MonAugMon2017

སྤེལ་དུས་མཐའ་མ།05:18:50 AM GMT

རྩོམ་གསར།:

གློག་འཁྱུག་ཐོགས་རྒྱག་ལ་ཞེད་དགོས་སམ།

འཛམ་གླིང་ཡོངས་སུ་ལོ་རེར་ཧ་ལམ་མི་གྲངས ༤༠༠༠ ཙམ་ཐོགས་བརྒྱབ་ནས་ཤི་ཡོད།

དབྱར་དུས་ཚ་བ་ཆེ་བའི་སྐབས་སུ་སྤྲིན་ནག་ལང་ལོང་འཕྱུར་བཞིན་གློག་དམར་འཁྱུག་པ་དང་འབྲུག་སྒྲ་ལྡིར་ལྡིར་སྒྲོགས་ཀྱི་ཡོད།

རང་རྒྱལ་གྱི་གནའ་དུས་སུ་མི་རྣམས་ཀྱིས་འབྲུག་སྒྲ་དང་གློག་དམར་འཁྱུག་པ་ནི་དཀོན་མཆོག་གིས་རྫུ་འཕྲུལ་བསྟན་པ་ཞིག་ལ་རྩི་ཤིང་ཐོག་བརྒྱབ་ནས་མི་ཤི་བ་དང་སྐྱོན་བྱུང་ན་རྒྱུ་འབྲས་མེད་པའི་མི་ལ་ཆད་པ་བཅད་པའི་ངོས་འཛིན་བྱེད་ཀྱི་ཡོད།

འོ་ན། གློག་འཁྱུག་ཐོགས་རྒྱག་དེ་གང་འདྲ་བྱས་ནས་གྲུབ་པ་ཡིན་ནམ་ཟེར་ན། གློག་འཁྱུག་ཐོགས་རྒྱག་ནི་སྤྱིར་བརླན་ཞིང་ཚ་བ་དང་ཤུགས་དྲགས་ཆེན་པོས་ཕན་ཚུན་བལྟོས་རྒྱུག་བྱེད་པའི་སྤྲིན་ཚོམ་གྱི་ཁྲོད་ནས་བྱུང་ཞིང་སྤྲིན་པའི་ནང་གི་ཆུ་ཐིགས་ཆུང་ཆུང་དེ་ཚོ་རིམ་བཞིན་ཕན་ཚུན་ཐུག་པ་དང་མཉམ་སྒྲིལ་བྱས་ཏེ་ཆུ་ཐིགས་ཆེན་པོར་འགྱུར་གྱི་ཡོད་ཅིང་སྤྲིན་པའི་ནང་གི་མཐོ་སར་རྒྱུག་པའི་རླུང་རྒྱུན་གྱིས་མར་བབས་བཞིན་པའི་ཆུ་ཐིགས་ཆེན་པོ་གཏོར་གྱི་ཡོད། སྤྱིར་ཆུ་ཐིགས་ནས་གློག་མངོན་གྱི་མེད་རུང་ཆུ་ཐིགས་ཀྱི་ལྟེ་བར་ཕོ་གློག་དང་། ཕྱིའི་རིམ་པར་མོ་གློག་ཡོད་ཅིང་དེ་གཉིས་ཀྱི་གློག་ཚད་མཉམ་པ་ཡིན།

མཐོ་རྒྱུག་རླུང་རྒྱུན་གྱིས་གཏོར་བའི་ཆུ་ཐིགས་རྣམས་ཆེ་ཆུང་མི་འདྲ་བའི་ཆུ་ཐིགས་ཆགས་པ་དང་། ཆུ་ཐིགས་ཆེ་བ་ཅུང་ལྗིད་པོ་ཡོད་པས་ཕོ་གློག་གནས་ཤིང་། མཐོ་རྒྱུག་རླུང་རྒྱུན་གྱིས་ཡར་བཀྱག་ནས་སྤྲིན་པའི་མཐིལ་ཞབས་སུ་དེད་པ་དང་། ཆུ་ཐིགས་ཆུང་ཆུང་དེ་ཚོ་ཅུང་ཡང་བ་དང་མོ་གློག་གནས་ཤིང་སྤྲིན་ཚོམ་གྱི་སྟེང་ཕྱོགས་སུ་དེད་པ། སྤྲིན་རྩེར་གནས་པའི་འཁྱགས་ཟིལ་ལ་ཕོ་གློག་གནས་ཡོད།

དེ་འདྲ་བྱས་ཏེ་ཐོག་ཆར་སྤྲིན་པའི་ནང་དུ་གློག་གནས་ས་ཁག་གསུམ་ཡོད་སྟེ། སྤྲིན་པའི་རྩེར་ཕོ་གློག་དང་། བར་དུ་མོ་གློག་སྤྲིན་པའི་མཐིལ་གྱི་མཐོ་རྒྱུག་རླུང་རྒྱུན་ཤུགས་ཆེ་སར་ཕོ་གློག་གནས་ཡོད། སྤྲིན་པའི་ནང་གི་རླུང་རྒྱུན་བར་མ་ཆད་པར་མཐོ་སར་རྒྱུག་པ་དང་གློག་འབྱེད་ཤུགས་ཀྱང་ཇེ་ཆེར་སོང་སྟེ་ཕོ་གློག་དང་མོ་གློག་གསོག་སྐྱིལ་བྱས་ཏེ་ཚད་ངེས་ཅན་ཞིག་ལ་སླེབས་དུས་ཕོ་གློག་དང་མོ་གློག་དབར་འཐེན་ཤུགས་ཆེན་པོ་ཆགས་པ་དང་མཁའ་རླུང་གིས་བཀག་འགོག་གཏོར་ནས་མཉམ་དུ་འབྲེལ་གྱི་ཡོད། གློག་ཕོ་མོ་ཕན་ཚུན་ཐུག་དུས་གློག་ཤུགས་ཆེན་པོ་ཡོད་པ་དང་མིག་ལ་གཟན་པའི་མེ་སྟག་ཐོར་བ་དེ་ནི་གློག་འཁྱུག་པ་རེད། གློག་འཁྱུག་སྐབས་ཚ་དྲོད་འབོར་ཆེན་ཡོད་པས་མཁའ་རླུང་ཤུགས་ཆེན་ངང་རྒྱས་པ་དང་དེ་མུར་མྱུར་བར་ཆུང་དུ་སོང་སྟེ་ལྡིར་སྒྲ་སྒྲོགས་ཀྱི་ཡོད་པས་དེ་ནི་འབྲུག་སྐད་རེད།

འོད་ཀྱི་མྱུར་ཚད་ནི་སྒྲའི་མྱུར་ཚད་ལས་ཀྱང་མགྱོགས་པ་ཡོད་སྟབས་ང་ཚོའི་མིག་ལམ་དུ་སྔོན་ལ་གློག་འཁྱུག་པ་མཐོང་ཞིང་དེ་རྗེས་གཞི་ནས་འབྲུག་སྐད་རྒྱག་པ་ཐོས་ཐུབ། ཐོག་རྒྱག་པའི་གནས་ཚུལ་རྟག་པར་ཡོང་གི་ཡོད་ཅིང་། ཨ་མེ་རི་ཁའི་འབྲེལ་ཡོད་ཚན་པས་བསྡོམས་རྩིས་བྱས་པར་གཞིགས་ན་རྒྱལ་ཁབ་དེར་ཆ་སྙོམས་བྱས་ན་ལོ་རེའི་ནང་མི་གྲངས ༡༠༠ ཐོག་རྒྱབ་ནས་ཤི་བ་དང་མི་གྲངས ༢༥༠ ཐོག་རྒྱབ་སྟེ་རྨས་པའི་གནས་ཚུལ་བྱུང་ཡོད་པ་རེད། འཛམ་གླིང་ཡོངས་སུ་ལོ་རེའི་ནང་ཧ་ལམ་མི་གྲངས ༤༠༠༠ ཙམ་ཐོགས་བརྒྱབ་ནས་ཤི་ཡོད་པ་རེད།

རང་རྒྱལ་གྱི་ཧུའུ་ནན་སོགས་ས་ཁུལ་དུ ༡༩༨༦ ལོའི་ཟླ ༤ བའི་ཚེས ༢༤ ཉིན་གློ་བུར་དུ་སྤྲིན་ནག་ལང་ལོང་འཁྲིགས་ཤིང་ཆར་རླུང་ལྡང་བ་དང་གློག་འཁྱུག་ཞིང་འབྲུག་སྐད་བརྒྱབ་པ་མ་ཟད་གློག་དམར་དྲག་པོའི་ཁྲོད་ནས་རྣ་བར་ཧ་ཅང་གཟན་པའི་འབྲུག་སྒྲ་ལྡིར་ལྡིར་བྱས་ཏེ་ཤང་གསུམ་དང་གྲོང་ཚོ་དྲུག་ཟང་ཟིང་གནས་སུ་གྱུར་བ་དང་འབྲུག་སྒྲ་དང་ཆར་བའི་ཁྲོད་དུ་ངུ་འབོད་ཀྱི་སྐད་སྒྲས་ཁེངས་ཤིང་ཐོག་བརྒྱབ་ནས་མི་བདུན་རང་སར་ཤི་བ་དང་མི་བཅུ་རྨས་ཡོད་ཅིང་དེའི་ནང་ནས་མི་གསུམ་ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད།

ཡོང་ཁུངས། མཚོ་སྔོན་པོ་དྲ་བ།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།