WedDecWed2017

སྤེལ་དུས་མཐའ་མ།08:20:03 AM GMT

རྩོམ་གསར།:

རྩིས་འཁོར་དུག་སེལ་ESET NOD32 Antivirus ཕབས་ལེན་དང་གསང་ཨང་།

མཉེན་ཆས་གཞན་ལས་ལྡབ་འགྱུར་གྱི་ཡངས་བའི་(NOD32)།

NOD32 ནི་སྐར་ཁུང་མ་ལག་གི་དུག་འགོག་མཉེན་ཆས་ལེགས་གྲས་ཞིག་ཡིན།

འདི་ལོ་སྐར་ཁུང་མ་ལག་ཐོག་རང་བསྒྲིགས་སུ་ཡོད་པའི་དུག་འགོག་མཉེན་ཆས་ Microsoft Security Essential ཟེར་བའམ་སྐར་ཁུང་ 8 ནང་ Window Defender ཟེར་བ་དེས་དུག་འགོག་གི་ནུས་པ་ཆུང་བ་ཤེས་ཕྲལ་འདི་ལོའི་ལོ་སྟོད་ནས་ NOD32 སྤྱོད་འགོག་བཙུགས་ཡིན། དུག་འགོག་མཉེན་ཆས་ཀྱི་དཔྱད་རྩོམ་འདི་ལ་གཟིགས།

NOD32 ཐོག་མར་ཕྱི་ལོ་ 2008 ལོར་དྷ་ཤོད་བོད་ཁྱིམ་སློབ་གྲྭའི་ནང་བེད་སྤྱོད་བྱེད་མྱོང་། སྐབས་དེ་དུས་སློབ་གྲྭའི་གློག་ཀླད་ཕལ་ཆེ་བ་ཤུགས་ཚད་ཆུང་ཆུང་རེད། དེ་དུས་དུག་འགོག་མཉེན་ཆས་མང་པོ་ཡོད་ཀྱང་། དེ་དག་ཕལ་ཆེ་བས་གློག་ཀླད་ཀྱི་ནུས་པ་ཟ་བ་དང་། གློག་ཀླད་དལ་དུ་གཏོང་གི་འདུག །འོན་ཀྱང་ NOD32 དེས་མཉེན་ཆས་གཞན་ལས་ལྡབ་འགྱུར་གྱི་ཡངས་བ་དང་། གློག་ཀླད་ནང་སྒྲིག་འཇུག་བྱེད་ནས་ནད་དུག་གི་དཀའ་ཚེགས་ཧ་ལམ་ཕྲད་མེད་པ་ལྟ་བུ་རེད།

ད་ལྟའི་ཆར་ NOD32 ནི་སྔ་ལྟར་མིང་གྲགས་ལྡན་ལ་ད་དུང་རྩིས་འཁོར་(window, Linux, Mac )དང་དྲ་ཐོག ཁ་པར་(Window Mobile, Android)རིགས་འདྲ་མིན་ཆེད་དམིགས་བཀར་གྱི་ནད་དུག་གཙང་བཟོའི་མཉེན་ཆས་སྣ་མང་བཟོ་བསྐྲུན་དང་རྒྱབ་སྐྱོར་གྱི་ལས་གྲྭ་འགྲོ་མུས་རེད། གལ་ཏེ་ཁྱེད་ཀྱང་མཉེན་ཆས་དེ་རྩིས་འཁོར་ནང་སྒྲིག་འཇུག་དང་། རིན་མེད་དུ་སྤྱོད་འདོད་ན་གཤམ་གྱི་འགྲོ་སྟངས་ལྟར་གྱིས།

སྐར་ཁུང་ཆེད་དུ་ NOD32 ལ་རིགས་གཉིས་ཡོད། དེ་གཉིས་ལས་གང་རུང་གཅིག་གློག་ཀླད་ནང་སྒྲིག་འཇུག་བྱོས།

1. ESET NOD32 Antivirus
2. ESET NOD32 Smart Security

འདིར་བསྣུན་དེ་ཕབལ་ལེན་བྱོས།

གློག་ཀླད་ཆེད་ NOD32 མཉེན་ཆས་དེ་སྒྲིག་འཇུག་ཟིན་པ་དང་། ཟླ་བ་གཅིག་གི་ཚོད་ལྟའི་དུས་ཚོད་ཡོད། ཚོད་ལྟའི་དུས་ཚོད་ཟེར་ཡང་དུག་འགོག་མཉེན་ཆས་ཀྱི་ནུས་པ་ཆ་ཚང་ལྡན་པ་དང་། དུས་ཡུན་དེའི་རིང་ update བྱེད་ཐུབ། ཟླ་བ་གཅིག་གི་དུས་ཚོད་རྫོགས་པ་དང་། འདིར་བསྣུན་ནས་ཡང་བསྐྱར་ཟླ་བ་གཅིག་གི་ཚོད་ལྟའི་དུས་ཡུན་གྱི་གསང་ཨང་ལོན་ནས་བཅུག་རྒྱུ་ཡོད། དེ་ལྟར་ཟླ་བ་གཅིག་གཅིག་དུས་ཡུན་སྲིང་ནས་རིན་མེད་ཐོག་ NOD32 དེ་སྤྱོད་ཐུབ།

སྐབས་རེ་དྲ་ཚིགས་དི་ནས་ལོ་གཅིག་གི་དུས་ཡུན་སྲིང་ཐུབ་པའི་གསང་ཨང་རགས་ཀྱི་འདུག དྲ་ཚིགས་འདི་ནས་གསང་ཨང་གསར་པ་ཉིན་རེ་བཞིན་སྤེལ་གྱི་འདུག །གལ་ཏེ་དེ་རིང་གི་གསང་ཨང་དེ་དག་བེད་སྤྱོད་མ་བྱུང་ནང་སང་ཉིན་གྱི་གསང་ཨང་དེ་དག་ཚོད་ལྟ་ཞིག་བྱེད་དང་། རླུང་རྟ་རྒྱུགས་སྲིད།

ཡོང་ཁུངས། བསོད་ནམས་ཟླ་བའི་དྲ་བ།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།