ་བརྒྱད་ཅུ་གྱ་ལྔ་ཞུགས་ཡོད་ཅིང༌། ཁོས་རང་གི་ཐུན་མོང་མ་ཡིན་པའི་གླུ་སྐད་དང་ཞུམ་པ་མེད་པའི་སྙིང་སྟོབས་བཅས་ལ་བརྟེན་ནས་མཇུག་མཐར་འགྲན་བསྡུར་དེའི་ཨང་དང་པོའི་བྱ་དགའ་བླངས། དེ་ནས་རིང་བོ་མ་ལོན་པར་ཁོ་རང་ཨ་མེ་རི་ཀའི་ཁུ་ལོ་ལ་ཏོ་གླུ་གར་ཁང་དུ་ལོ་གཉིས་རིང་སློབ་སྦྱོང་བྱེད་པའི་སྐལ་བ་ལྡན་པར་མ་ཟད། ཨ་མི་རི་ཀའི་རྒྱལ་ནང་གི་ཆུ་ཚད་མཐོ་ཤོས་ཀྱི་འགྲན་ཚོགས་མང་པོར་ཞུགས་ནས་སྔ་གཞུག་ཏུ་ཨང་དང་པོའི་བྱ་དགའ་བསྟུད་མུར་ཐེངས་བདུན་ལ་བླངས།

ལོ་འགའི་རིང་ལ་ཁོས་འཛམ་གླིང་གི་གླུ་གར་ཁང་མང་བོ་དང་མཉམ་འབྲེལ་བྱས་ཏེ། གླུ་གར་མང་བོའི་ཁྲོད་ཁོས་གཙོ་འཁྲབ་པའི་འགན་ཁུར། གླུ་གར་ཁང་དེ་དག་ནི་ཨ་མེ་རི་ཀའི་ཁུན་ཐ་ཇུས་གླུ་གར་ཁང་དང་ནཱེ་ཧྭ་ཏཱ་གླུ་གར་ཁང༌། ཁུ་ལོ་ལཱ་ཏོ་གླུ་གར་ཁང༌། ཏཱ་ལ་སི་གླུ་གར་ཁང༌། ཧྥུ་ཐི་བོའུ་སི་གླུ་གར་ཁང༌། དེ་མིན་དབྱི་ཐ་ལིའི་བེ་ལོ་ནཱ་གླུ་གར་ཁང༌། དབྱི་ཐ་ལིའི་ལཱོ་མཱ་གླུ་གར་ཁང༌། ཁ་ན་ཏ་ཁེ་པེ་ཁུ་གླུ་གར་ཁང་དང་ཝུན་གུ་ཧྭ་གླུ་གར་ཁང་སོགས་སུ་འཁྲབ་སྟོན་བྱས་མྱོང་ལ། ཕྱིའི་རྒྱལ་ཁབ་ཀྱི་ལྟད་མོ་བའི་ཁོ་ལ་གདེངས་འཇོག་ཚད་མཐོན་པོ་གནང༌།

ཁོ་ཕྱི་རྒྱལ་གྱི་འཁྲབ་སྟོན་སྣ་ཚོགས་ལ་ཞུགས་པ་ལས་གཞན་རྒྱལ་ནང་གི་རིག་རྩལ་སྤྲོ་ཚོགས་ཆེན་མོ་དག་ལའང་ཞུགས་མྱོང༌། ཐེངས་མང་པོར་ཀྲུང་དབྱང་བརྙན་འཕྲིན་ཁང་གིས་བསྒྲུབས་པའི་ལོ་སར་སྤྲོ་ཚོགས་དང་ལེ་ཚན་མང་བོར་ཞུགས་མྱོང༌། ༡༩༩༧ལོར་ཞང་ཀང་ཕྱིར་མེས་རྒྱལ་གྱི་པང་དུ་ལོག་པའི་རིག་རྩལ་སྤྲོ་ཚོགས་ཆེན་མོར་ཞུགས་པ་དང༌། ༢༠༠༩ལོར་སློབ་གསོ་པུའུ་ཡི་ཀྲུང་གོ་སློབ་གསོ་སློབ་ཚོགས་ཀྱི་རོལ་མོ་ཚོགས་པས་གླུ་ལེན་ཨུ་ཡོན་ལྷན་ཚོགས་ཀྱི་རིག་གཞུང་ཨུ་ཡོན་ལ་བདམས། ༢༠༡༠ལོར་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྐྱོབ་དང་འཕེལ་རྒྱས་སློབ་ཚོགས་ཀྱི་ལས་འཛིན་པར་བདམས། ༢༠༡༡ལོར་རྒྱལ་ཡོངས་མཐོ་རིམ་སྒྱུ་རྩལ་སློབ་གླིང་གི་སྐབས་བཞི་བ་དང་ལྔ་བའི་གླུ་གར་འགྲན་བསྡུར་གྱི་དཔྱད་འདེམས་པར་བསྐོས་ཡོད།

འཇམ་པའི་ལེན་སྟངས་འདིས་མི་རིགས་ཤིག་གམ་རྒྱལ་ཁབ་ཅིག་གི་འཐུས་ཚབ་ཀྱི་གླུ་དབྱངས་ལེན་པར་ཐུན་མིན་གྱི་ཁྱད་ཆོས་ཤིག་དང་རྔམ་བརྗིད་ཀྱི་སྟོབས་ཤིག་ཡོད་པས་མི་ཚོགས་ཟིལ་གྱིས་གནོན་པའི་ལེན་སྟངས་ལེགས་པོ་ཞིག་རེད། ཡིན་ནའང་ཡིད་སྐྱོ་བ་ཞིག་ནི་རང་རེའི་བོད་ལ་ལེན་སྟངས་འདི་ལེན་ཤེས་པའི་མི་ཤིན་ཏུ་ཉུང་ཉུང་རེད། གལ་ཏེ་བོད་ལའང་རང་ཉིད་ཀྱི་འཐུས་ཚབ་བྱེད་ནུས་པའི་གླུ་གཞས་ཤིག་ཡོད་ཚེ་ལེན་སྟངས་འདི་བཀོལ་ནས་ལེན་ཐུབ་ན་ཅི་འདྲའི་བཟང་ཨང་སྙམ།།

ཡོང་ཁུངས་ཀྲུང་གོ་བོད་ཀྱི་དྲ་བའི་རོས་མོ།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།