WedNovWed2018

སྤེལ་དུས་མཐའ་མ།09:45:57 AM GMT

རྩོམ་གསར།:

བོད་ཀྱི་གཏམ་དཔེ་ཕྱོགས་སྒྲིག

ཆུ་ཆེ་རུང་ཟམ་པའི་འོག་ན་ཡོད་ནི་རེད། ཁ་ཆེ་རུང་སྣ་ཡི་འོག་ན་ཡོད་ནི་རེད།

༡༽ ཁལ་བོང་རྒན་གྱིས་ཆག་དུས་ཡང་ཡོད་ར།  ལམ་བོང་ཕྲུག་གིས་ཤེས་དུས་ཡང་ཡོད།།

༢༽ ཕ་རྒོད་པོ་ཤ་གཟན་ལ་བུ་ཁ་ཏ་སྐྱག་གཟན་སྐྱེ།

༣༽ བོང་སྐྱ་ལེའི་རྒྱུད་ལ་སྨུག་ཆུང་དྲེས་སྐྱེ། བ་གླང་བའི་རྒྱུད་ལ་ཁྱུང་དཀར་མཛོ་སྐྱེ། ཕ་ཝ་ཐུང་རྒྱུད་ལ་དམར་ཡག་སྟག་སྐྱེ།

༤༽ ང་ཙན་དན་སྡོང་བོ་སྐྱེས་ཤུལ་ཞིག་རེད། བྱུ་རུ་དམར་ཆུང་འཐོར་ཤུལ་ཞིག་རེད།

༥༽ བྱ་བརྒྱ་བོས་བྱ་རྒྱལ་ཁྱུང་ལ་བལྟས་ཡོད་ནི་རེད། ཁྱུང་རང་གིས་རང་གི་རྭ་བལྟས་ཡོད་ནི་རེད།

༦༽ ཆུ་ཆེ་རུང་ཟམ་པའི་འོག་ན་ཡོད་ནི་རེད། ཁ་ཆེ་རུང་སྣ་ཡི་འོག་ན་ཡོད་ནི་རེད།

༧༽ གྱོད་ལ་བརྒྱུད་རིམ་གསུམ་ཡོད་ནི་རེད། དེ་དང་པོ་གནམ་ཁའི་འཇའ་འདྲ་ནི་ཡིན།

ཁྱོས་བལྟ་ར་ངས་བལྟ་ཡིན། གཉིས་བ་མ་ནིའི་འཁོར་ལོ་འདྲ་ཞིག་ཡིན།

ཁྱོས་བསྐོར་དང་ངས་བསྐོར་ཟེར།  གསུམ་པ་ཐང་གི་སྐྱག་པ་འདྲ་ཞིག་ཡིན། ཁྱོད་མི་རེག་ང་མི་རེག་ཟེར།

༨༽ གཏམ་བཤད་ན་བརྒྱུད་རིམ་གསུམ་ཡོད་ནི་རེད། དང་པོ་རྒོད་ཐང་དཀར་གི་གནམ་འཕངས་བསྟད་ནི་འདྲ་ཞིག་ཡིན། གཤོག་སྣེ་སྤུ་གྲིས་མི་གཅོད་གི་ཡིད་ཟོན་དགོས་ནི་རེད། གཉིས་བ་གླག་རེག་མོས་ས་སོ་གཏུབ་ཁལ་འདྲ་ཞིག་ཡིན་དགོས། གཤོག་སྣེ་བྲག་ལ་མི་བརྒྱག་གི་ཡིད་ཟོན་དགོས་ནི་རེད། གསུམ་པ་ཕུག་རོན་སྔོན་མོས་རྒུན་འབུ་འཐུས་ཁལ་འདྲ་ཞིག་ཡིན། མིད་ཐག་རྒུན་འབུས་མི་གཅོད་གི་ཡིད་ཟོན་དགོས་ནི་རེད།

༩༽ གཏམ་རང་ཚོད་ཅིག་བཤད་ན་རྣ་སྙན་ནི་རེད། ཟས་ཁམ་ཚོད་ཅིག་ཟས་ན་ཕོ་བ་བདེ།

༡༠༽ སྐད་ཆ་མང་ན་འཆལ་འགྲོ་ནི་རེད།  རྐུད་པ་རིང་ན་ཆད་འགྱོ་ནི་རེད།

༡༡༽ ཕ་བཟང་མ་བཟང་འཚང་ཡིན། རང་བཟང་རུས་པ་གསེར་ཡིན།

༡༢༽ དབྱར་གསུམ་ལྕགས་ཀྱི་ཙྭ་བདག་བྱོས། དགུན་གསུམ་རྫ་མའི་ཝ་བདག་བྱོས།

༡༣༽ སྐྱེས་ཕོ་རབ་ཞིག་ལ་ཚད་ན་སྟོང་རྒྱག་དགོས། སྐྱེས་ཕོ་འབྲིང་ཞིག་ལ་བརྒྱབ་ན་སྟོང་རྒྱག་དགོས།  སྐྱེས་ཐ་མ་ཞིག་བསད་ན་སྟོང་རྒྱག་དགོས།

༡༤༽ ང་བརྒྱབ་ནི་ར་ཚད་ནི་ཚད་ནི་ཐུ། ཟོས་ནི་སྣོག་ནོ་སྣོག་ནི་ཐུ།

༡༥༽ སྐྱེས་ཕོ་རབ་ཞིག་འཐབ་ན་སྙིང་ནད་དྭངས་ནི་རེད། སྐྱེས་ཕོ་འབྲིང་ཞིག་བཤད་ན་སྙིང་ནད་དྭངས་ནི་རེད། སྐྱེས་ཐ་མ་ངུས་ན་སྙིང་ནད་དྭངས་ནི་རེད།

༡༦༽ ཤ་ཚ་དུས་གྲྭ་ཁ་གཅིག  ཀི་འདེབས་དུས་བལ་ཁ་གཉིས།

༡༧༽ རྒྱ་མཚོ་འགྲམ་ནས་བསྐྱུར་ཏེ། གོར་གྱོང་མཆིལ་མས་སྤང༌།

༡༨༽ རྐུན་འཁོར་གསུམ་འོག་ན་སངས་རྒྱས་ཡོད། གཟན་ཤ་འཐབ་འོག་ན་སྤྱང་ཀི་ཡོད།

༡༩༽ བླ་མ་གཅིག་རུང་བྱིན་རླབས་མི་གཅིག སྐྱེས་བུ་གཅིག་རུང་དགྲ་བླ་མི་གཅིག

༢༠༽ མྱི་རྒན་མི་མཁོ་མྱི་རྒན་མཁོ། གྱོད་ལ་ཐུག་དུས་མྱི་རྒན་མཁོ། རྟ་རྒན་མི་མཁོ་རྟ་རྒན་མཁོ། ཇག་ལ་འགྱོ་དུས་ལྷག་ཏུ་མཁོ།

༢༡༽རྩ་བའི་བླ་མ་བརྒྱ་ཡོད་རུང་༌། གཙིགས་ཀྱི་བླ་མ་གཅིག་ཡོད་ནི་རེད།

ཡོང་ཁུངས། རང་གྲོལ་སླུངས་ཚབ་དྲ་བ།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།