WedMayWed2017

སྤེལ་དུས་མཐའ་མ།06:49:09 AM GMT

རྩོམ་གསར།:

ཨ་རབ་སྐྱེས་མའི་སྐྱིད་སྡུག 1

སོའུ་རྡིས་ཨ་རབ་ཡུལ་དུ་བུད་མེད་ཀྱིས་བྱེད་མི་རུང་བ་བདུན།

___«སོའུ་རྡིས་ཨ་རབ་ཡུལ་དུ་བུད་མེད་ཀྱིས་བྱེད་མི་རུང་བ་བདུན།»

«སོའུ་རྡིས་ཨ་རབ་ཉ»Saudi Arab «ཁ་ཆེའི་རྒྱལ་ཁབ་ཅིགཏ ཡུལ་གྱི་ཁྲིམས་སྲོལ་ནི་ཞ་རིས་ཡའི་ ཉ»Sharia «ཁ་ཆེའི་ཆོས་ལུགས་ཁྲོད་ཀྱི་ཁྲིམས་སྲོལ་ཞིགཏ ཁྲིམས་ལུགས་གཞི་ལ་བཞག་པ་ཞིག་ཡིན་པ་དང༌། ཁ་ཆེའི་ཁྲིམས་ལུགས་ནི་ཁ་ཆེའི་གསུང་རབ་ཀོ་རནཉ»Quran) «ནས་བྱུང་བ་རེད། དེར་བརྟེན་གནས་འདིར་བུད་མེད་རྣམས་ལ་མཐོང་ཆུང་ཁྱད་གསོད་བྱེད་པའི་རྒྱུན་སྲོལ་ད་དུང་ལྷག་ཡོད་ཅིང༌། སོའུ་རྡིས་ཁྲིམས་སྲོལ་དག་ཁ་ཆེའི་གསུང་རབ་དང་སྒོ་ཀུན་ནས་བསྟུན་ཡོད་སྟབས། ཁྲིམས་དཔོན་དག་གིས་ཀྱང་ལམ་སྲོལ་རྙིང་བ་ལྟར་དེ་ལ་འགྲེལ་རྗོད་བྱེད་དགོས་པ་རེད། སོའུ་རྡིས་ཨ་རབ་ཡུལ་དུ་སྔོན་ཆད་བུད་མེད་རྣམས་ཀྱིས་འོས་འདེམ་བྱེད་མི་ཆོག་མོད། རྒྱལ་པོ་ཨ་བྷི་རྡོའུ་ལ་ཉ»Abdullah «སོའུ་རྡིས་ཨ་རབ་ཡུལ་གྱི་རྒྱལ་བོ་སྔོན་མཏ ཡིས་འདེམ་དབང་འདྲ་མཉམ་གྱི་ཐོབ་ཐང་སྤྲད་ནས་ལོ་བཞི་ལྷག་གི་རྗེས་ཏེ། ཉེ་བའི་ཆར་སོའུ་རྡིས་ཨ་རབ་ཀྱི་བུད་མེད་རྣམས་ཀྱིས་ལོ་རྒྱུས་རང་བཞིན་ཅན་གྱི་ཐེངས་དང་པོའི་འོས་འདེམ་ཐོ་འགོད་བྱེད་ཆོག་པར་གྱུར་ཡོད། འོས་འདེམ་ལས་གཞན་ཡང༌། སོའུ་རྡིས་ཨ་རབ་ཀྱི་བུད་མེད་རྣམས་ཀྱིས་སྒྲུབ་མི་ཆོག་པའི་དོན་དག་མང་པོ་ཞིག་ལྷག་ཡོད་ཅིང༌། འདི་ག་བརྙན་འཕྲིན་ཁང་གིས་སོའུ་རྡིས་ཨ་རབ་ཡུལ་གྱི་བུད་མེད་ཀྱིས་སྒྲུབ་མི་ཆོག་པའི་དོན་དག་བདུན་ཁྱེད་ལ་ངོ་སྤྲོད་པར་བྱ།»

«༡ བུད་མེད་ཀྱིས་རླངས་འཁོར་སྐོར་མི་ཆོག»

«སོའུ་རྡིས་ཨ་རབ་ཡུལ་ནས་བུད་མེད་ཀྱིས་རླངས་འཁོར་སྐོར་རྒྱུ་གཏན་འགོག་བྱས་ཡོད་པ་རེད། གཞུང་འབྲེལ་བཅའ་ཁྲིམས་ནང་དུ་བུད་མེད་ཀྱིས་རླངས་འཁོར་སྐོར་མི་ཆོག་པའི་ཁྲིམས་ལུགས་གང་ཡང་མེད་མོད། སོའུ་རྡིས་གྲྭ་བ་དག་གིས་བུད་མེད་རླངས་འཁོར་ཁ་ལོ་བ་དག་གིས་སྤྱི་ཚོགས་ཀྱི་རིན་ཐང་ལ་སྣང་ཆུང་བྱེད་ཀྱིན་འདུག་ཅེས་ཁ་རྡུང་བཏང་རྐྱེན། བུད་མེད་ཀྱིས་རླངས་འཁོར་སྐོར་མི་ཆོག་པར་གྱུར་ཡོད།༢༠༡༡ ལོར་ཡུལ་དེའི་བུད་མེད་ཀྱི་ཚོགས་པ་ཞིག་གིས་སྣེ་ཁྲིད་དེ་བུད་མེད་རླངས་འཁོར་ཁ་ལོ་བ་གསོ་སྐྱོང་གི་ལས་དོན་ཐད་དོ་སྣང་བྱས་མོད། དོན་དག་དེ་ལམ་ལྷུང་གང་ཡང་བྱུང་མི་འདུག ལོ་ངོ་བཅུ་ཕྲག་དུ་མར་ངོ་རྒོལ་དང་སྐྱོན་བརྗོད་བྱས་པར་ལྟོས་མེད་ཀྱིས། ༢༠༡༤ ལོར་ཨ་རབ་རྒྱལ་བོའི་སློབ་སྟོན་ལྷན་ཚོགས་ཀྱིས་བསྐྱར་དུ་བཀའ་བཏང་སྟེ། སྲིད་གཞུང་གིས་ལངས་ཕྱོགས་བརྟན་པོ་བཟུང་ནས། བུད་མེད་ཁ་ལོ་བའི་བཀག་རྒྱ་མེད་པར་གཏོང་དགོས་པའི་ཐད་མཛུབ་སྟོན་གནང་ཡོད་པ་རེད།»

«༢ རོགས་ཟླ་མེད་པར་བུད་མེད་ཕྱི་རོལ་དུ་འགྲོ་མི་ཆོག»

«སོའུ་རྡིས་ཡུལ་ནས་བུད་མེད་རྣམས་རང་ཁྱིམ་ནས་ཕྱི་ལོགས་སུ་འགྲོ་བར་ག་དུས་ཡིན་ཡང་སྐྱེས་པ་ལྟ་སྲུང་བ་ཞིག་དགོས་པ་དང༌། སྐྱེས་པ་ལྟ་སྲུང་བ་དེ་དག་ལ་མ་རམ་ཉ»“mahram”«ཁ་ཆེའི་ཆོས་ལུགས་ཁྲོད་ཀྱི་བུད་མེད་ཀྱི་ལྟ་སྲུང་བ་དགཏ ཞེས་འབོད་པ་རེད། མ་རམ་དག་གིས་བུད་མེད་རྣམས་ཕྱི་ལོགས་སུ་འགྲོ་སྐྱོད་སྐབས་ལྟ་སྲུང་བྱེད་དགོས་ཤིང༌། ཁྲིམས་སྲོལ་འདི་ནི། ཉམ་ཆུང་བའི་བུད་མེད་རྣམས་ཀྱི་རང་དབང་འགུལ་སྐྱོད་ལས་བྱུང་བའི་ཉེས་པ་འགོག་ཆེད་དུ་དམིགས་ཏེ་བཟོས་པ་ཞིག་ཡིན་པ་རེད།ཐེངས་ཤིག་སོའུ་རྡིས་ཡུལ་དུ་གཞོན་ནུ་མ་ཞིག་ལ་བཙན་གཡེམ་བྱས་པ་གསར་ལམ་ཁག་ཏུ་ཐོན་པ་རེད། དོན་རྐྱེན་དེ་བྱུང་དུས། གནོད་འཚེ་ཕོག་ཡུལ་གྱི་མཉམ་དུ་ཁོ་མོའི་ལྟ་སྲུང་བ་མེད་པས། ཁྲིམས་ཁང་གིས་ཁོ་མོར་ལྟ་སྲུང་བ་མེད་པར་ཕྱི་ལ་ཕྱིན་པའི་ཉེས་ཆད་བཅད་ཡོད། ཉེ་བའི་ཆར་སོའུ་རྡིས་སྲིད་གཞུང་གིས། བུད་མེད་རྣམས་སྐྱེས་པའི་ལྟ་སྲུང་བ་མེད་པའི་ལྗོངས་རྒྱུ་བྱེད་པར་དམ་དྲག་ཉུང་དུ་གཏང་རྒྱུར་བསམ་གཞིག་བྱེད་ཀྱིན་ཡོད་ཚུལ་ཀྱང་བསྒྲགས་ཡོད་པ་རེད།»

«༣ བུད་མེད་ལུས་རྩལ་གྱི་བྱ་འགུལ་ཁྲོད་ཞུགས་མི་ཆོག»

«སོའུ་རྡིས་ཨ་རབ་ཀྱི་ངོས་ནས་བུད་མེད་རྩེད་འགྲན་པ་མེད་པའི་ཨོ་རྩེད་འགྲན་ཚོགས་ཤིག་ལ་མགྲོན་བདག་བྱེད་རྒྱུར་གྲོས་མགོ་བཏོན་པ་རེད། རྒྱལ་སྤྱིའི་ཨོ་རྩེད་ལྷན་ཚོགས་ཀྱིས་བྷ་རན་ ཉ»Bahrain «ཨ་རབ་ཀྱི་ས་འབྲེལ་རྒྱལ་ཕྲན་ཞིགཏ ཡུལ་དང་མཉམ་དུ་རྩེད་དབང་བདག་རྩོད་བྱེད་པ་དང༌། སྐྱེས་པ་དང་བུད་མེད་ལོགས་གནས་ངང་རྩེད་འགྲན་བྱེད་རྒྱུའི་སོའུ་རྡིས་གྲོས་གཞི་དེ་ལ་ངོས་ལེན་བྱས་མེད། སྤྱི་ཚོགས་འདི་ནི་ཧ་ཅང་རྙིང་ཞེན་ཅན་ཞིག་ཡིན་པ་དང༌། སྐབས་དེ་ནི་བུད་མེད་རྣམས་འགྲན་ཚོགས་སུ་ཞུགས་རྒྱུར་ངོས་ལེན་བྱེད་དཀའ་བའི་དུས་ཚོད་ཅིག་ཀྱང་ཡིན་པ་རེད།ཐེངས་དང་པོར་སོའུ་རྡིས་ཨ་རབ་ཡུལ་ནས་བུད་མེད་རྩལ་འགྲན་རུ་ཁག་ཅིག་ལོན་ཏྲོན་ཨོ་རྩེད་འགྲན་ཚོགས་སུ་མངགས་སྐབས། གྲྭ་བ་ཚོས་བུད་མེད་དེ་ཚོ་སྨད་ཚོང་མ་ལྟ་བུ་རེད་ཅེས་ཡོངས་གྲགས་ཀྱིས་སྐྱོན་བརྗོད་དྲག་པོ་བྱས་ཡོད་པ་རེད། རྩལ་འགྲན་སྐབས་སུའང་ཁོ་མོ་ཚོར་སྐྱེས་པའི་ལྟ་སྲུང་བ་དགོས་པར་མ་ཟད། ཞ་རིས་ཡཉ»Sharia) «དང་བསྟུན་ཏེ་ལུས་རྩལ་སྒྲིག་ཆས་གྱོན་དགོས་ཤིང༌། སྐྲ་ལོ་ཡང་ཡིབ་སྦས་བྱེད་དགོས་པ་ཨ་ཅང་ཅང༌།»

«༤ བུད་མེད་ཀྱིས་གང་འདོད་དུ་སྐྱེས་པ་དང་འབྲེལ་འདྲིས་བྱེད་མི་ཆོག»

«བུད་མེད་ཀྱིས་རང་གི་གཉེན་ཉེ་མིན་པའི་སྐྱེས་པ་དང་མཉམ་དུ་འབྲེལ་འདྲིས་བྱེད་པར་ཚོད་འཛིན་བྱེད་དགོས་པ་རེད། ཁྲིམསས་དང་མི་མཐུན་པའི་ »“«མཉམ་བསྲེས»”«ཀྱི་དབང་གིས་ཉེས་ཆད་ཕོག་གིན་ཡོད་སྟབས། སྨྱན་བྱད་ཁག་གིས་མི་མང་འདུ་འཛོམས་བྱེད་ས་གལ་ཆེན་ཁག་སྟེ་ལས་ཁུངས་དང་དངུལ་ཁང༌། སློབ་གྲྭ་ཆེན་མོ་བཅས་སུ་སྐྱེས་པ་དང་བུད་མེད་འགྲོ་འོང་གི་སྒོ་ལོགས་སུ་དགར་དགོས་པའི་སྐོར་གྱི་བསམ་འཆར་བཏོན་ཡོད་པར་མ་ཟད། སྤྱི་བའི་དངོས་རྫས་དབོར་འདྲེན་བྱེད་ས་དང་རླངས་འཁོར་ས་ཚུགས། མཚོ་འགྲམ། སྐྱོ་སངས་ས་ཁུལ་བཅས་ཏེ་རྒྱལ་ཁབ་ཀྱི་ས་གནས་མང་ཆེ་བ་ཤིག་ལོགས་སུ་བཟོ་དགོས་པའི་སྐོར་གྱི་བསམ་ཚུལ་བཏོན་པ་རེད།»

«༥ བུད་མེད་ལ་ལུས་རྩལ་སྦྱོང་ས་མེད།»

«བུད་མེད་ཀྱིས་ཕྱི་རོལ་ནས་ལུས་རྩལ་སྦྱོང་མི་ཆོག་པའི་ཁྲིམས་ལུགས་ཤིག་མེད་མོད། དེ་ལ་དགག་རྒྱག་བྱེད་པའི་མཁས་པ་དང་གྲྭ་བ་དག་གིས་རྙིང་ཞེན་ཆེ་བའི་སྤྱི་ཚོགས་འདི་ལ་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད་པ་རེད། སློབ་གྲྭ་ཆེ་ཆུང་གང་དུའང་བུད་མེད་རྣམས་ལ་ལུས་རྩལ་སྦྱོང་བརྡར་ལྟེ་གནས་དང་ལུས་རྩལ་རུ་ཁག་གང་ཡང་མེད་པ་རེད། དེ་ལྟ་མོད། ཆོས་ལུགས་དོ་དམ་མི་སྣས་བཀག་སྡོམ་མ་བྱས་བར་དུ་སྒེར་ངོས་ནས་བདག་གཉེར་བྱེད་ཀྱིན་པའི་བུད་མེད་ཀྱི་ལུས་རྩལ་ར་བ་འགའ་ཞིག་ཡོད་པ་རེད།ཡང་སོའུ་རྡིས་ཡུལ་གྱི་གྲྭ་བ་འགས་ལས་འགུལ་སྤེལ་ཏེ། བུད་མེད་ཀྱི་ལུས་སྦྱོང་དང་ལུས་རྩལ་ར་བ་བཅས་ནི་མོ་གསར་གྱི་ལང་ཚོ་བརླག་པའི་རྒྱུ་དང་རྐྱེན་ཉག་ཅིག་ཡིན་ལུགས་བསྒྲགས་ཡོད་པ་དང༌། སོའུ་རྡིས་ཨ་རབ་ཀྱིས་རྒྱལ་སྤྱིའི་ཨོ་རྩེད་འགྲན་ཚོགས་ཀྱི་ཚོགས་ཁོངས་སུ་བུད་མེད་ཀྱི་སྐུ་ཚབ་གཏོང་རྒྱུར་ཡང་བཀག་འགོག་བྱེད་ཀྱིན་ཡོད་པ་རེད།»

«༦ བུད་མེད་ཀྱིས་ལས་ཀ་བྱེད་མི་རུང༌།»

«སོལ་རྡིས་ཡུལ་ནས། བུད་མེད་ཀྱིས་སྐྱེས་པས་སྒྲུབ་ཐུབ་པའི་ལས་ཀ་མང་དག་ཅིག་ལས་མི་རུང༌། བུད་མེད་མང་ཆེ་བ་ཤེས་ཡོན་གྱི་སྡེ་ཚན་དང་སྨན་ཞབས་པའི་ལས་གནས་སུ་ཡོད། ཏག་ཏག ཉེ་བའི་དུས་ནས་བཟུང་བུད་མེད་ཚོས་མཛོད་གཉེར་ཁང་གི་དོ་དམ་པ་བྱེད་པའམ། མཛོད་གཉེར་སྡེ་ཚན་འགའ་རུ་ལས་ཀ་བྱེད་མགོ་བརྩམས་ཡོད་མོད། ཁྲོམ་ས་ཆེ་ཁག་ཏུའང་བུད་མེད་ཚོས་ཁ་ངོ་གདོང་རས་ཀྱིས་གཡོག་དགོས་ཤིང༌། སྙན་གྲགས་ཆེ་བའི་ཚོང་ལས་བྱེད་ས་དག་སྟེ། བུད་མེད་ཀྱི་ནང་གོས་ཆེད་ཚོང་ཁང་ལྟ་བུར་ཡང་བུད་མེད་མཐོང་རྒྱུ་མེད་པར། སྐྱེས་པ་ལས་བྱེད་པ་ཁོ་ནས་ཁེངས་བསྡད་ཡོད་དོ།»

«༧ བུད་མེད་ཀྱིས་དགའ་རོགས་དུས་ཆེན་ཉིན་མོར་ཁ་དོག་དམར་པོ་ཅན་ཞིག་བཙོང་མི་ཆོག་ལ་གྱོན་ཡང་མི་རུང༌།»

«དགའ་རོགས་དུས་ཆེན་གྱི་ཉིན་མོར། མེ་ཏོག་ཚོང་ཁང་དང་ལེགས་སྐྱེས་ཚོང་ཁང་དུ་རྒྱ་སེ་དམར་པོ་དང་སྙིང་དབྱིབས་ཅན་གྱི་དངོས་པོ་བཙོང་རྒྱུར་བཀག་སྡོམ་བྱེད་པ་རེད། སློབ་གྲྭའི་བུ་མོ་དང་སྐྱེས་མ་ཚང་མས་མདོག་དམར་པོ་ཅན་གྱི་ལྭ་བ་གྱོན་པར་གཏན་འགོག་བྱས་ཡོད་ལ། ཐ་ན་སྐེ་དཀྲིས་དམར་པོ་ཞིག་ཀྱང་གོན་མི་ཆོག སློབ་གྲྭའི་བུ་མོ་སུ་ཞིག་ལ་ཁ་དོག་དམར་པོ་ཅན་གྱི་ »“«བརྡ»”«འབྱོར་ན། རྐྱེན་དེ་ཡིས་སློབ་གྲྭར་འཛུལ་ཞུགས་བྱེད་རྒྱུ་བཀག་འགོག་དང༌། སློབ་གྲྭ་བརྗེ་སྤོར་ཆེད་ཁྱིམ་ལ་གཏོང་བ་སོགས་ཅི་ལས་གང་དྲག་བྱེད་པ་རེད། སྤྱིར་བཏང་ཁ་དོག་དམར་པོ་བཀག་སྡོམ་བྱེད་དོན་ནི། ཁ་དོག་དམར་བོ་དེ་ཨེས་སི་ལེམ་ ཉ»Islam ) «དང་འབྲེལ་བ་མེད་པའི་ »“«རྟགས་མཚན»”«ཞིག་ཡིན་པའི་རྐྱེན་གྱིས་རེད། མ་ཟད་དེ་ནི་ཕྱི་ཡུལ་དང་གཉེན་སྒྲིག་གི་འབྲེལ་བ་བྱུང་བར་སྔོན་འགོག་བྱེད་ཆེད་ཀྱང་ཡིན་པ་རེད།»

«མཆན།»
1 «ཁ་བྱང་སྒྱུར་བ་པོས་བཏགས།»
2 «མ་རྩོམ་ལ་དྲ་བྱང་འདི་ནས་གཟིགས་ཐུབ།»

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།