SatOctSat2019

སྤེལ་དུས་མཐའ་མ།09:45:57 AM GMT

རྩོམ་གསར།:

བོད་ཆོལ་ཁ་གསུམ་གྱི་རྫོང་དང་གྲོང་ཁྱེར་ཁག་གི་ས་མིང༌།

བོད་ཆོལ་ཁ་གསུམ་གྱི་རྒྱལ་ས་ཉི་མ་ལྷ་ས།

སྤྱིར་བཏང་བོད་ས་ཁུལ་དུ་ད་སྐབས་ཞིང་ཆེན་ལྔ་དང་རང་སྐྱོང་ས་ཁུལ་བཅོ་བརྒྱད་དང་རྫོང་ཁག་བརྒྱ་དང་ང་དགུ་ཡོད།  དེ་ལས་དང་པོ་ཞིང་ཆེན་ལྔ་ནི་ ལྷ་ས་ཞིང་ཆེན།   མཚོ་སྔོན་ཞིང་ཆེན། ཀན་སུའུ་ཞིང་ཆེན།  སི་ཁྲོན་ཞིང་ཆེན།   ཡུན་ནན་ཞིང་ཆེན་བཅས་ལྔ་རུ་ཡིན།  

གཉིས་པ་ཁུལ་བཅོ་བརྒྱད་ནི་ ལྷ་ས་ས་ཁུལ།  གཞིས་ཀ་རྩེ་ས་ཁུལ། ལྷོ་ཁ་ས་ཁུལ། ནག་ཆུ་ས་ཁུལ། ཆབ་མདོ་ས་ཁུལ། མངའ་རིས་ས་ཁུལ། ཉིང་ཁྲི་ས་ཁུལ། ཡུལ་ཤུལ་ས་ཁུལ། མགོ་ལོག་ས་ཁུལ། རྨ་ལྷོ་ས་ཁུལ། མཚོ་ལྷོ་ས་ཁུལ། མཚོ་བྱང་ས་ཁུལ། མཚོ་ནུབ་ས་ཁུལ། མཚོ་ཤར་ས་ཁུལ། ཀན་ལྷོ་ས་ཁུལ། རྔ་བ་ས་ཁུལ། དཀར་མཛེས་ས་ཁུལ། བདེ་ཆེན་ས་ཁུལ།   ༼ ༡༨ ༽ བཅས་བཅོ་བརྒྱད་ཡིན།  

གསུམ་པ་རྫོང་ཁག་བརྒྱ་དང་ང་དགུ་ནི། བོད་ལྗོངས་ལ་གྲོང་ཁྱེར་དང་རྫོང་བཅས་དོན་གསུམ་དང༌།  མཚོ་སྔོན་ན་གྲོང་ཁྱེར་གསུམ་དང་རྫོང་སོ་དྲུག་དང༌། བདེ་ཆེན་ན་རྫོང་གསུམ་དང༌། རྔ་བ་ན་རྫོང་བཅུ་གསུམ། དཀར་མཛེས་ན་རྫོང་བཅུ་དགུ   ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་རྫོང་དགུ་བཅས་སྡོམ་པས་རྒྱ་དང་ང་དགུ་རུ་ཡོད།   

དང་པོ་ནི་བོད་ལྗོངས་ན་རྫོང་དང་གྲོང་ཁྱེར་དོན་གསུམ་ནི།  ལྷ་ས་རྫོང༌།   སྟོད་ལུང་བདེ་ཆེན་རྫོང༌།  ལྷུན་གྲུབ་རྫོང༌།  སྟག་རྩེ་རྫོང༌།  འདམ་གཞུང་རྫོང༌།  མལ་གྲོ་གུང་དཀར་རྫོང༌། ཆུ་ཤུར་རྫོང༌། སྙེ་མོ་རྫོང༌། ༼ ༨ ༽བཅས་བརྒྱད་དང༌།     ལྷོ་ཁ་ས་ཁུལ་ལ་རྫོང་  ༼ ༡ ༽སྣེ་གདོང་རྫོང༌། ༼ ༢ ༽འཕྱོངས་རྒྱས་རྫོང༌།  ༼ ༣ ༽སྣ་དཀར་རྩེ་རྫོང༌།  ༼ ༤ ༽མཚོ་སྣ་རྫོང༌། ༼ ༥ ༽ལྷོ་བྲག ་རྫོང༌། ༼ ༦ ༽ ལྷུན་རྩེ་རྫོང༌། ༼ ༧ ༽ཆུ་གསུམ་རྫོང༌། ༼ ༨ ༽གོང་དཀར་རྫོང༌། ༼ ༩ ༽གྲ་ནང་རྫོང༌། ༼ ༡༠ ༽ཟངས་རི་རྫོང༌། ༼ ༡༡ ༽རྒྱ་ཚ་རྫོང༌། ༼ ༡༢ ༽ མཚོ་སྨད་རྫོང༌། བཅས་བཅུ་གཉིས་དང་  ནག་ཆུ་ས་ཁུལ་དུ་རྫོང་ ༼ ༡ ༽ ནག་ཆུ་རྫོང༌། ༼ ༢ ༽ཨ་མདོ་རྫོང༌། ༼ ༣ ༽གཉན་རོང་རྫོང༌། ༼ ༤ ༽སྦྲ་ཆེན་རྫོང༌། ༼ ༥ ༽སོག་རྫོང༌། ༼ ༦ ༽འབྲི་རུ་རྫོང༌། ༼ ༧ ༽དཔལ་མགོན་རྫོང༌། ༼ ༨ ༽རྒྱལ་རི་རྫོང༌། ༼ ༩ ༽ཤན་རྩ་རྫོང༌། ༼ ༡༠ ༽ཉི་མ་རྫོང༌། དང་བཅས་པ་བཅུ་པོ་དེ་ཡིན།  

གཙང་གཞིས་ཀ་རྩེ་ས་ཁུལ་དུ།  གཞིས་ཀ་རྩེ་རྫོང༌། རྣམ་གླིང་རྫོང༌། གཏིང་སྐྱེས་རྫོང༌།  ས་སྐྱ་རྫོང༌།  ལྷ་རྩེ་རྫོང༌། དིང་རི་རྫོང༌། མཉའ་ལམ་རྫོང༌། སྐྱེས་རོང་རྫོང༌། བཞད་མཐོང་སྨོན་རྫོང༌། འབྲོང་བ་རྫོང༌། རྒྱལ་རྩེ་རྫོང༌། ཁང་དམར་རྫོང༌། རིན་སྤུངས་རྫོང༌། གྲོ་མོ་རྫོང༌། པ་སྣམ་རྫོང༌། གམ་པ་རྫོང༌། ས་དགའ་རྫོང༌། ངམ་རིང་རྫོང༌། ༼ ༡༨ ༽བཅས་བཅོ་བརྒྱད་ཡིན། མངའ་རིས་ས་ཁུལ་དུ།  སྒར་རྫོང༌། རུ་ཐོག་རྫོང༌།  རྩ་མདའ་རྫོང༌།  སྤུ་ཧྲེང་རྫོང༌། དགེ་རྒྱས་རྫོང༌། སྒེར་རྩེ་རྫོང༌། མཚོ་ཆེན་རྫོང༌། ༼ ༧  ༽ བཅས་བདུན་ཡིན།  

ཆབ་མདོ་ས་ཁུལ་དུ།  ཆབ་མདོ་རྫོང༌། འཇོ་མདའ་རྫོང༌། ལྷོ་རོང་རྫོང༌། རི་བོ་ཆེ་རྫོང༌། སྨར་ཁམས་རྫོང༌།  སྟེང་ཆེན་རྫོང༌།   དཔལ་འབར་རྫོང༌། གོ་འཇོ་རྫོང༌། མཛོ་སྒང་རྫོང༌། བྲག་གཡབ་རྫོང༌།༼ ༡༡ ༽བཅས་བཅུ་གཅིག་ཡིན། ཉིང་ཁྲི་ས་ཁུལ་དུ།  ཉིང་ཁྲི་རྫོང༌། སྨན་གླིང་རྫོང༌། སྣང་རྫོང༌། སྤོ་མེས་རྫོང༌། ཀོང་པོ་རྒྱ་མདའ་རྫོང༌། མེ་ཏོག་རྫོང༌། རྫ་ཡུལ་རྫོང༌། དཔའ་ཤོད་རྫོང༌།   ༼ ༧ ༽བཅས་བདུན་ཡོད་པས་བོད་ལྗོངས་ཁུལ་དུ་རྫོང་ཁག་ཡོངས་སུ་རྫོགས་པ་བསྡོམ་ན་བདུན་ཅུ་དོན་གསུམ་ཡིན།     

གཉིས་པ་མཚོ་སྔོན་ན་གྲོང་ཁྱེར་གསུམ་དང་རྫོང་སོ་དྲུག་ནི། ཡུ་ཤུལ་བོད་རིགས་རང་སྐྱོང་ཁུལ་དུ།  ཡུལ་ཤུལ་རྫོང༌། ཁྲི་འདུ་རྫོང༌། རྫ་སྟོད་རྫོང༌། ནང་ཆེན་རྫོང༌། འབྲི་སྟོད་རྫོང༌། ཆུ་མ་ལེབ་རྫོང༌།  ༼ ༦ ༽བཅས་དྲུག་ཡིན་ མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དུ་རྫོང༌།  རྨ་ཆེན་རྫོང༌།   དགའ་བདེ་རྫོང༌། པད་མ་རྫོང༌། རྨ་སྟོད་རྫོང༌། དར་ལག་རྫོང༌། གཅིག་སྒྲིལ་རྫོང༌།  ༼ ༦ ༽དྲུག་བཅས་ཡིན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ། རེབ་གོང་རྫོང༌།  རྩེ་ཁོག་རྫོང༌། གཅན་རྫ་རྫོང༌། སོག་རྫོང༌། ༼ ༤ ༽བཅས་བཞི་ཡིན།  

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ།  གསེར་ཆེན་རྫོང༌། མང་རྫོང༌། བྲག་དཀར་རྫོང༌། ཁྲི་ཀ་རྫོང༌། འབའ་རྫོང༌། བྲག་དཀར་རྫོང༌། ༼ ༥ ༽ བཅས་ལྔ་ཡིན།   

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དུ། རྐང་ཚ་རྫོང༌། མདོ་ལ་རྫོང༌། མདའ་བཞི་རྫོང༌། རྒྱ་མདོ་རྫོང༌། ༼ ༤ ༽བཅས་བཞི་ཡིན མཚོ་ནུབ་བོད་རིགས་རང་སྐྱོང་ཁུལ་དུ་རྫོང་དུར་ལམ་རྫོང༌། དབུས་ལམ་རྫོང༌། གཏེར་ལེན་རྫོང༌། ཐེམ་ཆེན་རྫོང༌། ན་གོར་མོ་གྲོང་ཁྱེར་རྫོང་༼ ༥ ༽བཅས་ལྔ་ཡིན།  མཚོ་ཤར་ས་ཁུལ་དུ་རྫོང་ རྟ་ཐང་རྫོང༌། ཧོར་གྲོང་རྫོང༌། དམར་གཙང་རྫོང༌། དཔའ་ལུང་རྫོང༌། ལུང་མདོ་རྫོང༌། གཞོང་ཐང་རྫོང༌། གསེར་ཁོག་རྫོང༌། དགོན་ལུང་རྫོང༌། སྟོང་སྐོར་རྫོང༌། ཡ་རྫི་རྫོང༌། གྲོ་ཚང་རྫོང༌། སྐུ་འབུམ་རྫོང༌། ༼ ༡༢ ༽བཅས་བཅུ་གཉིས་ཡིན།  

གསུམ་པ་ཀན་སུའུ་ཞིང་ཆེན་གྱི་ཁྱབ་ཁོངས།    ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ། གཙོས་རྫོང༌། ཅོ་ནེ་རྫོང༌། རྨ་ཆུ་རྫོང༌། ཀླུ་ཆུ་རྫོང༌། བ་རྩེ་རྫོང༌། ཐེ་བོ་རྫོང༌། འབྲུག་ཆུ་རྫོང༌། བསང་ཆུ་རྫོང༌། ༼ ༩ ༽བཅས་བཅུ་གཉིས་ཡིན།  

བཞི་པ་སི་ཁྲོན་ཞིང་ཆེན་གྱི་ཁྱབ་ཁོངས་རྔ་བ་བོད་རིགས་ཁུལ་དུ།  འབར་ཁམས་རྫོང༌། ཁྱུང་མཆུ་རྫོང༌། མཛོད་དགེ་རྫོང༌། རྔ་བ་རྫོང༌། རྐ་ཁོག་རྫོང༌། ཁྲོ་ཆུ་རྫོང༌། ཟུང་ཆུ་རྫོང༌། ཁྲི་ཚང་རྫོང༌། བཙན་ལྷ་རྫོང༌། འཛམ་ཐང་རྫོང༌། བཀྲ་ཤིས་གླིང་རྫོང༌། ཆུ་ཆེན་རྫོང༌། ༼ ༡༣ ༽བཅས་བཅུ་གསུམ་ཡིན་  དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དུ།  དར་རྩེ་མདོ་རྫོང༌། སེར་ཤུལ་རྫོང༌། དཔལ་ཡུལ་རྫོང༌། བྲག་མགོ་རྫོང༌། རྟའུ་རྫོང༌། ཉག་ཆུ་རྫོང༌། འབའ་ཐང་རྫོང༌། ཕྱག་ཕྲེང་རྫོང༌། བརྒྱད་ཟུར་རྫོང༌། མུ་ལི་བོད་རིགས་རང་སྐྱོང་རྫོང༌། ༼ ༡༩ ༽བཅས་བཅུ་དགུ་ཡིན།   

ལྔ་པ་ཡུན་ནན་ཞིང་ཆེན་གྱི་ཁྱབ་ཁོངས་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དུ་རྫོང༌། རྒྱལ་ཐང་རྫོང༌། འབའ་ཐང་རྫོང༌། འཇོལ་རྫོང༌། ༼ ༣༽བཅས་གསུམ་ཡིན་ནོ།།   །།
ཡོང་ཁུངས། བཙན་པོ་མགར་གྱི་དྲ་བ།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།