SatAugSat2017

སྤེལ་དུས་མཐའ་མ།05:18:50 AM GMT

རྩོམ་གསར།:

བོད་ཀྱི་ཡིག་གཟུགས་ལ་མཛད་རྗེས་ཆེ་བའི་གནའ་རབས་མི་སྣ་འགའ།

ཐོན་མི་སམ་བྷོ་ཊ་མཆོག

ཐོན་མི་ཨ་ནུ། བོད་ས་ཡོས་ལོ་སྟེ་སྤྱི་ལོ617ལོར་སྙེ་མོ་ཐོན་ལུག་ར་ཁ་བསམ་འགྲུབ་སྒང་དུ་ཡབ་གཡུང་དྲུང་ཕུན་ཚོགས་དང་ཡུམ་གནུབས་གཟའ་དབྱངས་ཅན་ལྷ་མོ་གཉིས་ལས་འཁྲུངས། སྤྱིར་ཨ་ནུ་ཞེས་པ་ནི་ལྷ་སའི་ལྷོ་ཁ་བས་བུ་ཕྲུག་ཆུང་བ་ཚོ་ལ་ཨ་ནུ་ཞེས་འབོད་པས་མིང་དེ་ལྟར་ཐོགས་པ་རེད་ཅེས་བཤད་སྲོལ་འདུག

ཁོང་ཆུང་དུས་ནས་རིག་པ་ཤིན་ཏུ་མྱུར་ལ་བློ་སྒོ་ཡངས་པ།ཡིད་གཞུང་ལ་བརྩོན་འགྲུས་ལྡན་པའི་བུ་ཁྱད་པ་ཅན་ཞིག་ཡིན།ཁོང་གིས་རྒྱ་གར་དུ་ལོ་བདུན་ཙམ་ལ་སྒྲ་རིག་པ་སློབ་གཉེར་མཛད་ནས་ཕྱིར་ཕེབས་པས་རྒྱལ་པོ་འཁོར་བཅས་འཛོམས་ནས་དགའ་སྟོན་རྒྱ་ཆེན་པོར་བྱས།

རྒྱལ་པོ་སྲོང་བཙན་སྒམ་པོའི་བཀའ་བློན་ཆེན་པོ་མདུན་ན་འདོན་དང་བོད་ཀྱི་མཛངས་མི་བཞི་པར་བསྐོས།དེང་སང་ང་ཚོས་སྤྱོད་བཞིན་པའི་བོད་ཡིག་འདི་ཡོད་པ་ཁོང་གི་བཀའ་དྲིན་ཡིན།ནང་པ་སངས་རྒྱས་ཀྱི་ཆོས་ལུགས་བསྒྱུར་རྒྱུའི་ཐད་ལ་བྱས་རྗེས་བླ་ན་མེད་པ་བཞག་ཡོད།མཐར་དགུང་ལོ་ལྔ་བཅུ་ང་གཉིས་པའི་ལྕགས་རྟ་ལོ་སྟེ་སྤྱི་ལོ670ལོར་སྐུ་གཤེགས་སོ།  

དེའི་རྗེས་ཡིག་མཁན་རིམ་བྱོན་ལ་རིན་ཆེན་འབར།ཆབ་དཀར་བེའུ་ཚེ།དཀོན་མཆོག་དབང༌།བྷེ་ཤོ་ཁྲམ་མམ་ཤཱཀྱ་དཀོར།ཚེ་སྤོང་བྱང་ཆུབ།འབྲེ་ཡོན་ཏན།གྲ་སྐ་བ་དཔལ་བརྩེགས་དང༌།ཤོད་པ་ཅོག་རོ་ཀླུའི་རྒྱལ་མཚན།གོང་གི་ཡིག་མཁན་ནས་བྲིས་མཁན་འདི་རྣམས་ཀྱི་རིང་ལ་བོད་ཡིག་གི་ཡིག་གཟུགས་ལ་འགྱུར་བ་ཅུང་ཟད་བྱུང་ཡོད་པ་རྣམས་གོང་དུ་ཞུས་ཟིན་པས་འདིར་མ་བཤད་ཅིང༌།གྲ་ཤོད་གཉིས་མ་གཏོགས་དེ་མིན་རྣམས་ཀྱི་ལོ་རྒྱུས་ནི་ཁོ་བོས་དཔྱད་གཞིའི་ཡིག་ཆ་མ་རྙེད་པས་མ་བྲིས་སོ།།

སྐ་བ་དཔལ་བརྩེགས།བསྟན་པ་སྔ་དར་སྐབས་ཀྱི་ལོ་ཙཱ་བ་སྐ་ཅོག་ཞང་གསུམ་དུ་གྲགས་པའི་ཡ་གྱལ་ཞིག་སྟེ།འཕན་པོའི་ཡུལ་དུ་རུས་མིང་སྐ་བ་ཡིན་པའི་ཡབ་སྐ་བ་བློ་ལྡན་དང་ཡུམ་འབྲོ་བཟའ་རྡོ་རྗེ་ལྕམ་གཉིས་ཀྱི་སྲས་སུ་འཁྲུངས།རྒྱལ་པོ་ཁྲི་སྲོང་ལྡེ་བཙན་བཞུགས་དུས་ནས་ལོ་ཙཱ་བ་ཆེན་པོའི་གྲས་སུ་གྱུར་ཟིན་པས་ཁོང་གིས་བསྒྱུར་བའི་བཀའ་བསྟན་སྐོར་འགྱུར་བྱང་རྣམས་ནི་འདིར་མ་བྲིས་པས་གཞན་ལས་ཤེས་པ་བྱའོ།ཁོང་གི་གསུང་རྩོམ་ནི།ལྟ་བའི་རིམ་པའི་མན་ངག གསུང་རབ་རིན་པོ་ཆེའི་གཏམ་རྒྱུད།ཆོས་ཀྱི་རྣམ་གྲངས་ཀྱི་བརྗེད་བྱང༌།ཆོས་ཀྱི་རྣམ་གྲངས་ཀྱི་བརྗེད་བྱང་གི་རྩ་བ་བཅས་ནི་སྡེ་དགེའི་བསྟན་འགྱུར་སྣ་ཚོགས་ཀྱི་ཇ་དུམ་པའི་ནང་དུ་གསལ།

ཅོག་རོག་ཀླུའི་རྒྱལ་མཚན།ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་དུས་སུ་བྱུང་བའི་ལོ་ཙཱ་བ་སྐ་ཅོག་ཞང་གསུམ་གྱི་ཡ་གྱལ་ཞིག་ཡིན་ལ།ལོ་ཙཱ་བ་རབ་དགུའི་ནང་གསེས་གཞོན་གསུམ་གྱི་ཡ་གྱལ་ཡང་ཡིན་ལ།འདི་ཉིད་ཀྱི་འགྱུར་ལ།འཁོར་ལོ་དང་པོར་གཏོགས་པ་དགེ་སློང་ཕའི་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་མདོར་བསྡུས་ནས་སྟོན་པ་ཕའི་སོ་ཐར་གྱི་མདོ།ཤོ་ལོ་ཀ་བདུན་བརྒྱ།བམ་པོ་གཉིས་པ།དེའི་དོན་རྒྱ་ཆེར་བཤད་པ་ཕའི་རྣམ་འབྱེད།ཤོ་ལོ་ཀ་ཉིས་ཁྲི་བཞི་སྟོང་དགུ་བརྒྱ་བམ་པོ་བརྒྱད་ཅུ་གྱ་གསུམ་པ།དགེ་སློང་མའི་ཁྲིམས་སུམ་བརྒྱ་དྲུག་ཅུ་རེ་བཞི་བསྡུས་ནས་སྟོན་པ་མའི་སོ་ཐར་གྱི་མདོ།ཤོ་ལོ་ཀ་བརྒྱད་བརྒྱ་བམ་པོ་གཉིས་པ་བཅས་སོ།།  ཁྱུང་པོ་གཡུ་ཁྲི།བསྟན་པ་སྔ་དར་དང་ཕྱི་དར་བར་གྱི་ཡིག་མཁན་ཆེན་མོ་ཞིག་ཡིན།

ཁོང་གིས་ས་ཞིང་ངམ་དཀྱིལ་འཁོར་འབྲི་ལུགས་ཀྱི་ཐིག་ཚད་འགོད་ཕྱོགས་བཞིན་བོད་ཡིག་དབུ་ཅན་ལ་ཆ་ཚད་གཏན་འབེབས་གནང་སྟེ་བོད་ཡིག་དབུ་ཅན་གྱི་ཡིག་གཟུགས་སྤྱིའི་ཆ་ནས་དེ་ལྟར་གནས།ལྷ་སའི་རྒྱལ་རྩེ་དཔལ་མགོན་ཆོས་སྡེའི་ནང་བཞུགས་པའི་གསེར་བྲིས་བཀའ་འགྱུར་ཐེམ་སྤངས་མ་ནི་ཁྱུང་པོ་གཡུ་ཁྲིའི་ལུགས་ལྟར་བཞེངས་པའི་ཁྱུང་བྲིས་ཀྱི་དཔེ་མཚོན་ཡིན་པ་དང༌།རྒྱལ་དབང་ལྔ་པའི་དུས་སུ་བཞེངས་པའི་དཔལ་འབྲས་སྤུངས་ཀྱི་བཀའ་འགྱུར་གསེར་བྲིས་འཛམ་གླིང་གཡས་བཞག་ཞུ་བ་དེ་ནི་རྒྱལ་རྩེའི་བཀའ་འགྱུར་ཐེམ་སྤངས་མར་དཔེ་བླངས་ནས་བཞེངས་པ་ཁྱུང་བྲིས་ཀྱི་དཔེ་མཚོན་བྱེད་དུ་བྱེད་ཆོག ཁོང་གི་གསུང་རྩོམ་ནི།གསུང་རིན་ཆེན་སྒྲོན་བུ་དང༌།སྨྱུ་གུའི་བསྟན་བཅོས་འཕྲུལ་གྱི་སྒྲོན་མེ་སོགས་ཡོད།ཁོང་གི་བྱས་རྗེས་གཙོ་བོ་ནི་དབུ་ཅན་ཐིག་ལ་དྲངས་ནས་ད་བར་དུ་ཡིག་གཟུགས་ལ་འགྱུར་བ་མ་བྱུང་བ་དེ་ཡིན་ནོ།

ལྡན་མ་རྩེ་མངས།ལྡན་མ་ཚེ་མང་ཡང་ཞུ་ཞིང༌།ཕལ་ཆེར་ཁྲི་སྲོང་ལྡེ་བཙན་གྱི་དུས་ཀྱི་ཡིག་མཁན་ཆེན་མོ་ཞིག་ཡིན་པ་དང༌།ཁོང་གིས་བོད་ཡིག་གི་དབུ་མེད་ལ་བཀས་བཅད་གནང་ནས་ད་ལྟའི་བར་དུ་དར་བའི་དབུ་མེད་དེ་ནི་ལྡན་ལུགས་ཀྱི་བརྒྱུད་པ་དངོས་ཡིན་ནོ། སྡེ་སྲིད་སངས་རྒྱས་རྒྱ་མཚོ།ཁོང་ནི་ལྷ་ས་གྲོང་ཁྱེར་གྱི་བྱང་ཕྱོགས་ཉང་བྲན་གྲོང་སྨད་གཞིས་ཀར་ཡབ་ཨ་སུག་དང་ཡུམ་བུ་ཁྲིད་རྒྱལ་མོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཅིག་པ་སྟེ་སྤྱི་ལོ1653ལོར་འཁྲུངས།རྒྱལ་དབང་ལྔ་པའི་སྐབས་སུ་སྲིད་དབང་འཛིན་མཁན་གྱི་སྡེ་སྲིད་རིམ་བྱོན་གྱི་གྲས་ལས་མཚན་ཐོགས་ལྔ་པ་ཡིན།རྒྱལ་དབང་ལྔ་པ་སོགས་ཀྱི་མདུན་ནས་རིག་གནས་སྤྱི་དང་བྱེ་བྲག་ལ་སྦྱངས་པ་མཐར་ཕྱིན་པར་མཛད།གངས་ཅན་པའི་ཆོས་དང་ཆབ་སྲིད་ལ་བྱས་རྗེས་ཤིན་ཏུ་ཆེན་པོ་འཇོག་མཁན་ཞིག་ཡིན།རབ་བྱུང་བཅུ་གཉིས་པའི་ཤིང་བྱ་སྟེ་སྤྱི་ལོ1705ལོར་སོག་པོ་ལྷ་བཟང་གི་བཙུན་མོས་མགུལ་བྲེགས་ནས་སྲོག་ཐོག་ཏུ་བཏང་བ་ཡིན།གསུང་རྩོམ་ནི།པོད་ཉི་ཤུ་ལྷག་བཞུགས་ཡོད་པ་ལས་ཆེས་གྲགས་ཆེ་ཤོས་ནི།བཻ་དཀར་དང་བཻ་སྔོན།དེའི་ལྷན་ཐབས།ཁོག་འབུགས།བཻ་སེར།གཡའ་སེར།རྣམ་ཐར་ཁ་སྐོང༌།དཔྱོད་ལྡན་ཡིད་གསོས།མིག་ཡིད་རྣ་བའི་དགའ་སྟོན་སོགས་བརྩམས་ཡོད་པ་ཡིན་ནོ།


ཀོག་པོ་བ།ཀོག་པོ་ཞེས་པ་ཁྱིམ་ཚང་གི་མིང་ཡིན་པ་དང༌།དེ་ནི་སྟག་རྩེ་རྫོང་ཐང་དཀར་ཤང་གི་ཁོངས་སུ་ཡོད་ཅིང༌།དགུང་ལོ་གཞོན་དུས་ནས་རྩེ་སྐོར་གྱི་ཞབས་སྡོད་ཞུས་ནས(རྩེ་དྲུང་བྱས)ལས་ཚན་རིམ་བགྲོད་ཀྱིས་དུས་རབས་ཉི་ཤུ་པའི་དུས་འགོར་སྲིད་བློན་ཞོལ་ཁང་པའི་སྣེ་མགྲོན(རིམ་པ་བཞི་པ་མཁན་ཆུང)གནང་བ་དང༌།དེའི་རྗེས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པའི་མགྲོན་གཉེར་ཆེན་མོ་གནང༌།ཡིག་གཟུགས་འབྲི་བ་ལ་ཧ་ཅང་མཁས་པས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པས་རྩེ་ཤོད་དྲུང་རིགས་ནས་ཡིག་གཟུགས་ལེགས་གྲས་རྣམས་ཡིག་གཟུགས་ཡིག་ཚད་བཞེས་སྐབས་ཀོག་པོ་བའི་ཡིག་གཟུགས་ལེགས་ཤོས་སུ་གཟིགས་ཏེ་ཁོང་གི་ཕྱག་བྲིས་ཀ་ཁ་ནས་བཟུང་ཡིག་གཟུགས་ཏེ་ཁོང་གི་ཕྱག་བྲིས་ཀ་ཁ་ནས་བཟུང་ཡིག་གཟུགས་ཆེ་ཆུང་ཚང་མ་ཤིང་དཔར་གསར་བརྐོས་ཀྱིས་རྩེ་སློབ་གྲྭའི་ཡིག་གཟུགས་ཀྱི་མ་དཔེར་གཏན་འཁེལ་གནང་བ་དེས་ཁོང་ནི་སྐབས་དེར་ཡིག་གཟུགས་ཐོག་མཚན་སྙན་ཆེ་བ་ཞིག་བྱུང་འདུག ཁོང་གི་ཕྱག་བྲིས་ཤིང་དཔར་དངོས་དེ་རིག་གནས་གསར་བརྗེའི་སྐབས་འཐོར་ཟིན་ཡང༌།དེའི་རྗེས་དཔར་འདེབས་བྱས་པའི་ཡིག་གཟུགས་འགའ་ཤས་ད་ལྟ་བོད་ལྗོངས་ཡིག་ཚགས་ཁང་དུ་ཡོད་ལ་ཀ་ཁ་སོགས་ལྷ་ས་ཁྲེང་ཀོན་ཆུས་སྲིད་གྲོས་ཀྱིས་པར་སྐྲུན་འགྲེམ་སྤེལ་བྱས་ཡོད་པ་དེ་ཡིན་ནོ།།(རྩོམ་སྒྲིག་པ་བདེ་ཆེན་དབང་མོ།)

ཡོང་ཁུངས། ཁམས་པའི་གསར་འགྱུར་དྲ་བ།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།