TueOctTue2017

སྤེལ་དུས་མཐའ་མ།07:11:05 AM GMT

རྩོམ་གསར།:

ཇོ་མོ་གླང་མའི་བོད་ཡིག་འགྱུར་འབྲི་མཐེབ་གཞོང༌།

ཇོ་མོ་གླང་མའི་བོད་ཡིག་འགྱུར་འབྲི་མཐེབ་གཞོང༌།

ཇོ་མོ་གླང་མའི་བོད་ཡིག་འགྱུར་འབྲི་མཐེབ་གཞོང་ནི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱིས་བོད་ཡིག་འབྲི་འགྱུར་ལ་རྟེན་ནས་གསར་གཏོད་བྱས་པའི་བོད་ཡིག་མཐེབ་གཞོང་ཞིག་ཡིན། མཐེབ་གཞོང་དེའི་ཁྱད་ཆོས་ཆེ་ཤོས་ཅིག་ནི་དེས་རྒྱལ་ནང་དང་རྒྱལ་ཕྱིའི་བོད་ཡིག་འགྱུར་འབྲི་བྱེད་ཐབས་རྣམས་ལ་བརྟེན་ནས་བོད་ཡིག་རྒྱག་ཐུབ།

སྤྱོད་མཁན་གྱིས་བོད་ཡིག་འགྱུར་འབྲི་བྱེད་ཐབས་གང་འདྲ་ཞིག་རྒྱུས་ཡོད་ན། ཁྱེད་རང་གིས་རྩིས་འཁོར་ནང་ལས་སླ་པོས་བོད་ཡིག་ནང་འཇུག་བྱེད་ཐུབ་པ། མཐེབ་གཞོང་དེ་ནི་ཡིག་གཅིག་ལ་མཐེབ་གཅིག་ནང་འཇུག་བྱེད་སྟངས་ཡིན་པས། མཐེབ་གཞོང་གང་ཞིག་བློ་ལ་ངེས་མེད་དགོས་པ། ཇོ་མོ་གླང་མའི་བོད་ཡིག་འགྱུར་འབྲི་མཐེབ་གཞོང་གི་ཁྱད་ཆོས་གཉིས་པ་ནི། དེས་ནང་འཇུག་པའི་བོད་ཡིག་ཡིག་རྟགས་ནི་ཀྲུང་གོའི་ཡིག་རྟགས་ཀྱི་ཨང་སྒྲིག་གི་ཚད་གཞི་ GB13000 ནང་གི་བོད་ཡིག་ཡིག་རྟགས་ཀྱི་ཨང་སྒྲིག་དང༌། དེ་དང་གཅིག་འགྱུར་ཡིན་པའི་རྒྱལ་སྤྱི་ཚད་གཞི་བོད་ཡིག་ཡིག་རྟགས་ཀྱི་ཨང་སྒྲིག་ ISO10646 དང་ Unicode ནང་གི་བོད་ཡིག་ཡིག་རྟགས་ཡིན། ཇོ་མོ་གླང་མའི་བོད་ཡིག་ཡིག་གཟུགས་དེ་དག་གིས་བོད་ཡིག་གང་འདྲ་ཞིག་དང་དམིགས་གསལ་གྱི་བོད་ཡིག་ཡིག་རྟགས་ཚང་མ་ལས་སླ་པོའི་ངང་ནང་འཇུག་བྱེད་ཐུབ་པས།

ཇོ་མོ་གླང་མའི་བོད་ཡིག་འགྱུར་འབྲི་མཐེབ་གཞོང་ནི་བཀོལ་སྤྱོད་རྒྱུད་ཁོངས་ Windows Vista དང་ Windows 7 ནང་འཇུག་དགོས།

ཇོ་མོ་གླང་མའི་བོད་ཡིག་འགྱུར་འབྲི་མཐེབ་གཞོང་འདི་ནས་ཕབ་ལེན་བྱས་ནས་བེད་སྤྱོད་བྱེད་ཆོག་པ།

སྒྲིག་འཇུག་བྱེད་སྟངས།

༡ ཁྱེད་རང་གི་ Windows བཀོལ་སྤྱོད་རྒྱུད་ཁོངས་ལ་རྟེན་ནས་ཡིག་ཁུག་ཞིག་གདམ་ནས་ཁ་འབྱེད།
༢ ཡིག་ཁུག་དེའི་ནང་གི་སྒྲིག་འཇུག་སྣེ་སྟོན་ཡིག་ཆ་ཀློག
༣ ཡིག་ཆ་ནང་གི་སྒྲིག་འཇུག་སྣེ་སྟོན་ལ་རྟེན་ནས་ཇོ་མོ་གླང་མའི་བོད་ཡིག་འགྱུར་འབྲི་མཐེབ་གཞོང་སྒྲིག་འཇུག་བྱེད།

ཇོ་མོ་གླང་མའི་བོད་ཡིག་འགྱུར་འབྲི་མཐེབ་གཞོང༌།® དཔར་གཞི་གཉིས་པ།
བཟོ་མཁན། བཀྲ་ཤིས་ཚེ་རིང་དང་དབང་གྲགས་སྐྱབས།
པར་དབང༌། © 2009-2010 ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།