TueOctTue2017

སྤེལ་དུས་མཐའ་མ།09:34:26 AM GMT

རྩོམ་གསར།:

དཔེ་ཀློག་ཟིན་བྲིས།

དཔེ་ཀློག་ཟིན་བྲིས།

༼ ༡༽ དགུན་གནང་བྱིན་ནས་ཉིན་བཅུ་གྲངས་ཤིག་འདས་མོད་དེའི་རིང་ལ་དཔེ་ཆ་བཀླགས་པ་ཧ་ཅང་དཀོན། དཔེ་ཆ་གཅིག་ཅུང་ཙམ་བཀླགས་པ་ནི་ཉི་གཞོན་ལགས་ཀྱིས་བསྒྱུར་བའི་ཡ་ཧུ་དཱ་པའི་སློབ་གསོའི་མན་ངག་ཅེས་པ་དེ་ཡིན།

དེབ་འདི་ན་ནིང་ཞིག་ནས་ཉོས་པ་ཡིན་མོད་ཞིབ་ཀློག་བྱེད་པའི་དུས་ཚོད་ཤིན་ཏུ་ཕྲ་བར་གྱུར་ཏེ་ད་བར་དུ་ལུས་སོང་། ཐེངས་འདིར་དེའི་ནང་གི་༼སློབ་གསོ།༽ ཞེས་པའི་ཚན་པ་ཞིག་དང་༼སྲོག་འཛིན།༽ཟེར་བའི་ཚན་པ་ཞིག་སོགས་ཚན་པ་འགའ་ཞིབ་ཀློག་ཙམ་བགྱིས་པ་ཡིན། དེའི་ནང་ནས་༼སྲོག་འཛིན།༽ཟེར་བའི་ཚན་པ་ཐུང་ཐུང་དེས་བདག་ལ་ཚོར་བ་ཁྱད་པར་བ་ཞིག་སྟེར་སོང་། ཚན་པ་འདིའི་བརྗོད་བྱའི་གཙོ་བོ་དེ་འདིར་མདོར་བསྡུས་ཤིག་བརྗོད་ན། ཡ་ཧུ་དཱ་པ་རྣམས་ནི་དགེ་རྒན་ནམ་སློབ་དཔོན་ལ་གུས་བཀུར་བླ་ལྷག་གིས་ཆེ་བར་བརྗོད་ཡོད་པ་དང་། ཁོང་ཚོ་ཕ་མ་ལས་ཀྱང་སློབ་དཔོན་ལ་བཀུར་བསྟི་ཆེ་བ་དང་། གལ་ཏེ་ཕ་མ་དང་སློབ་དཔོན་གཉིས་ཀ་ཉེན་ཁར་འཕྲད་དེ་ཅིག་ཤོས་ལས་སྐྱོབ་མི་ཐུབ་པའི་དབང་དུ་བཏང་ནའང་ཐེ་ཚོམ་མེད་པར་སློབ་དཔོན་སྐྱོབ་པར་བྱེད་པ་སོགས་གཏམ་རྒྱུད་དང་སྦྱར་ཏེ་བཤད་ཡོད་པ་དང་། སྔོན་དུས་སུ་ཁོང་ཚོར་དགེ་རྒན་གྱི་བྱ་བ་ལོགས་སུ་མེད་པར་སོ་སོའི་ཕ་ཡབ་ཀྱིས་ཤེས་བྱ་ཁྲིད་རྒྱུ་ཡིན་འདུག དེ་བས་ཁོ་ཚོའི་སྐད་དུ་ཕ་ཡབ་ཅེས་པའི་མིང་དེ་ནི་ཤེས་བྱ་འཁྲིད་མཁན་ལའང་འཇུག་པ་དང་ཡ་ཧུ་དཱ་པའི་ཕ་མ་དག་ལ་ནི་རང་གི་བྱིས་པར་སློབ་ཁྲིད་བྱེད་པ་དང་བྱིས་པ་ཡོན་ཏན་ཅན་དུ་སྒྱུར་བའི་འགན་བབས་ཆ་ཚང་ཞིག་ཡོད་པ་ཡིན་ཞེས་བརྗོད་འདུག དེ་ནས་ཡ་ཧུ་དཱ་པའི་སྤྱི་ཚོགས་ལ་རིམ་བཞིན་འགྱུར་བྱིན་པ་དང་བསྟུན་ནས་ཤེས་བྱ་ཡོན་ཏན་ལ་མཁས་པའི་མི་ཇེ་མང་དུ་གྱུར་བ་དང་མི་དེ་དག་གིས་སློབ་མ་སྐྱོང་བའི་སྲོལ་ཆགས་པར་བརྟེན། སློབ་དཔོན་ནམ་དགེ་རྒན་སྟེ་ཁོང་ཅག་གི་སྐད་ལ་རའ་བྷེ་ཡི་བྱ་བ་བྱེད་མཁན་བྱུང་། དུས་དེ་ནས་བཟུང་ཡ་ཧུ་དཱ་པའི་བྱིས་པ་གཉོར་སྐྱོང་བྱེད་པ་ནི་རའ་བྷེའམ་དགེ་རྒན་གྱི་བྱ་བར་གཙོ་བོ་གྱུར་པ་དང་རའ་བྷེའམ་དགེ་རྒན་ནི་ཤེས་བྱ་འཁྲིད་མཁན་ཙམ་ལས་འགོངས་ཏེ། ཆོས་དང་འཇིག་རྟེན་གྱི་བླང་དོར་ལམ་སྟོན་གནང་མཁན་གཅིག་པུ་དང་ཡ་ཧུ་དཱ་པའི་ཤེས་རིག་གི་སྲོག་རྩ་ལྟ་བུར་གྱུར། དེ་བས་༼ཇི་སྲིད་རའ་བྷེ་རྒྱུན་མ་ཆད་པ་དེ་སྲིད་དུ་ཡ་ཧུ་དཱ་པ་འཇིག་མི་སྲིད་༽ཅེས་ཟེར་སྲོལ་ཡང་ཡོད་འདུག ཡ་ཧུ་དཱ་པ་རྣམས་དགེ་རྒན་ནམ་རའ་བྷེ་ལ་དེ་འདྲའི་བཀུར་བསྟི་ཆེ་དོན་ཡང་། ཀུན་ཀྱིས་ཤེས་གསལ་ལྟར་ཁོང་ཚོ་ལོ་རྒྱུས་སྟེང་སྐྱི་གཡའ་བའི་དོན་དག་མང་པོར་འཕྲད་ཀྱང་། དགེ་རྒན་ནམ་རའ་བྷེ་ཡིས་ཁོང་ཚོ་མིག་འབྲས་བཞིན་དུ་གཅེས་སྐྱོང་བྱས་པས་དང་ཁོང་ཚོ་རང་ཉིད་ཤེས་བྱ་ཡོན་ཏན་ལ་བཀུར་བསྟི་ཆེ་བས་ཡིན་པར་བརྗོད་འདུག ཡ་ཧུ་དཱ་པ་རྩ་མེད་དུ་གཏོང་བར་འདོད་པའི་སྒེར་གཅོད་པ་དག་གིས་ཀྱང་ཡ་ཧུ་དཱ་པའི་སྤྱི་ཚོགས་དང་ཤེས་རིག་གི་སྲོག་རྩ་ལྟ་བུ་ནི་དགེ་རྒན་ནམ་རའ་བྷེ་ཡིན་པ་ཤེས་ཏེ། དགེ་རྒན་ནམ་རའ་བྷེ་མང་པོ་དམར་གསོད་བྱས་ཀྱང་ཁོང་ཅག་གི་སྙིང་སྟོབས་དང་སྤོབས་པ་གཞོམ་མ་ནུས་པར་དགེ་རྒན་ནམ་རའ་བྷེ་རེ་རེ་ཡིས་ཡ་ཧུ་དཱ་པ་ཁྲི་ཚོ་མང་པོ་བསྐྱངས་ཏེ་ད་ལྟའི་འཛམ་གླིང་མི་མང་གི་མིག་སྔུན་དུ་གཟི་བརྗིད་དང་བཅས་ཏེ་འགྱིངས་ཡོད་པ་འདི་ག་ལགས་སོ།།

༼༢༽ ད་ནི་ཟུར་ངོས་དེ་ནས་ང་ཚོ་ལ་བལྟས་ཏེ་རང་ཉིད་ཀྱི་ལྟ་ཚུལ་ཅུང་ཙམ་མོལ་ན། ང་ཚོར་དགེ་རྒན་ལ་དེ་ལྟ་བུའི་བཀུར་སྟི་ཞིག་ཡོད་དམ་ཟེར་ན། དེ་ལ་ཁ་གསལ་གཏིང་གསལ་གྱི་ལན་ཞིག་ཡོད་པ་ནི། སྤྱི་ངོས་ནས་བསམ་བློ་བཏང་ན་མེད། ཅེས་པ་དེ་རེད་འདུག་སྙམ། དེ་ཡང་ཞིབ་ཆ་ཅུང་ཙམ་མ་ཕྱེས་ན་ཅུང་མི་འགྲིག་པར་སྣང་བས། ཞིབ་ཆ་དོག་ཙམ་ཕྱེས་ན། ང་ཚོའི་སྤྱི་ཚོགས་སུའང་བླ་མའམ་དགེ་རྒན་ནི་རང་གི་སྲོག་ལས་ཀྱང་གལ་ཆེན་དུ་འཛིན་མཁན་འགའ་རེ་དངོས་གནས་བྱུང་ཡོད་པ་རེད་མོད། དེ་ཙམ་ལ་བསམས་ནས་བསྡུས་གྲྭའི་རིགས་ལམ་ལྟ་བུའི་ཕུ་འདེད་བྱས་ཏེ། བོད་མི་གང་ཡང་རུང་བ་ཞིག་ལ་ཡོད་ན་ཡོད་གོ་ཆོད་པ་དང་གང་ཡང་རུང་བ་ཞིག་ལ་མེད་ན་མེད་གོ་མི་ཆོད་ཅེས་བརྗོད་སར་མི་འགྲོ་བར་འགའ་རེ་ལ་དེ་ལྟ་བུའི་བཀུར་སྟི་ཡོད་པ་ཙམ་གྱིས། ང་ཚོ་བྱིངས་ལ་དེ་ལྟ་བུའི་བཀུར་སྟི་ཆེ་རབས་བཤད་ན་ཅུང་ཙམ་མི་འགྲིག་སྙམ། གལ་ཏེ་ང་ཚོ་དགེ་རྒན་ལ་དེ་འདྲའི་བཀུར་སྟི་ཞིག་ཡོད་པའི་དབང་དུ་བཏང་ནའང་། ང་ཚོ་ལ་ཡ་ཧུ་དཱ་པའི་རའ་བྷེ་ལྟ་བུའི་དགེ་རྒན་ག་ཚོད་ཅིག་ཡོད་ནི་ང་ཚོས་དྲན་པ་ནང་དུ་བཀུག་སྟེ་བསམ་བློ་ཞིག་བཏང་ན་ཤེས་མི་འོང་ངམ། མི་རིགས་ཤིག་ཡུན་དུ་གནས་ཐུབ་མིན་ནི་མི་རིགས་དེའི་སྐད་དང་ཡི་གེ་ཡུལ་སྲོལ་གོམས་གཤིས་ཆོས་དང་རིག་གནས་དག་གནས་མི་གནས་ལ་ཐུག་ཅིང་། རིག་གནས་དང་སྐད་ཡིག་གནས་མིན་ནི་དེ་ལ་བྱང་ཆུབ་པའི་མཁས་པ་དང་དེ་བེད་སྤྱོད་གཏོང་མཁན་གྱི་མི་ཡོད་མེད་ལ་ལྟ་དགོས་པ་ནི་སྨྲོས་མེད་རེད་སྙམ། དེས་ན་རིག་གནས་དེ་དང་དེ་བེད་སྤྱོད་གཏོང་བར་བྱེད་པ་ལ་དེ་བྱང་ཆུབ་པ་ཞིག་ཤེས་དགོས་པའང་སྨྲོས་མེད་རེད། དེ་བྱང་ཆུབ་པ་ཞིག་ཤེས་དགོས་ན་དེ་འཁྲིད་མཁན་གྱི་དགེ་རྒན་ཞིག་ཀྱང་ངེས་པར་དུ་དགོས་པས་ན། དགེ་རྒན་ནི་ཡོད་ཚད་ཀྱི་རྩ་བར་གྱུར་ཡོད་པའི་རྒྱུ་མཚན་གྱིས་ཡ་ཧུ་དཱ་པའི་ཡང་དགེ་རྒན་ཁོ་ན་གཙིག་ཆེན་དུ་འཛིན་པ་ཡིན་པར་སེམས། དེ་ཡང་དགེ་རྒན་ནི་ཤེས་བྱ་འཁྲིད་མཁན་ཡིན་པ་ཙམ་གྱིས་བཀུར་སྟི་བྱེད་པ་མ་ཡིན་པར་དགེ་རྒན་ནི་མི་ཞིག་ལེགས་ལམ་དུ་འདྲེན་མཁན་གྱི་དེད་དཔོན་དང་ཉམས་ཆུང་བའི་མི་རིགས་ཤིག་གི་རིག་གནས་ཀྱི་སྲོག་རྩ་འཐུད་མཁན་ཡིན་པས་དེ་ལ་གུས་བཀུར་བླ་ལྷག་བྱེད་པ་རེད། དོན་དམ་གྱི་དགེ་རྒན་ཟེར་བ་དེ་ནི་དེ་འདྲ་ཡིན་དགོས་མོད། འུ་ཚང་གི་དགེ་རྒན་གྱི་མིང་ཁུར་མཁན་མང་ཤོས་ཤིག་ནི་ཡིག་ངོ་ཆོད་ཙམ་པའི་གསོ་ཕག་འགའ་དང་ཐ་ན་རང་སྐད་རང་ཡིག་ལའང་རྨོངས་བའི་ཡིག་རྨོངས་པ་འགའ་ཡིན་པ་འདིས་ནི། འུ་ཚོ་ཡ་ཧུ་དཱ་པ་དང་བར་ཁྱད་ཆེན་པོ་ཕྱེས་འདུག་ལ། མི་རིགས་གཞན་པ་ལས་ཀྱང་ཁྱད་པར་གནམ་ས་ལྟ་བུ་ཕྱེས་འདུག འདི་འདྲའི་དགེན་མིང་འཛིན་པ་དག་ནི་ང་ཚོའི་གཞོན་སྐྱེས་དག་གི་མདུན་ལམ་གྱི་བཀག་རྡོ་དང་མི་རིགས་འདི་ཉིད་ཀྱི་ས་ལམ་གྱི་འགལ་རྐྱེན་དུ་གྱུར་འདུག་པས་འདི་དག་ངེས་པར་དུ་གཙང་སེལ་མ་བྱས་པ་དེ་སྲིད་དུ་ང་ཚོར་རེ་བ་ཧ་ཅང་ཕྲ་བར་སེམས། དེ་བས་ང་ཚོས་དོན་དམ་པའི་དགེ་རྒན་ནམ་སློབ་དཔོན་དག་ལ་གུས་བརྩི་ཚད་མེད་ཞུ་དགོས་པ་དང་ལུག་པགས་གྱོན་པའི་སྤྱང་ཀུ་དག་ལ་རྒོལ་རྡུང་ཚ་ནན་གཏོང་དགོས་པ་ནི་ཡ་ཧུ་དཱ་པས་ང་ཚོར་གདམས་པའི་གདམ་ངག་མར་གྱི་ཉིང་ཁུ་ལྟ་བུ་ཞིག་ཡིན་པར་སེམས་སོ།།

༢༠༡༧ལོའི་༡ པོའི་༡༧ལ་མདའ་ལྗང་གིས། རྩོམ་སྒྲིག་པ།  སྒྲེ་བོ།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།