WedJunWed2020

སྤེལ་དུས་མཐའ་མ།03:57:53 AM GMT

རྩོམ་གསར།:

རྩིས་འཕྲུལ་ནད་དུག་སྐོར་གྱི་ཤེས་བྱ་ཕྲན་བུ།

རྩིས་འཕྲུལ་ནད་དུག་སྐོར་གྱི་ཤེས་བྱ་ཕྲན་བུ།

རྩིས་འཕྲུལ་གྱི་ནད་དུག་ལ་ཁྱད་ཆོས་གསུམ་ཡོད་དེ། གཅིག་ནི་གཏོར་བཤིག་གི་རང་བཞིན་ལྡན། ནད་དུག་གིས་རྒྱུན་ལྡན་བྱ་རིམ་ལ་བཟོ་བཅོས་བྱས་ཏེ། སྔར་ཡོད་ནུས་པར་གཏོར་ཤིག་བཏང་ནས། རྩིས་འཁོར་ལ་ནོར་འཆུག་གི་བརྡར་ཤ་གཅོད་པར་གནོད་པ་བྱས་ནས་དཔག་དཀའ་བའི་གནོད་སྐྱོན་བཟོ་བཞིན་ཡོད།

རྩིས་འཕྲུལ་གྱི་ནད་དུག་ལ་ཁྱད་ཆོས་གང་དག་ཡོད།

གཉིས་ནི་འགོས་པའི་རང་བཞིན་ལྡན། ནད་དུག་གིས་ཁོ་རང་ཉིད་རྒྱུན་ལྡན་བྱ་རིམ་ཁྲོད་དུ་སྐྱར་བཟོ་བྱས་ཏེ། དེ་དག་གིས་རྒྱུན་ལྡན་ལྟར་བྱ་བ་སྒྲུབ་མི་ཐུབ་པ་ཞིག་ཏུ་བསྒྱུར་བཞིན་ཡོད། གལ་ཏེ་ནད་དུག་ཡོད་པའི་མཉེན་སྡེར་ཞིག་བཀོལ་སྤྱོད་བྱས་ན་རྩིས་འཁོར་ལ་ནད་དུག་འགོས་སྲིད། ནད་དུག་མེད་པའི་མཉེན་སྡེར་ཞིག་ནད་དུག་ཡོད་པའི་རྩིས་འཁོར་དུ་བཀོལ་སྤྱོད་བྱས་པ་ན། དེ་ལ་ཡང་ནད་དུག་འགོས་སྲིད། ནད་དུག་ཡོད་པའི་རྩིས་འཁོར་གྱི་དྲ་རྒྱར་སྦྲེལ་བའི་རྩིས་འཁོར་ལའང་ནད་དུག་བསྒོ་སྲིད། གསུམ་ནི་ཡིབ་པའི་རང་བཞིན་ལྡན། ནད་དུག་དེ་ཉིན་འགའ་འམ་ཐ་ན་ལོ་འགའ་རུ་རྒྱུན་ལྡན་གྱི་བྱ་རིམ་ནང་སྦ་བསྐུངས་བྱས་ཏེ་མི་འཕར་བར་ཡིབ་ནས་བསྡད་ཡོད། ནམ་ཞིག་གི་དུས་ལ་བབས་ཚེ་མེ་རྟ་ལ་མེ་འབར་བ་བཞིན་འབར་འགད་འབྱུང་བ་སྟེ། དཔེར་ན་དུས་ཚོད་ངེས་ཅན་ཞིག་ལ་གཏོར་བརླག་གཏོང་ངེས་སོ། །

རྩིས་འཕྲུལ་ནད་དུག་ལ་རིགས་མང་པོ་ཡོད།

ད་ལྟ་འཛམ་གླིང་ཡོངས་སུ་ནད་དུག་ཁྲི་ ༢༠ ལྷག་ཙམ་ཡོད། གཙོ་བོ་གཤམ་གྱི་ནད་དུག་རིགས་ལྔ་སྟེ། གཅིག་ནི་འདྲེན་སྐུལ་རང་བཞིན་ལྡན་པའི་ནད་དུག་ཡིན། དེས་གཙོ་བོ་མཉེན་སྡེར་དང་སྲ་སྡེར་གྱི་འདྲེན་སྐུལ་ཁོངས་ལ་ནད་དུག་འགོ་རུ་འཇུག གཉིས་ནི་ལག་བསྟར་བྱེད་རུང་བའི་ཡིག་ཆའི་ནད་དུག་ཡིན། དེས་གཙོ་བོ་ལག་བསྟར་བྱེད་རུང་བའི་ཡིག་ཆ་ལ་ནད་དུག་འགོ་རུ་འཇུག གསུམ་ནི་ཆེ་མཐོང་གི་ནད་དུག་ཡིན། དེ་ནི་ཆེ་མཐོང་སྐད་བརྡ་སྤྱད་ནས་སྒྲིག་བཀོད་བྱས་པའི་ནད་དུག་ཡིན། བཞི་ནི་མཉམ་བསྲེས་ཅན་གྱི་ནད་དུག་ཡིན། དེ་ནི་གོང་གསལ་གྱི་ནད་དུག་རིགས་གསུམ་མཉམ་བསྲེས་ཀྱིས་བྱུང་བ་ཡིན། ལྔ་ནི Internet སྐད་བརྡའི་ནད་དུག་ཡིན། དེ་ནི java, VB སོགས་ཀྱིས་བྲིས་པའི་ནད་དུག་ཡིན་ལ། Internet དྲ་རྒྱ་བརྒྱུད་ནས་གསང་བའི་ཆ་འཕྲིན་རྐུ་འཁྱེར་བྱེད་པ་དང༌། ཐ་ན་གློག་ཀླད་འཁོར་མཚམས་ཆད་དུ་འཇུག་གོ །

རྩིས་འཕྲུལ་གྱི་ནད་དུག་འབྱུང་བའི་རྒྱུ་མཚན་ཅི།

མིའི་ལུས་ཁམས་ཀྱི་ནད་དུག་མང་ཆེ་བ་ནི་རང་བཞིན་དུ་འབྱུང་བ་འཁྲུག་ནས་བྱུང་བའམ་ཡང་ན་འཕོ་འགྱུར་བྱས་ནས་བྱུང་བ་ཞིག་ཡིན། ཡིནའང་རྩིས་འཁོར་གྱི་ནད་དུག་ནི་དེ་འདྲ་ཞིག་མ་རེད། རྩིས་འཁོར་ནད་དུག་ནི་ཤེས་བྱ་ལ་བྱང་ཆུབ་པའམ་ལས་རིགས་བྱེད་སྒོའི་སྤྱོད་པ་ཐ་ཤལ་དུ་གྱུར་པའི་མི་ཁ་ཅིག་གིས་རྐང་བཙུགས་ནས་སྒྲིག་བཟོ་བྱས་པའི་བྱ་རིམ་ཞིག་ཡིན། མི་དེ་དག་ལས་ཁ་ཤས་ཀྱིས་ཐལ་དྲགས་པའི་ཀུ་རེ་རྩེད་ཆེད་དང༌། ཁ་ཅིག་གིས་རང་ཉིད་ཀྱི་འཇོན་ཐང་ངོམ་ཕྱིར་བྱ་རིམ་དེ་བསྒྲིགས་རྗེས་དེ་དག་རྩིས་འཁོར་རམ་མཉེན་སྡེར་དུ་ནང་འཇུག་བྱས་ཤིང༌། ནམ་ཞིག་གི་ཚེ་རྩིས་འཁོར་དུ་བྱ་རིམ་དེ་དག་འཁོར་སྐྱོད་བྱས་ནས། ནད་དུག་འགོས་ནས་རྒྱུན་ལྡན་ལྟར་ལས་ཀ་སྒྲུབ་ཐབས་མེད་པ་འབྱུང་གིན་ཡོད་པ་རེད། རྩིས་འཁོར་གྱི་ནད་དུག་ཆེས་ཐོག་མ་དེ་ཨ་རིར་བྱུང་ཞིང༌། དེ་ནས་ཉིན་རེ་བཞིན་ས་ཁྱབ་རྡོ་ཁྱབ་ཏུ་ཕྱིན་པ་དང་བསྟུན་ནས། འཛམ་གླིང་གི་ཡུལ་གྲུ་སོ་སོར་ཕལ་ཆེར་ནད་དུག་གསར་པ་འབྱུང་སྲིད། ད་ལྟ་ཤེས་པའི་རྩིས་འཁོར་གྱི་ནད་དུག་ལ་རིགས་ཁྲི་ ༢༠ ཡོད་ཅེས་བཤད།

རྩིས་འཕྲུལ་གྱི་ནད་དུག་དེ་སྔོན་འགོག་བྱེད་ཐུབ་བམ།

མི་ལུས་ཀྱི་ནད་ཡམས་ནི་འགོག་བཅོས་བྱས་ཆོག་ལ། དེ་བཞིན་དུ་རྩིས་འཁོར་གྱི་ནད་དུག་ཀྱང་སྔོན་འགོག་བྱས་ཆོག་པ་ཞིག་ཡིན། རྩིས་འཁོར་གྱི་ནད་དུག་སྔོན་འགོག་བྱེད་པའི་ཐབས་ལམ་ནི་ནད་དུག་དང་རྩིས་འཁོར་བར་གྱི་འབྲེལ་བ་གཅོད་ཐབས་བྱ་རྒྱུ་དེ་ཡིན། རྩིས་འཁོར་ནད་དུག་གིས་འཇབ་རྒོལ་བྱེད་པའིཐབས་ལམ་ནི་གཙོ་བོ་ནད་དུག་ཡོད་པའི་སྡུད་སྡེར་རམ་དྲ་རྒྱའི་བྱ་རིམ་ལ་བརྟེན་གྱི་ཡོད་པ་རེད། ནད་དུག་སྔོན་འགོག་བྱེད་ཆེད་གར་ཡོང་ཆ་མེད་ཀྱི་མཉེན་སྡེར་སྤྱོད་དུས་ངེས་པར་གཟབ་གཟབ་བྱེད་དགོས། དེར་ཞིབ་བཤེར་ནན་མོ་མ་བྱས་ན་རང་གི་འཕྲུལ་ཆས་སྟེང་བཀོལ་མི་རུང༌། དེ་མིན་ད་དུང་དུས་བཅད་ལྟར་རྩིས་འཁོར་སྟེང་དུག་སེལ་མཉེན་ཆས་བཀོལ་སྤྱོད་བྱས་ནས། དུག་སེལ་བྱས་ནའང་ཕན་ནུས་ལྡན་པའི་ངང་ནད་དུག་སྔོན་འགོག་བྱེད་ཐུབ།

དུག་སེལ་མཉེན་ཆས་ངོ་སྤྲོད་རགས་ཙམ།

གནོད་བཏུབ།(诺顿)

ཨ་རིའི་ Symantec ཚོང་ཁང་ཐོན་རྫས་ཡིན་ལ། གོ་ལ་ཧྲིལ་བོར་ཆེས་མཚན་སྙན་ལྡན་པའི་དུག་སེལ་མཉེན་ཆས་ཀྱི་གྲས་ཤིག འདི་བཀོལ་བདེ་ལ་སྤྱི་བཀོལ་རང་བཞིན་ལྡན་པ། དུག་སེལ་ལས་རིགས་ཐད་དུ་ཕྱོགས་ཡོངས་ནས་ལག་རྩལ་དང་གོ་གནས་ལྡན་པའི་མཉེན་ཆས་ལེགས་ཤོས་ཤིག

གསེར་རི་དུག་རྒྱལ། (金山毒霸)

འདི་ནི་ཀྲུང་གོ་རྒྱལ་ནང་གི་གསར་སྤེལ་བྱས་པའི་མིང་གྲགས་ཅན་གྱི་མཉེན་ཆས་ཁག་གསུམ་གྱི་གྲས་ཤིག་ཡིན། མཉེན་ཆས་འདི་བཟོ་མཁན་གྱི་མིང་ལ་གསེར་རི་ཀུང་སི་ཟེར་ལ། གསར་སྤེལ་བྱེད་པའི་དུས་ཚོད་ཅུང་འཕྱི་ན་ཡང་ལག་རྩལ་དང་དངོས་ཤུགས་ཕྱོགས་ཡོངས་ཀྱི་སྟོབས་ཤུགས་ཆེ་བས་འཕེལ་རྒྱས་ཀྱི་གོམ་སྟབས་ཤིན་ཏུ་མགྱོགས།

ཁཱ་ཧྥས་ཉོ། (买咖啡)

ཨ་རིར་མཚན་སྙན་ཤིན་ཏུ་ཆེ་བའི་རྩིས་འཁོར་དུག་སེལ་མཉེན་ཆས་རིགས་ཤིག།

ཁཱ་པ་སི་ཆས། (卡巴斯基)

འདི་ནི་ཨུ་རུ་སི་རྒྱལ་ཁབ་ནས་གསར་སྤེལ་བྱས་ལ་མཚན་སྙན་ཆེ་བའི་མཉེན་ཆས་ཤིག ནད་དུག་གསོད་པའི་ནད་རིགས་སྣ་ཚོགས་ངོས་འཛིན་གྱི་གྲངས་ཅུང་མཐོ་ལ་སྐབས་འགར་རང་ཉིད་ཀྱི་ཡིག་ཆ་ཡང་མེད་པར་བཟོ་སྲིད།

དོམ་ཁྲ་སྲུང་དམག (熊猫卫士)

འདི་ནི་སེ་ཕེན་དང་ཨོ་གླིང་ས་ཁུལ་དེར་ཆེས་མཚན་སྙན་ཆེ་བའི་དུག་སེལ་མཉེན་ཆས་ཀྱི་གྲས་ཤིག་ཡིན།

འཁོར་ཕྱོགས། (趋势)

འདི་ནི་ཀྲུང་གོའི་ཐེ་ཝན་ནས་གསར་སྤེལ་བྱས་ལ་ས་ཁུལ་དེར་ཆེས་མཚན་སྙན་ཆེ་བའི་དུག་སེལ་མཉེན་ཆས་ཀྱི་གྲས་ཤིག མཉེན་ཆས་འདི་བཀོལ་མཁན་མང་ཕྱོགས་ཉི་ཧུང་རྒྱལ་ཁབ་ཡིན།

བཀྲ་སྐར། (瑞星)

མཉེན་ཆས་འདི་ནི་ཀྲུང་གོ་རྒྱལ་ནང་གི་དུག་སེལ་མཉེན་ཆས་མིང་གྲགས་ཅན་རིགས་གསུམ་གྱི་གྲས་ཤིག རྒྱལ་ནང་དུ་བཀོལ་སྤྱོད་བྱེད་མཁན་ཅུང་མང་པོ་ཡོད།

རྩོམ་ཁུངས་བོད་ཀྱི་སྐད་ཡིག་དྲ་བ།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།