TueOctTue2017

སྤེལ་དུས་མཐའ་མ།09:34:26 AM GMT

རྩོམ་གསར།:

སྐར་ཁུང་མ་ལག་གི་དུག་འགོག་མཉེན་ཆས་རང་གྲུབ། MSE/Window Defender

དུག་འགོག་མཉེན་ཆས་ལེགས་ཤོས་ཞིག་ངོ་སྤྲོད།

ཆ་འཕྲིན་ལག་རྩལ་ཐོག་བཞུགས་མྱོང་བ་ཀུན་གྱི་འདོགས་ཟོན་བྱེད་ས་གཏེ་བ་ནི་དྲ་དུག་དང་གསང་འཛུལ་གྱིས་ཡིག་ཆ་བརྐུ་ཤོར་བ་སོགས་ཡིན།

རྩིས་འཁོར་ནང་དྲ་དུག་རིགས་འཛུལ་ཤོར་ན་རྩིས་འཁོར་གྱི་ཁྱོན་ཡོངས་ཀྱི་ནུས་པ་འགོག་རྐྱེན་སྤྲད་པ་དང་། ཡིག་ཆ་བརླག་པ་དང་མཉེན་ཆས་རིགས་ཁ་མི་འབྱེད་པ་སོགས་མགོ་བོ་ན་དགོས་པ་བཟོ་ཡི་ཡོད། དཀའ་ངལ་དེ་དག་མི་ཡོང་བའི་སྔོན་འགོག་ནི་རང་ཉིད་ཀྱི་རྩིས་འཁོར་ནང་དུག་འགོག་མཉེན་ཆས་ཡག་པོ་ཞིག་དགོས་རྒྱུ་ནི་ཀུན་གྱི་ཤེས་བསལ་རེད། ད་རེས་གུས་པས་རང་ཉིད་ཀྱི་ལོ་མང་ཉམས་མྱོང་དང་བེད་སྤྱོད་བྱེད་པའི་རྒྱུད་ཁྱེད་རྣམས་ལ་དུག་འགོག་མཉེན་ཆས་ལེགས་ཤོས་ཞིག་ངོ་སྤྲོད་ཞུ་འདོད་བྱུང་།

འདི་ནི་ Microsoft Security Essential ཞེས་པ་དེ་ཡིན། བསྡུས་ཡིག་ཐོག་ MSE བྲིས་སྲོལ་ཡོད། MSE ནི་ཕྲ་རྡུལ་མཉེན་ཆས་ཆེད་ཚོང་ཁང་གིས་བཟོས་པ་ཞིག་ཡིན། ཕྱི་ལོ་ ༢༠༠༨ ཟླ་ ༡༡ ཚེས་ ༡༨ ཉིན་སྐར་ཁུང་Window XP SP3 ནང་རང་བསྒྲིགས་ཐོག་བཅུག་ཡོད་པའི་དུག་འགོག་མཉེན་ཆས་དང་པོ་དང་རིན་མེད་ཡིན་པའི་གསལ་བསྒྲགས་སྤེལ་བ་རེད། བྱས་སྟངས་དེས་ཐོག་མར་དུག་འགོག་མཉེན་ཆས་བཟོ་བསྐྲུན་བྱེད་མཁན་སྐད་གྲགས་ཆེ་བ་ Symantec དང་ McAfee,  Kaspersky, Nod32, AVG, Avast, Sophos, Trend Micro སོགས་ཀྱིས་དེའི་ཐོག་བསམ་ཚུལ་འདྲ་མིན་བྱུང་ཡོད། འགའ་ཞིག་གིས་དེ་ནི་ Microsoft གྱིས་ཁོང་ཚོའི་ཚོང་གི་མཁེ་ཕན་ལ་གྱོང་གུན་འགྲོ་གཞིར་མཐོང་ཏེ་ཁྲིམས་བཏུགས་བྱས་ཡོད་པ་དང་འགའ་ཞིག་གིས་ MSE འདིའི་དུག་འགོག་གི་ནུས་ཤུགས་དང་དུག་བཤེར་གྱི་མྱུར་ཚད་ལ་འདེངས་འཇོག་དང་དགའ་བསུ་ཡང་ཐོབ་ཡོད།

གུས་པར་མཚོན་ན་ MSE དུག་འགོག་མཉེན་ཆས་འདི་རྩིས་འཁོར་ཆེད་ཡང་བ་དང་བེད་སྤྱོད་བཏང་ནས་ལོ་གསུམ་ལྷག་འགྲོ་གི་འདུག །དེའི་རིང་རྩིས་འཁོར་ནང་དྲ་དུག་རིགས་ཡོད་ན་ལམ་སེང་གཙང་སེལ་ཐད་ཀར་བྱེད་པ་ལས་དྲ་དུག་གིས་རྐྱེན་པའི་དཀའ་ཚེགས་རིགས་གང་ཡང་མ་བྱུང་། གཞུང་དང་སྒེར་གྱི་རྩིས་འཁོར་བརྒྱ་ཕྲག་ལྷག་གི་ནང་ MSE བཅུག་ཡོད་པས་བློ་གཏད་མཆོག་པའི་དུག་འགོག་མཉེན་ཆས་ཡག་ཤོས་སུ་མཐོང་།

MSE དུག་འགོག་མཉེན་ཆས་ནི་རིན་མེད་ཐོག་འཕབ་ལེན་བྱས་མཆོག་པ་དང་སྐར་ཁུང་མ་ལག་ WindowXP SP3 དང་ Window Vista, Window7 ནང་བཅུག་ཐུབ། ཉེ་ཆར་གསར་དུ་སྤེལ་བའི་སྐར་ཁུང་མ་ལག་ Window8 ལ་རང་བསྒྲིགས་ཐོག་དུག་འགོག་མཉེན་ཆས་དེ་རང་རིན་མེད་ཐོག་བཅུག་ཡོད་ཀྱང་ MSE འབོད་རྒྱུའི་ཚབ་ཏུ་ Window Defender ཞེས་མིང་བཏགས་ཡོད།

Microsoft Security Essential ཕབས་ལེན་དགོས་ན་འདིར་གནོན།
Microsoft Security Essential Defintion(update) ཕབས་ལེན་དགོས་ན་འདིར་གནོན།

སྐར་ཁུང་བདུན་པའི་ནང་ Microsoft Security Essential ཇི་ལྟར་འཇུག་སྟངས་འདིར་བསྣུན་དེ་བརྙན་ཟློས་ལ་གཟིགས།

ཡོང་ཁུངས། བསོད་ནམས་ཟླ་བའི་དྲ་བ།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།